ཁམས་པའི་བརྙན་འཕྲིན་ཁང་གི་སྐད་གཉིས་འགྲན་བསྡུར་དཀར་མཛེས་བསྐྱར་འགྲན་སྤེལ་བ།
བསྐྱར་འགྲན་ཡུལ་དངོས།
ཉེ་ལམ། ཁམས་པའི་བརྙན་འཕྲིན་ཁང་གི“ཀྲུང་གོའི་ཕུགས་འདུན། མཐོ་སྒང་གི་བདེ་སྐྱིད”ཅེས་པའི2013ལོའི་བོད་རྒྱ་སྐད་གཉིས་འགྲན་བསྡུར་དཀར་མཛེས་འགྲན་ཁུལ་གྱི་བསྐྱར་འགྲན་ལྕགས་ལམ་རྫོང་དུ་སྤེལ་ཞིང་། ཐེངས་འདིའི་བསྐྱར་འགྲན་ནི་ཁམས་པའི་བརྙན་འཕྲིན་ཁང་དང་། དཀར་མཛེས་ཁུལ་ཨུའི་དྲིལ་སྒྲོག་པུའུ། དཀར་མཛེས་ཁུལ་སློབ་གསོ་ཅུའུ་བཅས་ཀྱིས་གཙོ་དང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་འགན་སྒྲུབ་གནང་བ་རེད།
དཀར་མཛེས་བསྐྱར་འགྲན་ཁྲོད་ཨང་དང་པོ་བླངས་པའི་དངོས་གྲུབ་དབང་མོ།
བསྐྱར་འགྲན་གཏམ་བཤད་ལ་ཁག་གསུམ་དུ་དབྱེ་ཡོད་དེ། དང་པོ་ནི“མཐོ་སྒང་ལ་ཕུལ་བའི་ང་ཡི་རྨི་འོད་འཚོལ་སྙེག”ཅེས་པ་དང་། གཉིས་པ་ནི“མིག་དཔེར་ཕུལ་བའི་ང་ཡི་མི་ཚེའི་ལམ་སྟོན”། གསུམ་པ་ནི“མ་འོངས་པར་ཕུལ་བའི་ང་རང་མེས་རྒྱལ་དང་ལྷན་དུ་འདུན་མར་སྙེག་པ”བཅས་ཡིན། དཀར་མཛེས་ཁུལ་གྱི་སློབ་འབྲིང8ནས་ཡོང་བའི་ཐོག་མའི་འགྲན་བསྡུར་དུ་གཟེངས་སུ་ཐོན་པའི་འགྲན་ཞུགས་པ16གིས་བརྗོད་དོན་དམིགས་སུ་བཟུང་སྟེ་གཏམ་བཤད་སྤེལ་བས་འདིར་བཞུགས་ལྷན་རྒྱས་ཀྱི་དགའ་བསུ་ཆེན་མོ་ཐོབ་ཅིང་། ཛ་དྲག་གི་འགྲན་བསྡུར་བརྒྱུད། དཀར་མཛེས་ཁུལ་དར་རྩེ་མདོ་རྫོང་བོད་ཡིག་སློབ་འབྲིང་གི་དངོས་གྲུབ་དབང་མོས་ཨང་དང་པོ་བླངས་པ་དང་། ཁོ་མོ་ན་ནིང་ཡང་ཁམས་པའི་བརྙན་འཕྲིན་ཁང་གི་བོད་རྒྱ་སྐད་གཉིས་འགྲན་བསྡུར་དུ་ཞུགས་ཏེ་བྱ་དགའ་ཨང་གསུམ་པ་བླངས། ཐེངས་འདིའི་བསྐྱར་འགྲན་ཁྲོད་མོས་བཤད་རྒྱུར། སྐད་གཉིས་འགྲན་བསྡུར་འདིས་འགྲན་ཞུགས་པ་སོ་སོར་གྲུབ་འབྲས་མི་དམན་པ་བསྩལ་བས་རང་ཉིད་ལ་མཚོན་ནའང་སྤྲོ་སེམས་རབ་ཏུ་འཁོལ་བར་བྱས་སོང་།
དཔྱད་འཇོག་པ་རྣམ་པ།
2013ལོའི་བོད་རྒྱ་སྐད་གཉིས་འགྲན་བསྡུར་གྱི་ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན་ནི་འགྲན་ཁུལ་སོ་སོ་ནས་སྤེལ་ཟིན་པ་དང་། རྟིང་རྩོད་འགྲན་བསྡུར་ནི་ཟླ9བར་ཁྲིན་ཏུའུ་རུ་སྤེལ་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com