ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་ཁྲིད་ཉན་དཔྱོད་བྱེད་པའི་བྱ་འགུལ་སྤེལ།
སྨྱན་གཟུགས་ཀྱི་ལམ་ནས་སློབ་ཁྲིད་བྱེད་པའི་དགེ་རྒན་གསར་བ།
ཟླ3པའི་ཚེས9ནས་བཟུང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་གྲྭའི་འཆར་གཞི་ལྟར་དུ། ཉེ་ལམ་གསར་དུ་བསྡུས་པའི་དགེ་རྒན་སྐོར་ཞིག་གི་སློབ་ཁྲིད་ཀྱི་ཁྲིད་སྟངས་དང་ཐབས་ལམ། སློབ་ཁྲིད་ཇུས་འགོད་བྱེད་སྟངས་སོགས་རང་རྒྱུད་ཀྱི་ནུས་འཇོན་ངོམ་པའི་བར་སྟོང་ཡག་པོ་ཞིག་ཁོ་ཚོར་སྤྲད་པ་དང་། ཕྱོགས་གཞན་ཞིག་ནས་སློབ་གྲྭའི་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ། སློབ་མའི་སློབ་ཁྲིད་ལ་ཉན་པའི་སྤྲོ་བ་ཇེ་ཆེར་བསྐྱེད་པ། སློབ་སྦྱོང་ལ་བརྩོན་ཤུགས་ལྡབ་འགྱུར་འདོན་པ་བཅས་ཀྱི་ཡོན་ཏན་གཞིར་བྱས་སློབ་ཁྲིད་ལ་ཉན་དཔྱོད་བྱེད་པའི་བྱ་འགུལ་ཞིག་སློབ་གྲྭའི་སྐས་རིམ་ཚོམས་ཆེན་ནས་སྤེལ་འགོ་བརྩམས།
ལག་ལེན་གཙོ་བོར་བཟུང་ནས་སློབ་ཁྲིད་ཀྱི་ནང་དོན་བདེ་ལེགས་ངང་རྟོགས་པའི་ཐབས་ལམ་སྤྲོ་བག་ཅན།
བྱ་འགུལ་འདི་ཉིད་ཟླ་འདིའི་ནང་གི་དམིགས་སར་བཟུང་སྟེ་དགེ་རྒན་ཀུན་གྱི་ཕྱོགས་ཡོངས་སྤུས་ཚད་ལ་ཤུགས་སྣོན་བྱེད་ཆེད་དང་། དགེ་རྒན་གསར་བའི་སློབ་ཁྲིད་ཀྱི་ཁྲིད་སྟངས་དང་རྣམ་པ། ཐབས་ལམ། ཉམས་མྱོང་། ཇུས་འགོད་སོགས་འཕེལ་རྒྱས་སུ་འགྲོ་བ་ལས་གཞན། དགེ་རྒན་ཕན་ཚུན་བར་ལེགས་སྤེལ་ཉེས་འགོག་གི་སློབ་སྦྱོང་གི་སྟེགས་བུ་ཡག་པོ་ཞིག་བསྐྲུན་ནས་ཁྱོན་ཡོངས་མཐོར་འདེགས་དང་མཉམ་བསྐྱོད་མཉམ་འཕེལ་གྱི་བགྲོད་ལམ་གསར་བར་སྙེག་པ་མཚོན།
དགེ་རྒན་དཔུང་སྡེ་སྐོར་ཞིག་ནས་སློབ་ཁྲིད་རྗེས་ཀྱི་རེ་བ་དང་བསམ་ཚུལ་སྤྱི་སྡོམ་བྱེད་པ།
རེབ་འདིའི་སློབ་ཁྲིད་ཉན་དཔྱོད་བྱ་བ་རྒྱལ་ཁ་དང་བདེ་ལེགས་ངང་ཡག་འགྲུབ་ཡོང་ཆེད་ཉིན་རེའི་སློབ་ཐུན་གཉིས་པ་ནས་བཟུང་དགེ་རྒན་གསུམ་གྱི་སློབ་ཁྲིད་ལ་ཉན་དཔྱོད་བྱེད་པ་དང་། ཕྱི་དྲོའི་སློབ་ཐུན་གཉིས་པ་དང་གསུམ་པར་དགེ་རྒན་ཡོངས་ནས་སློབ་ཁྲིད་རྗེས་ཀྱི་བསམ་འཆར་དང་རེ་བ་མ་གསང་ལྷུག་པོར་བརྗོད་ནས་རྗེས་ཕྱོགས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོ་རུ་གཏོང་བར་མཐུན་རྐྱེན་བཟང་བོ་ཞིག་བསྐྲུན་པ་རེད།
ཉིན་རེའི་ཕྱི་དྲོར། བསླབ་ཁག་སོ་སོའི་དགེ་རྒན་གཅིག་འདུས་ཀྱིས་ཉིན་དེའི་སློབ་ཁྲིད་ལ་དབྱེ་ཞིབ་དང་གདེང་འཇོག གྲོས་འདོན་བཅས་བྱེད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com