ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་གཏམ་གླེང་བྱ་འགུལ་སྤེལ།
རེབ་འདིའི་མདོ་འཛིན་པ་དགེ་རྒན་གནམ་ལྷ་ཚེ་རིང་དང་དགེ་རྒན་ཀྲའོ་ཡུ།
མཚོ་ལྷོ་ཁུལ་གྱི་སློབ་གསོའི་ཇུས་ཆེན་དགོངས་དོན་ཁྱབ་སྤེལ་དང་། སློབ་གྲྭའི་དགེ་རྒན་དག་གི་ཆེད་ལས་ནུས་པ་སྐྱེད་སྲིང་། སློབ་གསོའི་བྱ་འགུལ་དང་ཐབས་ལམ་སོགས་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་བཅས་གཏོང་ཆེད། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ལས་བཀུར་སློབ་གཅེས་དང་། ཁྱོན་ཡོངས་ནས་འཆམ་མཐུན་སློབ་གྲྭ་འཛུགས་བསྐྲུན་བྱེད་ཅེས་པ་བརྗོད་གཞིར་བཟུང་པའི་སློབ་རའི་སྐབས་གསུམ་པའི་གཏམ་བཤད་འགྲན་བསྡུར་དེ་ཟླ4བའི་ཚེས18ཉིན་གྱི་ཕྱི་དྲོར་སློབ་གྲྭའི་སྐས་རིམ་ཚོམས་ཆེན་ནས་སྤེལ། ཕྱི་དྲོའི་དུས་ཚོད་ནང་སློབ་གྲྭའི་དགེ་རྒན200ལྷག་དང་འཛིན་གྲྭ60ལྷག་གི་ཁྲོད་ནས་འཐུས་ཚབ་སློབ་མ3རེ་བཅས་ཚོགས་ཞུགས་པ་དགེ་སློབ800ལྷག་འདུས།
མཛེས་འཕྱོར་གོས་ཀྱིས་བརྒྱན་པའི་ཐེངས་འདིའི་འགྲན་ཞུགས་པ།
ཐེངས་འདིའི་འགྲན་བསྡུར་ལ་སློབ་གྲྭའི་དགེ་རྒན200ལྷག་གི་ཁྲོད་དུ་ལོ་རིམ་ཚན་ཁག་ནས་གཏམ་བཤད་པ་དཔྱད་འདེམ་སྒོས་འགྲན་སྡུར་ལ་ཞུགས་པ་དང་། ཁྱོན་བསྡོམས་བོད་སྐད་ཀྱི་ལམ་ནས་གཏམ་བཤད་པ་དགེ་རྒན7དང་རྒྱ་སྐད་ཀྱི་ལམ་ནས་གཏམ་བཤད་པ་དགེ་རྒན7བཅས་དགེ་རྒན14འགྲན་བསྡུར་ལ་ཞུགས། རེབ་འདིའི་འགྲན་སྡུར་འདྲ་མཉམ་དང་དྲང་བཞག ཡོ་མེད་ཚངས་ཐིག་ཅན་ཞིག་ཏུ་ཡོང་སླད། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དགེ་རྒན་གླིང་ཚ་པད་དབང་དང་དགེ་རྒན་རྟ་མགྲིན་རྒྱལ། དགེ་རྒན་ལྷ་སྡེ་ལྕགས་རྒྱལ་འབུམ་སོགས་དཔྱད་འདེམ་པ་སྐོར་ཞིག་གདན་ཞུ་བྱས། དཔྱད་འདེམས་བྱེད་ཐབས་ལ་གཏམ་བཤད་ཀྱི་ནང་དོན་དང་གཏམ་བཤད་པའི་སྨྲ་བརྗོད། གཟུགས་བྱད་སྣང་བརྙན་དང་དུས་ཡུན་ཚོད་འཛིན་བཅས་ཕྱོགས་བཞི་གཙོ་བོར་བཟུང་ནས་ཨང་རིམ་བགར།
འགྲན་ཞུགས་པ་སོ་སོས་སློབ་ཁྲིད་ཀྱི་བྱ་བའི་ཕན་ཆད་དུ་ཁོམ་གསེང་དུས་ཚོད་བཙལ་ནས་འཁྲབ་བཤད་ཀྱི་བརྗོད་བྱ་དང་ཚིག་གི་སྒྲིག་སྟངས། སྒྲ་གདངས་ཀྱི་མཐོ་དམའ། ཉམས་འདོན་ཚུལ། ཕྱིའི་གོན་པ་སོགས་འགྲན་སྡུར་སྔོན་གྱི་སྟ་གོན་ཕུན་སུམ་ཚོགས་པར་བྱས་ཡོད་པས། འགྲན་སྡུར་བ་རེ་རེ་ཡིས་སྐབས་རེར་ལྷོད་ཤིག་ཤིག་གི་བརྗོད་པ་རིང་དུ་སྤེལ་བས་ཀུན་གྱི་འདུན་པ་ཅིག་ཅར་དུ་བཀུག་ཅིང་། མཚམས་རེར་བརྩེ་སེམས་ཁོལ་མས་གད་རྒྱངས་མཐོ་རུ་བསྒྲགས་པས་མི་སེམས་བཟི་ནས་འགྲན་སྡུར་གྱི་མགོ་མཇུག་བར་གསུམ་ལ་བསྟོད་པའི་ཐལ་མོའི་རྡེབ་སྒྲ་ལྷང་ལྷང་དུ་མཆེད་པ་རེད།
དཔྱད་འདེམས་པ་ནས་རང་གི་མྱོང་ཚོར་ལྷུག་པོར་བརྗོད་པ།
ཐེངས་འདིའི་དགེ་རྒན་ཀུན་གྱི་གཏམ་བཤད་ཀྱི་བརྗོད་སྙིང་གསལ་ཞིང་འགྲེལ་བརྗོད་དག་པ་དང་། བརྒྱུད་རིམ་གསལ་ཞིང་སྒྲུབ་བྱེད་དང་ཁུངས་ལུང་བཙུན་པས་ཀུན་གྱིས་ཁས་འཆེ་བར་བྱེད་ཅིང་། ཡིད་དབང་འགུག་པའི་འགྲན་སྡུར་གྱི་དུས་ཚོད་གཉིས་ཙམ་ཡང་ཇི་ལྟར་འདས་པ་མ་ཚོར། ཐེངས་འདིའི་ཛ་དྲག་གི་འགྲན་སྡུར་ཁྲོད་ནས་བོད་སྐད་ཚན་པ་ལས་དགེ་རྒན་འཇམ་མགོན་སྐྱབས་དང་རྒྱ་སྐད་ཚན་པ་ལས་དགེ་རྒན་ཀྲོའུ་ཧེ་ཆིན་གཉིས་ལ་ཨང་དང་པོའི་བྱ་དགའ་ཐོབ་ཅིང་། དགེ་རྒན་དབང་མོ་རྒྱལ་དང་ལི་ཅོན་ཧྥུན་གཉིས་ལ་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། དགེ་རྒན་རིན་ཆེན་སྐྱིད་དང་ཁྲིན་ཞའོ་དབྱིན། ལྷ་མོ་འཚོ་དང་ནོར་འཛིན་བཞི་ལ་ཨང་གསུམ་པའི་བྱ་དགའ་དང་གཞན་དག་འགྲན་ཞུགས་པ་ཚང་མར་རྟིང་སྐུལ་གྱི་མཚན་སྙན་དཔང་ཡིག་དང་བྱ་དགའ་གནངས་ཏེ་སྐུལ་མ་བྱས།
མཇུག་མཐར། དཔྱད་འཇོག་པ་རེ་རེ་ནས་གཏམ་བཤད་ཐད་དུ་གནད་དུ་འཁེལ་བའི་དཔྱད་བརྗོད་སྤེལ་ཞིང་བྱ་འགུལ་གྱི་ཕྱོགས་ནས་རེ་བ་དང་བསམ་འཆར་ལྷུག་པོར་བརྗོད་དེ་དགེ་སློབ་དག་གི་དགའ་སྤྲོའི་འཛུམ་བག་ཁྲོད་ནས་བདེ་ལེགས་ངང་མཇུག་བསྡུས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com