ཀན་སུའུ་རུ་ཐང་ག་ནི་སློབ་གྲྭའི་སྒྱུ་རྩལ་ཆེད་ལས་སུ་རྒྱུགས་ལེན་ཆོག་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-23 11:26:00 ཀློག་གྲངས།:

2013ལོར་ཀན་སུའུ་ཞིང་ཆེན་དུ་ཐང་ག་ནི་མཐོ་རིམ་སློབ་གྲྭའི་སྒྱུ་རྩལ་ཆེད་ལས་སུ་གཅིག་གྱུར་རྒྱུགས་ལེན་ཆོག་པར་གཏན་འཁེལ་བྱས།
2013ལོར་ཀན་སུའུ་ཞིང་ཆེན་དུ་ཐང་ག་ནི་མཐོ་རིམ་སློབ་གྲྭའི་སྒྱུ་རྩལ་
ཆེད་ལས་སུ་གཅིག་གྱུར་རྒྱུགས་ལེན་ཆོག་པར་གཏན་འཁེལ་བྱས།

         རྒྱུས་ལོན་བྱུང་བ་ལྟར་ན། ཀན་སུའུ་ཞིང་ཆེན་སློབ་སྡུད་གཞུང་ལས་ཁང་གིས་ཟླ11པའི་ཚེས22ཉིན་བསྐྱར་བཅོས་བྱས་རྗེས་ཀྱི་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭས་མཛེས་རྩལ་རིགས་དང་། རོལ་མོའི་རིགས། འཁྲབ་སྟོན་རིགས་བཅས་སུ་ཆེད་ལས་ཀྱི་སློབ་མ་སྡུད་བའི་རྒྱུགས་ལེན་རྩ་གནད་ཁྱབ་བསྒྲགས་བྱས་ཤིང་།  བོད་ཀྱི་སྒྱུ་རྩལ་དུ་འབྲེལ་ཐབས་མེད་པའི་ཐང་ག་ཡང་མཛེས་རྩལ་ཆེད་ལས་ཀྱི་གཅིག་གྱུར་རྒྱུགས་ལེན་དུ་ཚུད་པ་དང་། རྩ་གནད་གསར་བ་འདི་ནི2013ལོའི་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭས་སྒྱུ་རྩལ་ཆེད་ལས་སྡུད་པའི་གཅིག་གྱུར་རྒྱུགས་ལེན་དུ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
         མཛེས་རྩལ་རིགས་ལས་ཐང་གའི་ཆེད་ལས་གཅིག་གྱུར་རྒྱུགས་ལེན་གྱི་རིག་ཚན་ནི་ཐང་གའི་སྐྱ་ཐིག་དང་།  ཐང་གའི་ཚོན་མདངས།  ཐང་གའི་རྒྱན་རིས་བཅས་ཡིན་ལ། དེ་ལས་ཐང་གའི་སྐྱ་ཐིག་དང་ཐང་གའི་རྒྱན་རིས་གཉིས་ནི་པར་རིས་ཀྱི་རྒྱུགས་གཞིའི་རྣམ་པ་ཡིན་ལ། ཐང་གའི་ཚོན་མདངས་ནི་ངག་ཐོག་རྒྱུགས་གཞིའི་རྣམ་པར་གྲུབ། སྤྱིའི་སྐར་གྲངས་ནི་སྐར300སྟེ། དེ་ལས་ཐང་གའི་སྐྱ་ཐིག་ལ་སྐར100དང་། ཐང་གའི་རྒྱན་རིས་ལ་སྐར100། ཐང་གའི་ཚོན་མདངས་ལ་སྐར100བཅས་ཡིན།
         ཐང་གའི་སྐྱ་ཐིག་གི་རྒྱུགས་ལེན་ནང་དོན་ནི་ལྷ་སྐུ་དང་། སྤྱན་རས་གཟིགས་སྐུ་སོགས་ཡིན་པ་དང་། རྒྱུགས་ལེན་དུས་ཚོད་ནི་སྐར་མ180ཡིན། ཐང་གའི་ཚོན་མདངས་གི་རྒྱུགས་ལེན་ནང་དོན་ནི་ཐང་གའི་རྒྱབ་རིས་དང་། རྒྱན་སྤྲས་དཔེ་རིས་སོགས་ཡིན་ལ། རྒྱུགས་ལེན་དུས་ཚོད་ནི་སྐར་མ180ཡིན། ཐང་གའི་རྒྱན་རིས་ཀྱི་རྒྱུགས་ལེན་ནང་དོན་ནི་བོད་ཀྱི་རི་མོའི་རྒྱན་སྤྲས་མཛེས་རིས་སམ་མཛེས་ལྗོངས་རི་མོ་སོགས་ཡིན། རྒྱུགས་ལེན་དུས་ཚོད་ནི་སྐར་མ30ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།