མཚོ་ལྷོ་ཁུལ་མང་རྫོང་དུ་སྐབས་དང་པོའི་མི་སྒེར་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་སྤེལ་བ།
དགེ་རྒན་རྟ་མགྲིན་ཚེ་བརྟན་དང་ཁོང་གི་བོད་ཡིག་ཡིག་གཟུགས་བརྩམས་ཆོས།
ཉེ་ལམ། མཚོ་ལྷོ་ཁུལ་མང་རྫོང་གིས་སྐབས་དང་པོའི་མི་སྒེར་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་བདེ་བླག་ངང་སྤེལ་ཞིང་། ཐེངས་འདིར་འགྲེམ་སྟོན་བྱས་པའི་བརྩམས་ཆོས་ནི་མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྟ་མགྲིན་གྱིས་དུས་ཡུན་ལོ་གཉིས་ཀྱི་གྲ་སྒྲིག་བརྒྱུད། མེས་རྒྱལ་ལ་དགའ་ཞེན་དང་། ཕ་ཡུལ་ལ་དུངས་བ། མང་རྫོང་འཛུགས་སྐྲུན་བཅས་བརྗོད་བྱ་བྱས་ཏེ་ཡིག་གཟུགས་སྣ7སྤྱད་དེ་བསྡོམས་པས་བོད་ཡིག་ཡིག་གཟུགས་བརྩམས་ཆོས50ལྷག་འགྲེམ་སྟོན་བྱས། དེའི་ཁྲོད་བརྩམས་ཆོས་ཤིག་གི་རིང་ཚད་ལ་སྨི11ཡོད་པ་རེད།
དགེ་རྒན་རྟ་མགྲིན་ཚེ་བརྟན་གྱི་བོད་ཡིག་ཡིག་གཟུགས།
བརྩམས་ཆོས་འདི་དག་ནི་བོད་ཡིག་ཡིག་གཟུགས་ཀྱི་ལམ་ནས་དུས་ཡུན་རིང་ཞིང་སྒྱུ་རྩལ་གྱི་ཆ་དོད་པོ་ལྡན་པའི་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་མངོན་པར་བཏོད་ཡོད།
དགེ་རྒན་རྟ་མགྲིན་ཚེ་བརྟན་གྱི་བོད་ཡིག་ཡིག་གཟུགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com