བོད་ལྗོངས་མི་རིགས་སློབ་ཆེན་དུ་སྐབས་དང་པོའི་བོད་ཀྱི་རིག་གནས་དུས་ཆེན་གྱི་བྱ་འགུལ་སྤེལ་བ།
འགོ་ཚུགས་ལྷ་མོ། བཀྲ་ཤིས་དུས་ཆེན།
སྒྲ་སྙན་ཞབས་བྲོ།
ཅ་དངོས་འགྲེམ་སྟོན།
བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་རིག་གནས་དང་འབྲེལ་བའི་སློབ་མའི་ཚོགས་པ་ཁག་གི་མཉམ་འབྲེལ་འོག སློབ་མ་རང་ཉིད་ཀྱི་མ་དངུལ་གྲབས་གསོག་དང་རིག་རྩལ་བྱེད་སྒོ་གྲ་སྒྲིག་བྱས་ཏེ་བོད་ཀྱི་རིག་གནས་དུས་ཆེན་ཐོག་མ་དེ་སྤྱི་ཟླ4པའི་ཚེས8ཉིན་སློབ་གྲྭའི་ཆུ་གཏོར་ཐང་ཆེན་དུ་སྤེལ་བ་རེད།
གྱོན་ཆས་འགྲེམ་སྟོན།
གཞས་ཆེན།
ད་རེས་བྱེད་སྒོ་དེའི་ཐོག་སློབ་མ་ཚོས་རང་ཉིད་ཁྱིམ་ནས་ཁྱེར་ཡོང་བའི་ཅ་དངོས་འགྲེམ་སྟོན་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་ནང་མ་སྟོད་གཞས་དང་སྒྲ་སྙན་ཞབས་བྲོ། ལྷ་མོ། གཞས་ཆེན། དགོད་བྲོའི་གཏམ་གླེང་སོགས་འཁྲབ་སྟོན་བྱས་པ་རེད།
མཆོད་པ་ཕུལ་བ།
གཟིགས་མོ་བ།
མ་གཞི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ནི་མི་རིགས་སློབ་གྲྭ་ཞིག་ཡིན་རུང་། བྱེད་སྒོ་དེ་རིགས་སྤེལ་རྒྱུར་དཀའ་ཁག་གང་མང་ཡོད་ཅིང་། ད་ཐེངས་སློབ་མ་རྣམས་ཀྱི་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་འོག་བདེ་བླག་ངང་སྤེལ་ཐུབ་པ་བྱུང་།
ནང་མ་སྟོད་གཞས།
སྤགས་གཡོས་རྒྱུ་འགྲན་སྡུར།
ཐེངས་འདིའི་བྱེད་སྒོར་བརྒྱུད་ནས་རྒྱ་ཡི་རིག་གནས་ཕུན་སུམ་ཚོགས་པའི་གནའ་གྲོང་ཞཱན་ཡང་དུ་གངས་ལྗོངས་རིག་གནས་ཀྱི་ས་བོན་ཕྲན་བུ་གཏོར་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com