རྒྱལ་ཡོངས་སློབ་འབྲིང་གི་རྒྱ་ཡིག་དང་དབྱིན་ཡིག་སྤུས་ཚད་འགྲན་བསྡུར་ལས་གྲུབ་འབྲས་ལེགས་པོ་བླངས།
རྒྱལ་ཡོངས་སློབ་འབྲིང་གི་རྒྱ་ཡིག་དང་དབྱིན་ཡིག་སྤུས་ཚད་འགྲན་བསྡུར་ལས་གྲུབ་འབྲས་ལེགས་པོ་བླངས།
ཉེ་སྔོན། རྒྱལ་ཡོངས་རང་བཞིན་གྱི་སློབ་འབྲིང་སློབ་གྲྭ་སོ་སོའི་རྒྱ་ཡིག་དང་དབྱིན་ཡིག་གི་སྤུས་ཚད་འཇལ་བའི་འགྲན་བསྡུར་ཆེན་པོ་ཞིག་བདེ་ལེགས་ངང་སྤེལ་བ་རེད། གོང་རིམ་དཔྱད་འཇོག་པས་དུས་ཚོད་ངེས་ཅན་ཞིག་བེད་སྤྱད་ནས་དྲང་བདེན་དང་འདྲ་མཉམ། གཟུར་མེད་སྒོས་དཔྱད་བསྡུར་བྱས་པ་བརྒྱུད། 2013ལོའི་ཟླ3པའི་ཚེས5ཉིན། རྒྱལ་ཡོངས་སློབ་འབྲིང་སློབ་མའི་རྒྱ་ཡིག་དང་དབྱིན་ཡིག་གི་སྤུས་ཚད་རྟོག་དཔྱོད་ཀྱི་རྒྱལ་ཁའི་གྲུབ་འབྲས་དེ་བྱེའུ་ཆུང་གི་གླུ་སྐད་དང་བསྡོངས་ནས་ཁྱབ་བསྒྲགས་བྱས་པ་རེད།
སྡོམ་རྩིས་བྱས་པ་ལྟར་ན། རྒྱ་ཡིག་སྤུས་ཚད་དཔྱད་འཇོག་འགྲན་བསྡུར་ལས་ཁྲི་ཀ་རྫོང་གི་སློབ་བུ51ལ་བྱ་དགའ་ཐོབ་ཅིང་། དབྱིན་ཡིག་གི་སྤུས་ཚད་དཔྱད་འཇོག་འགྲན་བསྡུར་ལས་སློབ་བུ42ལ་བྱ་དགའ་ཐོབ་པ་རེད། དེ་དག་ལས་རྒྱ་ཡིག་གི་སྤུས་ཚད་དཔྱད་འཇོག་ཁྲོད་རྨ་ཤར་བཅའ་སྡོད་སློབ་གྲྭའི་སློབ་བུ21དང་། རྨ་སྲིབ་བཅའ་སྡོད་སློབ་གྲྭའི་སློབ་བུ16དང་། རྨ་ནུབ་སློབ་གྲྭའི་སློབ་བུ3མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་བུ1ཁུལ་མཐོ་འབྲིང་གཉིས་པའི་སློབ་བུ9དང་། ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་བུ1བཅས་ཀྱིས་བྱ་དགའ་བླངས་པ་རེད།
དབྱིན་ཡིག་གི་སྤུས་ཚད་དཔྱད་འཇོག་ཁྲོད་དུ་རྨ་སྲིབ་བཅའ་སྡོད་སློབ་གྲྭའི་སློབ་བུ9ཡིས་རྒྱལ་ཁབ་རིམ་པའི་བྱ་དགའ་དང་སློབ་བུ5ཡིས་ཞིང་ཆེན་རིམ་པའི་བྱ་དགའ་བླངས་པ་དང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ6གིས་རྒྱལ་ཁབ་རིམ་པ་དང་སློབ་བུ5ཡིས་ཞིང་ཆེན་རིམ་པའི་བྱ་དགའ་བླངས། རྨ་ཤར་བཅའ་སྡོད་སློབ་གྲྭའི་སློབ་བུ2ལ་རྒྱལ་ཁབ་རིམ་པ་དང་སློབ་བུ5ལ་ཞིང་ཆེན་རིམ་པའི་བྱ་དགའ་དང་། རྨ་ནུབ་བཅའ་སྡོད་སློབ་གྲྭའི་སློབ་བུ1གིས་རྒྱལ་ཁབ་རིམ་པ་དང་སློབ་བུ5ཡིས་ཞིང་ཆེན་རིམ་པའི་བྱ་དགའ་བླངས་པ་རེད།
རྒྱལ་ཡོངས་རིམ་པའི་རྒྱ་ཡིག་དང་དབྱིན་ཡིག་སྤུས་ཚད་རྟོག་དཔྱོད་འགྲན་བསྡུར་གྱི་བྱ་བ་འདིས་བསླབ་ཁག་འདི་དག་གི་ཞིབ་འཇུག་བྱ་བར་སྐུལ་འདེད་བྱས་པ་དང་། དགེ་སློབ་ཀུན་ལ་རང་ཉིད་ཀྱི་ནུས་པ་སྔོག་འདོན་དང་མུ་མཐུད་དུ་འབད་འབུངས་བྱ་བར་སྐུལ་སློང་གི་གོ་སྐབས་བཟང་པོ་ཞིག་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ཡང་དག་ཅིག་ཀྱང་བཅོས་མིན་དུ་བསྩལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com