རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས་སློབ་རའི་གྱེར་འདོན་བྱ་འགུལ་སྤེལ་བ།
སྨྲ་ལྕེ་རྣོ་བའི་མདོ་འཛིན་པའི་སེམས་རླབས་འདི་ལ་འཕྱུར།
ཐུན་མིན་གྱི་བོད་ལུགས་གྱོན་གོས་སྤྲས་པའི་གྱེར་འདོན་པ་ཁྲག་སྙུག
སེམས་པའི་མངའ་ཐང་ལག་པས་སྔོག་གིན་པའི་སློབ་གྲོགས་ཡེ་ཤེས་སྒྲོལ་མ།
ཟིལ་ཤུགས་ཀྱིས་འཕྱོ་བའི་རླབས་ཞེས་པའི་སྙན་ངག་གྱེར་འདོན་གྱི་བྱ་འགུལ་འདི་ནི་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་ལོ་རིམ་རང་བཞིན་གྱིས་ལོ་རེ་བཞིན་སྤེལ་གྱིན་པའི་སློབ་རའི་བྱ་འགུལ་ཞིག་ཡིན་ཞིང་། འདིར་རང་རྩོམ་རང་གིས་གྱེར་བའི་ཐུན་མིན་གྱི་ཁྱད་ཆོས་མངའ་ཞིང་རང་ཉིད་ཀྱི་རྩོམ་འབྲིའི་ནུས་པ་དང་དགའ་མོས་ལ་འཇུས་ཆོག་པའི་རང་དབང་གི་བར་སྟོང་ཞིག་ཀྱང་ཞོར་ལ་མངོན་ཡོད།
ན་ཟུག་གིས་ཐང་ལ་འགྱེལ་བའི་གྱེར་འདོན་པའི་ཉམས་འགྱུར་ངོ་མ།
སེམས་ཀྱི་གད་རྒྱངས་གངས་ཀྱི་མཐོ་སར་བསྒྲགས།
ཚོར་བས་ཕྱུག་པའི་སྙན་ངག་འདིས་ང་འདི་ལྟར་བཟི་འགྲོ།
བྱ་འགུལ་འདི་ལོ་རིམ་ཞིག་གི་སློབ་གྲོགས་ཚོའི་སློབ་སྦྱོང་གི་མཁའ་དབུགས་དང་སེམས་ཀྱི་སྤོབས་པ། སྙིང་སྟོབས་སོགས་ལ་སྐུལ་བའི་ལྕག་ཚན་ཞིག་གི་དོད་ཡིན། ད་ལོ་ནི་སྐབས་གསུམ་པ་ཡིན་ལ་ཐེངས་འདིར་བྱ་འགུལ་གྱི་ཁྱབ་ཁོངས་ཅུང་ཇེ་ཆེར་བཏང་སྟེ། ལོ་རིམ་གཉིས་ཀྱི་སློབ་གྲོགས་ཉེར་གཅིག་འགྲན་བསྡུར་ལ་ཞུགས་པ་ཡིན། འགྲན་བསྡུར་འདིར་རྨ་ཆུ་རྫོང་བོད་རིགས་སློབ་གྲྭའི་རྩོམ་རིག་སྒྱུ་རྩལ་ལ་བློ་མོས་ཆེ་བའི་རྒན་མགོན་པོ་བསྟན་འཛིན་དང་རླབས་སྒྲ་རྩོམ་སྒྲིག་ཁང་གི་དགེ་རྒན་འཇམ་དབྱངས་བློ་གྲོས། གླུ་དབྱངས་སྒྱུ་རྩལ་ཐད་གྲུབ་འབྲས་ཧ་ཅང་ཆེ་བའི་དགེ་རྒན་འཕགས་པ་ཚེ་རིང་སོགས་དཔྱད་འདེམ་པའི་དྲང་བདེན་གྱི་བློ་མིག་དང་སྒྱུ་རྩལ་གྱི་ཁ་ཕྱོགས་གཞིར་བཟུང་སྟེ་དཔྱད་འབྲས་ལེགས་པོར་ཕྱེས་སོང་།
ང་མི་ཡུལ་འདིར་ཨ་ཐང་ཆད་འགྲོ།
མདོ་འཛིན་པ་བསོད་ནམས་སྒྲོལ་མས་འདི་ལྟར་བཤད་ཀྱིན་འདུག
བྱ་དགའ་ཨང་དང་པོ་ཐོབ་པའི་སློབ་གྲོགས་ཀུན་ལྡན་འཚོ།
མཇུག་མཐར་མཐོ་གཅིག་གསུམ་པའི་སློབ་གྲོགས་ཀུན་ལྡན་འཚོ་ལ་བྱ་དགའ་ཨང་དང་པོ་དང་། མཐོ་གཉིས་དང་པོའི་སློབ་གྲོགས་ཚེ་རིང་ལྷ་མོ་སོགས་སློབ་གྲོགས་གསུམ་ལ་བྱ་དགའ་ཨང་གཉིས་པ། མཐོ་གཉིས་གསུམ་པའི་སློབ་གྲོགས་བློ་བཟང་བཀྲ་ཤིས་སོགས་སློབ་གྲོགས་གསུམ་ལ་བྱ་དགའ་ཨང་གསུམ་པ། མཐོ་གཉིས་དང་པོའི་སློབ་གྲོགས་སྨན་ཕྲུག་སོགས་སློབ་གྲོགས་བཞི་ལ་ཕུལ་བྱུང་བྱ་དགའ་བཅས་གནང་བ་ཡིན།
བྱ་དགའ་ཨང་གཉིས་པ་ཐོབ་པའི་སློབ་གྲོགས་ཚེ་རིང་ལྷ་མོ་སོགས།
བྱ་དགའ་ཨང་གསུམ་པ་ཐོབ་པའི་སློབ་གྲོགས་བཀྲ་ཤིས་དོན་འགྲུབ་སོགས།
འདིས་སློབ་ར་ན་སློབ་དེབ་རྐྱང་རྐྱང་དང་སློབ་ཐུན་ཁོ་ནར་མགོ་འཁོར་བའི་སློབ་གྲོགས་ཡོངས་ལ་སྤྲོ་སྣང་གི་མཁའ་དབུགས་གསར་བ་ཞིག་དང་འགྲན་རྩོད་ཀྱི་མཐོ་རླབས་གསར་བ་ཞིག་ལ་དམིགས་ཤིང་། སློབ་ར་ན་བྱ་འགུལ་གཏན་ནས་མེད་པའི་སྟོང་ཆ་ཞིག་ཀྱང་ཞོར་ལ་བསྐང་བ་ཡིན། ཡོད་ཚད་དུས་རབས་གསར་བར་བསྐྱོད་པའི་དེ་རིང་ང་ཚོས་ཀྱང་ཤ་རུས་པའི་གསེང་ན་ཧ་མེད་རུང་རྩིབས་རུས་ཆ་བོ་མེར་བསྲེས་ནས་ན་ཟུག་གི་ཀི་རྒྱངས་རེ་ཅིས་ཀྱང་བསྒྲགས་དགོས་པ་མ་ཡིན་ནམ།སེམས་ཀྱི་འདུན་པ་ཁོང་ལ་སྦས་པ་དང་ཡིད་ཀྱི་དྲན་པ་རྒྱང་ལ་སྤུར་མི་ཐུབ་པའི་ང་ཚོར་སུ་ཞིག་གིས་ཁས་ལེན་སྟེར་སྲིད། སུ་ཞིག་གིས་སྙིང་རྗེ་སྒོམ་སྲིད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com