རྒྱལ་ཡོངས་གྲངས་ཉུང་མི་རིགས་སློབ་ཆེན་པའི་དབྱར་གནང་དངོས་སྦྱོང་འཆར་གཞི་པེ་ཅིང་དུ་སྤེལ་བ།
ཟླ7པའི་ཚེས29ཉིན། གུང་གཞོན་ཚོགས་པ་དང་། ཀྲུང་གོའི་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་སོགས་ལས་ཁུངས་རྣམས་མཉམ་འབྲེལ་སྒོས་སྤེལ་བའི2013ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སློབ་ཆེན་པའི་དབྱར་གནང་དངོས་སྦྱོང་འཆར་ཇུས་ལས་གཞི་དངོས་སུ་མགོ་བརྩམས་པ་མ་ཟད་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་མགོ་རྩོམ་མཛད་སྒོ་བསྡུས་པ་རེད།
གཙོ་སྒྲུབ་ལས་ཁུངས་ནས་བསྟན་དོན། ཐེངས་འདིའི་དངོས་སྦྱོང་བྱ་འགུལ་ནི་དུས་ཡུན་ཟླ་གཅིག་ཡིན་པ་དང་། གཙོ་ཆེར་གྲངས་ཉུང་མི་རིགས་སློབ་ཆེན་སློབ་མས་རྒྱལ་ཁབ་ཀྱི་གནས་བབ་དང་སྤྱི་ཚོགས་ཀྱི་གནས་བབ་རྒྱུས་ལོན་དང་། ལས་ཀའི་འཁོར་བསྐྱོད་ཉམས་སུ་མྱོང་བ། ལས་ཞུགས་ནུས་ཚད་མཐོར་འདེགས་འབྱུང་བར་སྟེགས་བུ་སྐྲུན་པ་པ་ཡིན་ལ། དེར་ལས་སྔོན་གསོ་སྦྱོང་དང་། ལས་ཀའི་དངོས་སྦྱོང་། གཟིགས་ཞིབ་བགྲོ་གླེང་། སྤྱི་བསྡོམས་དང་འབྲེལ་འདྲིས་སོགས་ནང་དོན་དུ་མ་འདུས།
རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ཀྲུང་ནན་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། པེ་ཧྥང་མི་རིགས་སློབ་ཆེན། ཏཱ་ལན་མི་རིགས་སློབ་གླིང་། ཀོང་ཞི་མི་རིགས་སློབ་ཆེན། ནང་སོག་མི་རིགས་སློབ་ཆེན། ཧུའུ་པེ་མི་རིགས་སློབ་གླིང་། ཀོས་ཀྲུག་མི་རིགས་སློབ་ཆེན། སི་ཁྲོན་མི་རིགས་སློབ་གླིང་། ཧུའུ་ཧི་ཧོ་ཐུའུ་མི་རིགས་སློབ་གླིང་། ནུབ་བྱང་མི་རིགས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་གླིང་། ཧི་པེ་མི་རིགས་དགེ་ཐོན་སློབ་གླིང་། ཆེན་ནན་མི་རིགས་དགེ་ཐོན་སློབ་གླིང་སོགས་ས་ཁུལ་སོ་སོའི་གྲངས་ཉུང་མི་རིགས་སློབ་གླིང17གྱིས་གྲངས་ཉུང་མི་རིགས་སློབ་ཆེན་སློབ་མ145བདམས་ཏེ་ཐེངས་འདིའི་བྱ་འགུལ་དུ་ཞུགས་སུ་བཅུག
གཞན་ཡང་། དངོས་སྦྱོང་ལས་གནས་ནི་ཀྲུང་དབྱང་མི་རིགས་རྒྱང་བསྒྲགས་བརྙན་འཕྲིན་ཁང་དང་། ཀྲུང་གོའི་རྒྱལ་སྤྱི་རྒྱང་བསྒྲགས་བརྙན་འཕྲིན་ཁང་། ཀྲུང་གོའི་ན་གཞོན་ཚགས་པར། ཀྲུང་གོའི་ཧྲོང་དུས་དེབ་ཁང་། ཀྲུང་གོའི་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཞབས་ཞུ་ལྟེ་གནས། ཀྲུང་གོའི་ཚན་རིག་ལག་རྩལ་ཁང་། པེ་ཅིང་གནམ་དཔྱད་ཁང་། པེ་ཅིང་ལུའུ་ཞུན་བཤམས་སྟོན་ཁང་། པེ་ཅིང་རང་བྱུང་བཤམས་སྟོན་ཁང་། པེ་ཅིང་དངུལ་ཁང་། ཀྲུང་གོའི་དམངས་འཚོའི་དངུལ་ཁང་སོགས་ཁེ་ལས་ལས་རིགས་ལས་ཁུངས37གྱིས་འདོན་སྤྲོད་བྱེད་པ་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། དངོས་སྦྱོང་འཆར་འགོད་འདི་ནི་ཀྲུང་གོའི་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་ཀྱིས་ཞིབ་ཕྲའི་ལག་བསྟར་བྱས་པ་ཡིན་ཞིང་། 2011ལོར་མགོ་ཚུགས་པ་ནས་ད་ལྟའི་བར་སྐབས་གཉིས་ལ་བདེ་བླག་ངང་སྤེལ་བ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com