མཚོ་སྔོན་ཝེ་སི་ཐི་ཟངས་རིགས་ཚད་ཡོད་ཀུང་ཟིས་རྨ་ཆེན་སློབ་གསོ་ལ་ཞལ་འདེབས་ཕུལ་བ།
མཚོ་སྔོན་ཝེ་སི་ཐི་ཟངས་རིགས་ཚད་ཡོད་ཀུང་ཟིས་རྨ་
ཆེན་སློབ་གསོ་ལ་ཞལ་འདེབས་ཕུལ་བ།
ཟླ11པའི་ཚེས13ཉིན། མཚོ་སྔོན་ཝེ་སི་ཐི་ཟངས་ཀྱི་ལས་རིགས་ཀྱིས་རྨ་ཆེན་སློབ་གསོ་ལ་ཞལ་འདེབས་ཕུལ་བའི་མཛད་སྒོ་དེ་མགོ་ལོག་ཁུལ་རྨ་ཆེན་རྫོང་སྲིད་གཞུང་གི་ཉིས་ཐོག་ཚོམས་ཁང་དུ་གཟབ་རྒྱས་ངང་སྤེལ། མཚོ་སྔོན་ཝེ་སི་ཐི་ཟངས་རིགས་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་གཞོན་པ་སོགས་འབྲེལ་ཡོད་འགོ་ཁྲིད་དང་། རྫོང་སློབ་གསོ་ཅུའི་ལས་སྒྲུབ་མི་སྣ་ཡོངས་ཐེངས་འདིའི་མཛད་སྒོར་ཞུགས་ཤིང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོིན་པ་འཇིགས་མེད་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད་གནང་།
རྫོང་དཔོན་གཞོན་པ་འཇིགས་མེད་ཀྱིས་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་བ་དང་གཟེངས་བསྟོད་གནང་ཞིང་། ཝེ་སི་ཐི་ཟངས་རིགས་ཚད་ཡོད་ཀུང་ཟིས་ཐུགས་ཟབ་མོས་རྨ་ཆེན་རྫོང་གི་ལས་རིགས་སོ་སོ་དང་། སྒོས་སུ་སློབ་གསོའི་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། སྒོར་ཁྲི100ཡི་ཞལ་འདེབས་ཕུལ་ཏེ་དགེ་རྒན་ཟབ་སྦྱོང་དང་ཕུལ་བྱུང་དགེ་རྒན་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་གནང་བ་ཡིན་པས། འདི་ལྟ་བུའི་བྱམས་སེམས་དང་སྤྱི་ཕན་ལས་དོན་སྤེལ་བར་བརྒྱུད། རྒྱ་ཆེ་བའི་དགེ་སློབ་དང་མང་ཚོགས་ཡོངས་ལ་ཚོར་འདུ་ཟབ་མོ་བསྐྱེད་པ་མ་ཟད་མ་དཔེ་གཞན་སྟོན་གྱི་ནུས་པ་རྒྱ་ཆེར་ཐོན།
ཝེ་སི་ཐི་ཟངས་རིགས་ཚད་ཡོད་ཀུང་ཟིས་སློབ་རོགས་ཞལ་འདེབས་ཕུལ་པ་འདིས་རྨ་ཆེན་གྱི་སློབ་གསོ་སྔར་ལས་མཐོར་འདེགས་དང་། མུ་མཐུད་དུ་ས་གནས་དང་ཁེ་ལས་གཉིས་ཀྱིས་ལྷན་དུ་སློབ་གསོའི་འཕེལ་རྒྱས་བསྐྱངས་ཏེ་རྫོང་ཡོངས་ཀྱི་མི་རིགས་སློབ་གསོའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཆེན་པོ་ཐེབས་ངེས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com