སྟག་ཚའི་དཔེ་མཛོད་ཁང་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-16 10:14:00 ཀློག་གྲངས།:


སྟག་ཚ་དཔེ་མཛོད་ཁང་གི་སྒོ་ཆེན།(ཁྲུན་ཝེ་ཀའོ་ཡིས་པར་བླངས།)
达扎书院
སྟག་ཚ་དཔེ་མཛོད་ཁང་།(ཁྲུན་ཝེ་ཀའོ་ཡིས་པར་བླངས།)

  སྟག་ཚའི་དཔེ་མཛོད་ཁང་ནི་སི་ཁྲོན་གྱི་ནུབ་བྱང་ཕྱོགས་ཀྱི་མཛོད་དགེ་རྫོང་ཁོངས་ཀྱི་སྟག་ཚ་དགོན་པར་ཡོད་ལ། མཛོད་དགེ་ཡུལ་གྱི་མང་ཚོགས་ཀྱིས་བཅུ་ཕྲག་རིག་པའི་གནས་ལ་སྦྱོང་བ་བྱེད་པའི་མཁོ་འདོད་ཚིམས་པར་བྱེད་པ་དང་ཡུལ་གཞན་གྱི་གནས་སྐོར་བ་རྣམས་ཀྱིས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པར་མཐུན་རྐྱེན་བསྐྲུན་ཆེད། ལོ་ངོ5ཡི་རིང་ལ་འཛུགས་སྐྲུན་བྱས་ནས2006ལོར་སྟག་ཚའི་ཆོས་རིག་དཔེ་མཛོད་ཁང་ལེགས་འགྲུབ་བྱུང་བ་རེད།
  སྟག་ཚའི་དཔེ་མཛོད་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3571ཡོད་པ་དང་། བོད་ལུགས་བཟོ་འགོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཐོག་བརྩེགས་གསུམ་གྱིས་གྲུབ་ཡོད་དེ། ཐོག་ཁང་དང་པོ་ནི་དཔེ་མཛོད་ཁང་ཡིན་ལ། དེའི་ནང་དུ་བོད་རྒྱའི་དཔེ་དེབ་དང་ཆོས་ཀྱི་བསྟན་བཅོས་རྩ་ཆེན་སོགས་དེབ་འབུམ་གཅིག་ལྷག་ཉར་ཚགས་བྱས་འདུག  ཐོག་ཁང་གཉིས་པ་ནི་འགྲེམ་སྟོན་ཁང་ཡིན་ལ། དེའི་ནང་དུ་རྒྱུ་སྣ་ཚོགས་ལས་གྲུབ་པའི་ལྷ་སྐུ་དང་ལྡེབས་རིས། ཐང་ག། ཚ་ཚ་སོགས་ཆོས་ཀྱི་ཡོ་བྱད་དང་ལག་བཟོའི་སྒྱུ་རྩལ་ཐོན་རྫས་སོགས་ཉར་འདུག  ཐོག་ཁང་གསུམ་པར་བོད་ཀྱི་རིག་གནས་ཀྱི་དར་སྤེལ་ཐད་མཛད་རྗེས་བླ་མེད་བསྐྲུན་མྱོང་བའི་དགེ་བའི་བཤེས་གཉེན་གྱི་སྐུ་བརྙན་བརྒྱ་ལྷག་བཞེངས་འདུག་པ་རེད།
  སྟག་ཚའི་དཔེ་མཛོད་ཁང་དུ་ཆོས་ལུགས་དང་གྲུབ་མཐའི་རིས་སུ་མ་ཆད་པར་བོད་ཀྱི་རིག་གནས་ཀྱི་སྙིང་བཅུད་དང་ལོ་རྒྱུས་དུས་རིམ་རེ་རེའི་ནང་བྱུང་བའི་བསྟན་བཅོས་གྲགས་ཅན་སོགས་བསྡུ་ཉར་ལེགས་པོ་བྱས་པའི་ཁར། དཔེ་དེབ་དོ་དམ་དང་སློབ་ཁྲིད། ལྟ་ཀློག་བཅས་བྱེད་ཐབས་གང་མང་ལ་བརྟེན་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཞབས་ཞུ་བསྒྲུབས་དང་སྒྲུབ་ཀྱིན་ཡོད་པ་རེད།


ལྟ་ཀློག་ཁང་གི་ཟུར་ཞིག(ཁྲུན་ཝེ་ཀའོ་ཡིས་པར་བླངས།)

ཐོག་ཁང་གཉིས་པའི་འགྲེམ་སྟོན་ཁང་གི་ཟུར་ཞིག(ཁྲུན་ཝེ་ཀའོ་ཡིས་པར་བླངས།)

ཐོག་ཁང་གསུམ་པའི་དགེ་བའི་བཤེས་གཉེན་གྱི་འདུ་ཁང་།(ཁྲུན་ཝེ་ཀའོ་ཡིས་པར་བླངས།)


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།