ཁྲི་ཀ་རྫོང་སློབ་གསོའི་སྡེ་ཁག་གི་སྟོན་ཁའི་ལུས་རྩལ་འགྲན་ཚོགས་སྤེལ་བ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-14 09:23:00 ཀློག་གྲངས།:

ཁྲི་ཀ་རྫོང་སློབ་གསོའི་སྡེ་ཁག་གི་སྟོན་ཁའི་ལུས་རྩལ་འགྲན་ཚོགས།
སྤུས་ལེགས་པའི་ལྒང་རྩེད་ར་བ་ནས་སོ་སོའི་འཇོན་ནུས་ངོམ་པ།

        “ཉི་འོད་འོག་གི་འཚར་ལོངས”ཞེས་པའི་ཁྲི་ཀ་རྫོང་སློབ་གསོའི་སྡེ་ཁག་གི་སྟོན་ཁའི་ལུས་རྩལ་འགྲན་བསྡུར་གྱི་རིམ་པ་གཉིས་པ་དེ་ཟླ10བའི་ཚེས8ནས་ཚེས11བར་ཁྲི་ཀའི་རྨ་ནུབ་བཅའ་སྡོད་སློབ་གྲྭ་རུ་བསྟུད་མར་ཉིན་བཞི་ལ་སྤེལ།


ངར་ཤུགས་གཅིག་ཏུ་སྒྲིམ་པའི་སློབ་མའི་འཐག་འཐེན་རུ་ཁག

        ཐེངས་འདིའི་འགྲན་བསྡུར་གྱི་དམིགས་ཡུལ་ནི་དུས་རབས་གསར་བའི་ཆུང་འབྲིང་སློབ་མའི་ཕྱོགས་ཡོངས་ཀྱི་སྤུས་ཚད་ལ་གདེང་འཇོག་དང་མཛའ་མཐུན་སློབ་གྲྭ་སོ་སོའི་དགེ་སློབ་བར་བསམ་བློ་བརྗེ་རེས་དང་ཉམས་མྱོང་བསྡུ་ལེན་གྱི་གོ་སྐབས་བཟང་ཤོས་ཤིག་ཀྱང་ཡིན་པ་རེད། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་ལྒང་ལི་འགྲན་བསྡུར་དང་ཐག་འཐེན། ཐུང་རྒྱུག ཕིང་ཕིང་སྤོ་ལོའི་འགྲན་བསྡུར་སོགས་རྣམ་གྲངས་བརྒྱད་འདུས་ཤིང་། ཁྲི་ཀ་རྫོང་གི་ཆུང་འབྲིང་སློབ་གྲྭ་བརྒྱད་ཀྱི་ཐུན་མོང་རུ་ཁག་དང་དགེ་སློབ་མི་སྒེར་ཉིས་བརྒྱ་ལྷག་འགྲན་སྡུར་ལ་ཞུགས་ཡོད།


མཐར་མཇུག་གི་རྒྱལ་ཁར་སྙེག་པའི་མཐུད་རྒྱུག་འགྲན་སྡུར་གྱི་ཟུར་ཞིག

        སློབ་གྲྭ་སོ་སོས་སློབ་སྐབས་འདི་མགོ་བརྩམས་པ་ནས་བཟུང་རང་རང་ས་རུ་ལུས་རྩལ་གྱི་རྣམ་གྲངས་ཐ་དད་འཆར་གཞི་ལེགས་སྒྲིག་དང་དུས་ཚོད་དམ་འཛིན་སྒོས་ནངས་སྔ་དགོང་འཕྱིའི་ངང་སྦྱོང་བརྡར་ལེགས་པོ་བྱས་ཏེ་རེབ་འདིའི་འགྲན་སྡུར་ལ་འབྲས་བུ་ཡག་པོ་ཞིག་ལོན་པར་བརྩོན་པ་བསྐྱེད། སློབ་གྲྭ་སོ་སོས་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་མཆོད་ཚིག་གཙིག་ཏུ་བཀུར་ནས་འགྲན་བསྡུར་གྱི་མགོ་མཇུག་བར་གསུམ་ཀུན་ལ་ཐུན་མོང་གི་སྤྱི་སེམས་དང་ལ་རྒྱ། ཁོག་དཔུང་བཅས་སེམས་སུ་བཅངས་ནས་འགྲན་སྡུར་གྱི་གོ་རིམ་ཁྲོད་དུ་ཕན་ཚུན་ལ་སྐུལ་ སློང་གི་འབོད་སྐད་བསྒྲགས་ཤིང་ཕན་ཚུན་ལ་སྙིང་སྟོབས་སྩོལ་པའི་ངར་ཤུགས་བསླངས། སྐད་ཅིག་མའི་དུས་ཚོད་ཀྱི་སྔ་གཞུག་དང་ཨང་གྲངས་བརྩེགས་པའི་ཐོབ་འབྲས་ཀྱི་ཛ་དྲག་འགྲན་རྩོད་བརྒྱུད་མཇུག་མཐར་ཐུན་མོང་འགྲན་བསྡུར་ལས་དགེ་རྒན་ཚོ་ཆུང་གི་སྐྱེས་པའི་ལྒང་ལི་འགྲན་བསྡུར་དང་ཐག་འཐེན། སྐྱེས་མའི་ལྒང་ལི་འགྲན་བསྡུར། སློབ་མའི་སྐྱེས་པའི་ཐག་འཐེན་དང་སྐྱེས་མའི་ཐག་འཐེན། སློབ་མའི་རྨིད400ཡི་མཐུད་རྒྱུག་བཅས་ལ་ཨང་དང་པོའི་བྱ་དགའི་རྟགས་མ་བླངས་ཤིང་། མི་སྒེར་གྱི་ལུས་རྩལ་རྣམ་གྲངས་བརྒྱད་ལ་ཡང་ཨང་དང་པོའི་འབུར་ཐོན་གྱི་བྱ་དགའི་ གྲུབ་འབྲས་བླངས།
 


རེབ་འདིའི་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་བླངས་པའི་དགེ་རྒན་རུ་ཁག་གི་སྐྱེས་པ་སྐྱེས་མའི་ཚོགས

        འགྲན་བསྡུར་འདི་དག་བརྒྱུད་དགེ་སློབ་ཀུན་གྱི་བརྩོན་པའི་སྤོབས་པར་འགྱུར་མེད་ཀྱི་གོ་ཆ་བགོས་ཤིང་འབྱུང་འགྱུར་འོད་དུ་སྒྲོན་པའི་རེ་བས་ཁེངས་པར་བྱས། མ་ཟད་སློབ་གྲྭ་སོ་སོའི་སློབ་གསོའི་བྱ་བར་སྔ་ན་མེད་པའི་མདུན་སྐྱོད་ཀྱི་སྒུལ་ཤུགས་དང་གོང་བུ་གཅིག་གྱུར་གྱི་ཐུན་མོང་ཚོགས་སྤྱིའི་འདུ་ཤེས་ཀྱང་མངོན་གསལ་སྒོས་ཇེ་བརྟན་དུ་སོང་ཡོད་པ་མཚོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།