ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐབས་ཉི་ཤུ་བའི་སློབ་རའི་གླུ་བ་བཅུ་འདེམས་པའི་བྱ་འགུལ།
མདོ་འཛིན་བྱེད་བཞིན་པའི་ཚུལ།
ཟླ5བའི་ཚེས5ཉིན། སློབ་སྦྱོང་གི་ཁོར་ཡུག་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་ཉི་ཤུ་བའི་སློབ་རའི་གླུ་བ་བཅུ་འདེམས་པའི་མཛད་སྒོ་དངོས་སུ་སྤེལ་བ་རེད། ཐོག་མར་འགྲན་བསྡུར་གྱི་རྣམ་པ་ནི་མི་སུམ་རྒྱ་ཡས་མས་གྱི་གྲས་སུ་མི80དང་། དེའི་ནང་ནས་མི30། དེ་ནས་མི30ལས་སློབ་གླིང་ཕྱོགས་གཉིས་ཀ་ནས་མི10རེ་བདམས་ཐོན་བྱུང་རྗེས། ད་གཟོད་སློབ་རའི་གླུ་བ་བཅུ་ཞེས་པའི་དཔང་རྟགས་དང་མཚན་སྙན་གནང་རྒྱུ་རེད།
བོད་རིགས་སློབ་གྲོགས་འགའ་ཞིག་འགྲན་བསྡུར་ལ་ཞུགས་པའི་ཚུལ།
འདི་འདྲའི་ཀྱག་ཀྱོག་གི་བརྒྱུད་རིམ་ཁྲོད་ནས་གླུ་གཞས་ལ་དགའ་མཁན་དག་གིས་རང་གི་བརྩོན་པ་ཧུར་བསྐྱེད་ཀྱིས་གླུ་གཞས་འདི་རྒྱུད་འཛིན་དར་སྤེལ་བྱེད་དང་བྱེད་བཞིན་འདུག་ལ། བོད་མི་ཞིག་ལ་མཚོན་ན་འདི་འདྲའི་བཤད་སྲོལ་ཡག་པོ་ཀུན་གྱི་རྣ་ཁྱབ་ཏུ་སོང་འདུག་སྟེ་འགྲོ་ཤེས་བ་ཙམ་ལས་བྲོ་འཁྲབ་ཤེས་པ་དང་། སྐད་ཆ་བཤད་ཤེས་པ་ཙམ་ལས་གླུ་ལེན་ཤེས་པའི་བཤད་སྲོལ་འདི་དང་ཅུང་མོས་མཐུན་བྱུང་ཡོད་པ་འདྲ།
གླུ་གཞས་སྙན་མོ་དབྱངས་སུ་གྱེར་བཞིན་པ།
ད་ཐེངས་ཀྱང་གླུ་གཞས་ལ་དགའ་མཁན་གྱི་བོད་རིགས་སློབ་གྲོགས་མང་བོ་ཞིག་འགྲན་བསྡུར་འདིའི་ནང་ཞུགས་ཏེ་གོམ་པ་རེ་རེ་བཞིན་རྟིང་རྩོད་ཀྱི་འགྲན་བསྡུར་ལ་ལག་ཟུང་བརྐྱངས་བཞིན་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com