དགེ་རྒན་ཆེན་མོ་དོར་ཞིས་ཧྲོའོ་ཀོན་ནན་ཧྭ་དགོན་པར་ནང་བསྟན་ཆོས་ལུགས་དང་འབྲེལ་བའི་འཆད་ཁྲིད་གནང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-27 11:45:00 ཀློག་གྲངས།:


དགེ་རྒན་དོར་ཞིས་ཧྲོའོ་ཀོན་ནན་ཧྭ་དགོན་པར་འཆད་ཁྲིད་གནང་།

          ཟླ3པའི་ཚེས21ཉིན་གྱི་ཕྱི་དྲོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་དོར་ཞི་ཧྲོའོ་ཀོན་ནན་ཧྭ་དགོན་པར་མཚམས་འདྲི་རུ་ཕེབས་པར་མ་ཟད།  གདན་འདྲེན་ཞུས་པ་ལྟར་ཚོའོ་ཞི་ནང་བསྟན་སློབ་གླིང་གི་སློབ་མར་ནང་བསྟན་ཆོས་ལུགས་དང་བསམ་གཏན་པའི་བར་གྱི་འབྲེལ་བའི་སྐོར་འཆད་ཁྲིད་གནང་ཞིང་། འདིར་བཞུགས་བླ་གྲྭ་ཡོངས་ཀྱི་སྤྲོ་སེམས་རབ་ཏུ་རྒྱས་ཏེ་ཁོང་ལ་དགའ་བསུ་ཆེན་པོ་གནང་བ་རེད།

ཞར་བཀོད།

          དགེ་རྒན་དོར་ཞི་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཡིན་ཞིང་།  1992ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་གསལ་ཁ་གསབ་རོགས་དངུལ་ཆེད་མཁས་ཀྱི་མཚན་གསོལ་བ་དང་།  2007ལོར་སྐབས་གཉིས་པའི“རྒྱལ་ཁབ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཁྱད་འཕགས་གཏང་རག་ཆེད་མཁས་བྱ་དགའ”ཐོབ།  ཁོང་ཉིད་ད་ལྟའི་བར་བོད་རྒྱུད་ནང་བསྟན་ཞིབ་འཇུག་གི་ལས་ལ་གཞོལ་བ་དང་། བརྩམས་ཆོས་གང་མང་ཞིག་པར་བསྐྲུན་འགྲེམ་སྤེལ་གནང་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།