འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་བྱ་འགུལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-13 11:42:00 ཀློག་གྲངས།:8400


མདོ་འཛིན་པ།

        དེ་ཡང་སློབ་རའི་རིག་གནས་ཕུན་སུམ་ཇེ་ཚོགས་དང་སློབ་མ་རྣམས་ལ་སྔར་ལས་ལྷག་པར་ཕ་མར་དྲིན་གཟོའི་འདུ་ཤེས་བསྐྱེད་པར། ཟླ4བའི་ཚེས9ཉིན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་གུང་གཞོན་ཨུ་ཡོན་དང་སློབ་མའི་ཚོགས་པས་གཙོ་སྒྲུབ་གནང་བའི་སྐབས་དང་པོའི་འབྲི་ཆུའི་རླབས་སྒྲ་ཞེས་པའི་སྙན་ངག་གྱེར་འདོན་འགྲན་བསྡུར་གཟབ་རྒྱས་ངང་ཚོགས་ཤིང་། སློབ་གཙོ་དོན་གྲུབ་སོགས་འབྲེལ་ཡོད་འགོ་ཁྲིད་གཙོ་བྱས་ཏེ་སློབ་གྲྭའི་དགེ་སློབ་སྟོང་ཡས་མས་ཐེངས་འདིའི་བྱ་འགུལ་དུ་ཞུགས་པ་དང་། བཀོད་སྒྲིག་ལེགས་པོའི་འོག་སློབ་མ་ཚོས་རེས་མོས་ཀྱིས་དྲིན་དང་འབྲེལ་བའི་སྙན་ངག་གྱེར་འདོན་བྱས་པ་རེད།


སྙན་ངག་གྱེར་འདོན་བྱེད་བཞིན་པ།

        ཐེངས་འདིའི་འགྲན་བསྡུར་ཁྲོད་གཙོ་ཆེར་དྲིན་གཟོ་བ་བརྗོད་གཞིར་བཟུང་སྟེ་སློབ་མ་རྣམས་ཀྱིས་ཕ་མའི་བྱམས་བརྩེ་ཕྱིར་དྲན་བྱེད་པ་སྟེ། འཚོ་བའི་ཁྲོད་ཕ་མས་དཀའ་ངལ་ཡོད་རྒུ་ཁྱད་དུ་བསད་དེ་རང་གི་ཕྲུ་གུའི་སླད་དུ་གཉིད་ཆག་ཟས་བརྗེད་བྱེད་པའི་རླབས་ཆེ་བའི་བརྩེ་སེམས་དག་ཡིད་ལ་ངེས་ནས་རྗེས་མར་ཡང་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་སོགས་ཕྱོགས་གང་ཅིའི་ཐད་ནས་འབད་པ་གང་ལེགས་ཀྱིས་ཕ་མའི་རེ་བ་སྟོང་ཟད་དུ་མི་བཅོལ་བར་མ་ཟད། སློབ་གྲྭའི་སྡིངས་ཁང་ན་རང་ཉིད་ཀྱི་འོས་འགན་ཅི་ཡིན་པ་ངེས་གསལ་འབྱུང་རྒྱུ་དང་སྔར་ལས་ལྷག་པར་སློབ་སྦྱོང་གི་གྲུབ་འབྲས་ལེགས་པོ་བླངས་ནས་མ་མཐའ་ཡང་ཕ་མའི་དྲིན་ལན་ལོག་འཇལ་མི་བྱེད་པའི་གོ་རྟོགས་འབྱུང་དགོས་པར་དམིགས།


སྙན་ངག་གྱེར་འདོན་གྱི་ཡུལ་དངོས།

        འདི་ལྟ་བུའི་བྱ་འགུལ་སྤེལ་བར་བརྒྱུད་སློབ་མ་རྣམས་ཀྱིས་ས་སྟེང་འདི་ན་འགྲན་ཟླ་བྲལ་བའི་ཕ་མའི་བརྩེ་སེམས་ངང་ངམ་ཤུགས་ཀྱིས་ངེས་པ་དང་བསྟུན། སྔར་ལས་ལྷག་པར་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་པར་དགེ་མཚན་ཆེ་བར་འདོད་ལ། སླད་ཕྱིན་འདི་དང་ཆ་འདྲ་བའི་བྱ་འགུལ་སྤེལ་བར་རྨང་གཞི་ལེགས་པོ་བཏིངས་པ་རེད།

འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་སྙན་ངག་གྱེར་འདོན་འགྲན་བསྡུར།
བྱ་དགའ་ཐོབ་པའི་སློབ་མ་དག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།