སྐབས་ཉེར་དགུ་བའི་དགེ་རྒན་དུས་ཆེན་བསུ་བ་དང་སློབ་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་མཛད་སྒོ།
གསལ་དག་སྙན་གསུམ་གྱི་ལམ་ནས་སྤྲོ་ཚོགས་ལ་མདོ་འཛིན་བྱེད་པ།
སྟོན་མཇུག་ལོ་ལེགས་ཀྱི་སྙེ་མ་གར་དུ་རྩེན་པའི་དགེ་ལེགས་དཔལ་བཟང་གི་ཉིན་མོ་སྟེ། ཟླ9བའི་ཚེས10ཉིན། སྐབས་ཉེར་དགུར་སླེབས་པའི་རླབས་ཆེན་དགེ་རྒན་དུས་ཆེན་དེ་ཡུལ་གྲུ་སོ་སོའི་སློབ་རའི་གླིང་གར་བརྩེ་བ་སེམས་དང་དགའ་བ་གླུ་གར་གྱིས་མཆོད་དེ་རྟེན་འབྲེལ་གྱི་ཁ་གཡང་ཕྱོགས་སུ་བསྒྲོན་སོང་།
དེར་བསྟུན་སྒོས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཀྱང་བཀྲ་ཤིས་ཉིན་བཟང་དེ་བསུ་ཆེད། དགེ་སློབ་ཀུན་གྱིས་མཛེས་འཕྱོར་གྱི་གོས་ལྭ་མནབས་ཤིང་ཟོལ་མེད་ཀྱི་འཛུམ་བརྒྱ་བསྣམས་ཏེ། སློབ་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་དང་དགེ་རྒན་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་གཉིས་དུས་གཅིག་ཏུ་སློབ་གྲྭའི་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་སྤེལ།
སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
ཉིན་དེའི་ཚོགས་ཐོག་ཏུ། ལོ་ངོ་དུ་མར་སློབ་གསོའི་ལས་རྐང་སྟེང་དགེ་རྒན་ཟུར་པ་རྣམས་ཀྱང་ཆེད་དུ་སློབ་གྲྭས་གདན་འདྲེན་བྱས་ནས་སླེབས་ཡོད་ཅིང་། གཞན་ད་ལོའི་འབྲིང་རྒྱུགས་ཁྲོད་གཡུར་ཟའི་འབྲས་བུ་བླངས་པའི་སློབ་གྲོགས་རྣམས་དང་དེ་ཚོའི་ཁྱིམ་བདག་དག་ཀྱང་གདན་འདྲེན་བྱས་ཡོད།
ལྗིད་ཏིག་ཏིག་གི་རྔུལ་ཆུའི་ཡོང་འབབ།
རེབ་འདིའི་བྱ་འགུལ་གྱི་གོ་རིམ་དང་པོར་སློབ་གྲྭའི་སློབ་གཙོ་དང་མགོ་ཁྲིད་རིམ་པ་ཁག་ནས་སློབ་ལོ་གཅིག་གི་བཤུལ་ལམ་ལ་ཕྱིར་གཞིག་སྒོས་བྱ་བར་སྤྱི་སྡོམ་དང་དཀའ་སྡུག་གི་བརྩོན་འགྲུས་ལས་ཁྱད་འཕགས་འབྲས་བུ་བླངས་པར་སྐུལ་ལྕག་དང་བསྟོད་བསྔགས་བྱས། དེར་མཐུད་དེ་སློབ་ལོ་གཅིག་གི་རིང་། སློབ་བུ་སེམས་ཀྱིས་བསྐྱངས་ཤིང་དཀའ་ཚེགས་གདོང་གིས་བསུས་བའི་དགེ་བཟོ་བ220ལྷག་ལ་སློབ་གྲོགས་སྟོང་ཕྲག་གསུམ་གྱི་དགའ་འབོད་ཁྲི་ཕྲག་གི་ཁྲོད་ནས་དུས་ཆེན་བསུ་བའི་ལེགས་སྐྱེས་གྱ་ནོམ་པ་ཕུལ་བ་དང་། མ་ཟད་ཁུལ་རིམ་པ་དང་རྫོང་རིམ་པ། སློབ་གྲྭའི་ནང་ཁུལ་བཅས་ནས་གཟེངས་བསྟོད་བྱ་དགའ་ཐོབ་པའི་བྱས་འབྲས་འཕགས་ཤོས་ཅན་གྱི་དགེ་བཟོ་བ་སྐོར་ཞིག་ལ་སྙན་པའི་རོལ་དབྱངས་དང་མེ་ཏོག་གི་ཆར་བའི་ཁྲོད་ནས་རྟིང་སྐུལ་གྱི་ལེགས་སྐྱེས་ཕུལ་བ་རེད།
ཕྱིས་སུ་སློབ་གྲྭའི་ལོ་རིམ་སོ་སོའི་དགེ་རྒན་དང་སློབ་གྲོགས་རྣམས་ཀྱིས་རང་རང་གི་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་མིག་དབང་འཕྲོག་པའི་བྲོ་གར་དང་སྙན་དབང་གསོ་བའི་གླུ་གཞས་འབུལ་ཏེ་དུས་ཆེན་གྱི་དགའ་སྟོན་ལ་རྟེན་འབྲེལ་ཞུས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com