ནུབ་བྱང་མི་རིགས་སློབ་ཆེན་སློབ་ཆེན་པའི་བོད་ཀྱི་རིག་གནས་དུས་ཆེན་སྐབས་གཉིས་པ་མཇུག་སྒྲིལ།
ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་རིག་གནས་དུས་ཆེན་མཇུག་སྒྲིལ་བ་དང
2013ལོའི་མཐར་ཕྱིན་སློབ་མ་སྐྱེལ་བའི་རིག་རྩལ་དགོང་ཚོགས།
ཉེ་སྔོན། ནུབ་བྱང་མི་རིགས་སློབ་གྲྭའི་གུང་གཞོན་ཚོགས་པ་དང་བོད་རིག་པའི་སློབ་གླིང་མཉམ་འབྲེལ་སྒོས་སྒྲུབ་པའི་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་རིག་གནས་དུས་ཆེན་སྐབས་གཉིས་པ་མཇུག་སྒྲིལ་བའི་མཛད་སྒོ་དང་བོད་རིག་པའི་སློབ་གླིང་གི2013ལོའི་མཐར་ཕྱིན་སློབ་མ་སྐྱེལ་བའི་རིག་རྩལ་དགོང་ཚོགས་ཧྲུའུ་ཀྲུང་སློབ་ཁུལ་གྱི་ལུས་རྩལ་ར་བར་སྤེལ་ཞིང་། འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་བྱེད་སྒོར་ཞུགས།
མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། སློབ་གྲྭའི་འགོ་ཁྲིད་ཀྱིས་བོད་ཀྱི་རིག་གནས་དུས་ཆེན་སྐབས་གཉིས་པའི་བྱ་འགུལ་རིགས་སོ་སོའི་ཁྲོད་གཟེངས་ཐོན་གྲུབ་འབྲས་བླངས་པའི་སློབ་མ་དང་། ཀན་སུའུ་ཞིང་ཆེན2013ལོའི་ཞིང་ཆེན་ཡོངས་ཀྱི་སྐོར་བྲོ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་པའི་སློབ་གླིང་གི་བྲོ་གར་རུ་ཁག དེ་མིན2013ལོའི་སློབ་གླིང་གི“མཐུན་སྒྲིལ་བུམ་པའི”ལྒང་ལི་འགྲན་བསྡུར་དུ་ཨང་དང་པོ་བླངས་པའི་སློབ་གླིང་གི་སྐྱེས་པའི་ལྒང་ལི་རུ་ཁག་དང་། 2013ལོའི“སློབ་ཆེན་བུམ་པའི”རྐང་གྲུག་འགྲན་བསྡུར་དུ་ཨང་དང་པོ་བླངས་པའི་སློབ་གླིང་གི་སྐྱེས་པའི་རྐང་གྲུག་རུ་ཁག་གི་སློབ་མ་བཅས་ལ་འབྲེལ་ཡོད་བྱ་དགའ་གནང་སྟེ་བྱེད་སྒོ་ཡོངས་སུ་མཇུག་སྒྲིལ་བ་རེད།
དེར་མཐུད་དེ2013ལོའི་མཐར་ཕྱིན་སློབ་མ་སྐྱེལ་བའི་རིག་རྩལ་དགོང་ཚོགས་མགོ་བརྩམས་ཤིང་། སློབ་མ་སངས་རྒྱས་མཁར་གྱིས《ལྷན་འཛོམས》ཞེས་པའི་གླུ་གཞས་ཕུལ་ཏེ་སྤྲོ་སེམས་རབ་ཏུ་རྒྱས་སུ་བཅུག་ཅིང་། དེ་ནས་འབེ་གར་དང་། སྲང་ལམ་བྲོ་གར། སྒྲ་སྙན་ཞབས་བྲོ། སྙན་ངག་གྱེར་འདོན་སོགས་ལེ་ཚན་འཁྲབ་སྟོན་བྱས་ཏེ་བོད་ཀྱི་རིག་གནས་ཀྱི་ཁྱད་འཕགས་རང་བཞིན་ཡོངས་སུ་ངོམ་ལ། འདི་ལྟ་བུའི་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་གྱི་དགོང་ཚོགས་སྤེལ་ཏེ2013ལོའི་མཐར་ཕྱིན་སློབ་མ་དག་ལ་སློབ་གྲྭའི་འཚོ་བར་ཕྱིར་དྲན་རིང་མོའི་མྱོང་ཚོར་ཞིག་ངང་ངམ་ཤུགས་ཀྱིས་བསྐྱེད་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com