མཚོ་སྔོན་གྱི་སློབ་ཆེན་པའི་སློབ་རའི་གླུ་གཞས་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-06 11:13:00 ཀློག་གྲངས།:


བྱ་དགའ་ཨང་དང་པོ་ཐོབ་མཁན་སངས་རྒྱས་ཚེ་རིང་།

        ཟླ5བའི་ཚེས3ཉིན། གུང་གཞོན་ཚོགས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྱི2013ལོའི“ང་ཡི་ལང་ཚོ། ང་ཡི་ཀྲུང་གོའི་འདུན་མ”ཞེས་པའི་སློབ་ཆེན་པའི་སློབ་རའི་རིག་གནས་དུས་ཆེན་གྱི་གླུ་བའི་འགྲན་བསྡུར་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ་ཞིང་། མཚོ་སྔོན་གྱི་སློབ་ཆེན་སོ་སོའི་འགྲན་ཞུགས་པ12ཀྱིས་ཆུ་ཚོད2ཀྱི་ཛ་དྲག་འགྲན་རྩོད་བརྒྱུད་ཡུལ་དངོས་ཀྱི་གཟིགས་མོ་བ་རྣམས་ལ་ལང་ཚོའི་ཟིལ་ཤུགས་ངོམ་པ་རེད།


ཆེས་ལེགས་མི་མགུའི་བྱ་དགའ་ཐོབ་མཁན་ནོར་བུ་རྡོ་རྗེ།

        མཐར་ཕུལ་བྱུང་གླུ་བའི་བྱ་དགའ6དང་། ཨང་གསུམ་པ3། ཨང་གཉིས་པ2། ཨང་དང་པོ1བཅས་འདེམ་ཐོན་བྱུང་ལ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་འགྲན་ཞུགས་གླུ་བ་སངས་རྒྱས་ཚེ་རིང་གིས་གཟེངས་སུ་ཐོན་པའི་གྲུབ་འབྲས་ལས་བྱ་དགའ་ཨང་དང་པོ་བླངས་པ་དང་།  ཆེས་ལེགས་མི་མགུའི་བྱ་དགའ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ནོར་བུ་རྡོ་རྗེས་བླངས་པ་རེད།

མཚོ་སྔོན་གྱི་སློབ་ཆེན་པའི་སློབ་རའི་གླུ་གཞས་འགྲན་བསྡུར་སྤེལ་བ།
གླུ་མ་དབྱངས་ཅན་ལྷ་མཛེས་ཀྱིས་གླུ་གཞས་ཕུལ་བ།

        དགོང་ཚོགས་སྟེང་གདན་འདྲེན་ཞུས་པ་ལྟར་བོད་ཀྱི་མིང་གྲགས་གླུ་མ་དབྱངས་ཅན་ལྷ་མཛེས་ཀྱིས་དཔྱད་འདེམ་པའི་འགན་བཞེས་ཤིང་། ཕྱོགས་རིས་མེད་པ་དང་དྲང་བདེན་སྒོས་དཔྱད་འདེམ་བྱས་པ་མ་ཟད། ཡུལ་དངོས་སུ་རྣམ་པ་ཚོར《བདེ་སྐྱིད་ཀྱི་གླུ་དབྱངས》ཞེས་པ་དང་། 《བཀྲ་ཤིས་ཤོག》ཅེས་པའི་གླུ་གཞས་ཀྱང་ཕུལ་ཏེ་འགྲན་བསྡུར་ལ་བག་བྲོ་བའི་ཁ་དབུགས་གསར་བ་ཞིག་སྦྱིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།