ད་ལྟའི་བོད་སྐད་དུ་སྤྱོད་པའི་ཐ་སྙད་ཁག་ཅིག་དག་པར་བཅའ་དགོས་པའི་བསམ་འཆར་ཕྲན་བུ།

རྩོམ་པ་པོ།:ལྕགས་ཐར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-09 14:33:00 ཀློག་གྲངས།:

           དེ་ཡང་མིང་ནི་སྐད་ཆའི་སྦྱོར་བ་འགྲུབ་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་ཞིང་།  མིང་གི་གྲུབ་ཚུལ་དང་། བཟོ་སྟངས་ལ་ཡུལ་དང་དུས་ཀྱི་ཁྱད་པར་གསལ་བར་མངོན་པར་མ་ཟད།  མིང་གི་སྒྱུར་སྟངས་དང་།  བཀོལ་སྤྱོད་ལའང་དུས་ཀྱི་བཀག་ཆ་དང་། མ་དག་རྒྱུན་འབྱམས་སུ་སོང་བ་སོགས་ཀྱི་རྐྱེན་ལས། གཞུང་སྒེར་ཅི་རིགས་ཀྱིས་བཀྲམ་པའི་ཡིག་ཆ་དག་ཏུ་ཡིག་ནོར་དང་། དོན་ལོག  སྦྱོར་ཉེས་པ་སོགས་བྱུང་དང་འབྱུང་བཞིན་པའི་ཁར།  ཆུ་མགོ་རུ་རྙོག་ན་མཇུག་ཏུ་དྭངས་མི་སྲིད་ཅེས་པའི་གཏམ་དཔེ་ལྟར། དེང་རབས་སྲིད་ཕྱོགས་ཀྱི་ཐ་སྙད་ཁག་ཅིག་ཐོག་མར་བསྒྱུར་ཉེས་སུ་སོང་བ་དང་། དེ་ཡི་དབང་གིས་གཞན་སྐད་མི་སྤྱད་རང་སྤྱོད་དུ་གྱུར་ཏེ། ངག་དང་ཡིག་ཐོག་གང་རུང་དུ་འཛེམ་དོགས་ཅི་ཡང་མེད་པར་རང་དགར་འཁོལ་གྱིན་ཡོད་པ་ནི། བོད་ཀྱི་སྐད་ཡིག་དག་པར་འཆའ་བའི་གེགས་སུ་འགྱུར་ངེས་ཕྱིར།  འདིར་ཐ་སྙད་ཀྱི་སྡེ་ཚན་འགའ་ཞིག་དཔེར་དྲངས་ཏེ་གང་དག་ནོར་བ་དང་། དེ་དག་ཅི་ལྟར་བཅའ་བའི་ཚུལ་མདོར་བསྡུས་ཏེ་བཤད་པར་བྱའོ།།

དང་པོ།  ཤུགས་འདོན་པའི་མིང(副词)ཁག་ཅིག་སྦྱོར་ཉེས་པ་དག་པར་འཆའ་བ།


           གསལ་བཤད།  དོན་གྱི་ཁྱད་པར་འབྱེད་པ་དང་། རྒྱ་གར་གྱི་སྐད་ཆའི་ཤན་ཤུགས་སོགས་ལས། སྔར་ཡོད་ཀྱི་མིང་ཁག་ཅིག་ལ་ཚིག་ཕྲད་སྦྱར་ཏེ་བྱ་བ་དང་ཁྱད་ཆོས་བརྗོད་པའི་མིང་དག་གི་སྔོན་ལ་སྦྱར་ནས།  བརྗོད་དོན་གྱི་ཞིབ་ཆ་འབྱེད་པར་བྱེད་པ་ལ།  རིམ་གྱིས་སྦྱོར་བ་གཏན་ཆགས་སུ་གྲུབ་སྟེ་མིང་གི་བྱེ་བྲག་ཅིག་ཏུ་ཆགས་པར་གྱུར་ཡང་། གཤམ་གྱི་མིང་འདི་རིགས་ཀྱི་མིང་མཐའི་ར་སྒྲ་ནི་ལ་དོན་གྱི་ཕྲད་ཡིན་པས། དེའི་རྗེས་སུ་ལ་དོན་གྱི་ཕྲད་གཞན་ཞིག་ཡང་བསྐྱར་བརྩེགས་མར་སྦྱོར་བ་ནི་མ་དག་པའོ།།

གཉིས་པ།  སྲིད་འཛིན་ལས་ཁུངས་ཀྱི་མིང་དག་བསྒྱུར་ཉེས་པ་དག་པར་འཆའ་བ།


           གསལ་བཤད།  རྒྱ་ཡིག་གིདང་། དང་། དང་། དང་། དང་། སོགས་ནི་ཁང་པ་དང་ལྷས་ར་སོགས་ཀྱི་མིང་ཡིན་པ་བཞིན་དུ། བོད་སྐད་ཀྱི་སྒང་དང་། ཚང་དང་། ཁང་དང་། འགག་དང་། ཤག་དང་། སྦུག་བཅས་ཀྱང་ས་གནས་དང་། ཁང་པའི་ཕྱི་ནང་གི་རིམ་པ་ལྟར་བཏགས་པ་ཡིན་ཕྱིར། 中央ལ་དབུས་དང་།   ལ་མངའ་སྡེ།  སྡེ།  གླིང་། ལ་སྒང་། ལ་ཚང་། གྲྭ ལ་འགག  ལ་ཤག  ལ་སྦུག་སོགས་སུ་བསྒྱུར་ཚེ།  བོད་སྐད་ཀྱི་ཁྱད་ཆོས་དང་མཐུན་ཞིང་། ལས་ཁུངས་ཀྱི་རིམ་པའང་བདེ་བླག་ཏུ་ཤེས་སོ།།

གསུམ་པ། ཆོ་ལོའི་མིང་གི་འདོགས་སྟངས་ཉེས་པ་དག་པར་འཆའ་བ།


           གསལ་བཤད།  སྐད་ཆ་ནི་བརྡ་སྤྲོད་པའི་རང་བཞིན་ཅན་དུ་གྲུབ་ཕྱིར།  མིང་དོན་གྱི་ཁྱད་པར་ལ་བརྟེན་ནས་ལས་ཁུངས་དང་དེའི་དཔོན་པོའི་ཆོ་ལོ་གསལ་བོར་ངེས་ན། ལས་ཀ་བྱེད་འཇུག་བདེ་ཞིང་། བོད་སྐད་ཀྱི་སྦྱོར་བ་དང་ཀུན་ནས་མཐུན་པར་འགྱུར་སྟབས།  སྔར་ཡོད་ཀྱི་བོད་ཀྱི་ཐ་སྙད་དག་ལ་གཞིར་བརྟེན་ཏེ།ན མ་དག་རྒྱུན་འབྱམས་སུ་སོང་བའི་ཐ་སྙད་དག་དག་པར་འཆའ་བ་གལ་ཆེའོ།།

བཞི་བ།  མགོ་དང་འགོ་ཡི་སྦྱོར་ཚུལ་དག་པར་འཆའ་བ།

           ལུས་ཀྱི་མགོ་ནི་མ་མགོ་ལ།། ནད་སོགས་འགོ་བ་འ་འགོ་ཡིན།། ཞེས་པ་ལྟར།  མགོ་དང་འགོ་ཡི་བསྟན་བྱ་ཐ་དད་ཅིང་། འགོ་ནི་གཙོ་ཆེར་བྱ་བའི་དོན་ལ་འཇུག་པས། འགོ་ལ་གཞིར་བྱས་ཏེ་བཟོས་པའི་འགོ་བ་དང་།  འགོ་ཁྲིད། འགོ་འདྲེན། འགོ་རྩོམ། འགོ་བརྗོད། འགོ་ཚུགས་ཞེས་པ་སོགས་ཀྱི་བསྟན་དོན་བདེ་བླག་ཏུ་རྟོགས་ཤིང་། དོན་གྱི་གོལ་ས་སྤོང་བའི་ཕྱིར་དུ། རིམ་པ་བཞིན་མགོ་ལ་བརྟེན་ནས་གྲུབ་པའི་མགོ་བ་དང་། མགོ་ཁྲིད།  མགོ་འདྲེན། མགོ་རྩོམ།  མགོ་བརྗོད། མགོ་ཚུགས་ཞེས་པ་སོགས་སུ་བཅོས་ན་ལེགས་པར་མཐོང་ངོ་།།

ལྔ་བ། མགྲོན་དང་འགྲོན་གྱི་སྦྱོར་ཚུལ་དག་པར་འཆའ་བ།

           བོས་པའི་མགྲོན་དང་ལམ་གྱི་འགྲོན།། ཞེས་པ་ལྟར། མགྲོན་དང་འགྲོན་གྱི་དོན་མ་གཞི་ནས་ཁྱད་པར་གསལ་ཡང་། བར་སྐབས་ཤིག་ནས་མིང་འདི་གཉིས་འདེམ་ངར་བྱས་ཏེ།  དེ་གཉིས་གང་དགར་བཀོལ་ཅིང་། མིང་དོན་གྱི་ཞིབ་ཆ་འབྱེད་དཀའ་བར་གྱུར་པའི་ཕྱིར་ན། འདིར་མིང་འདི་དག་གི་བསྟན་བྱའི་ཁྱད་པར་ལྟར། 旅客ལ་འགྲོན་པོ་དང་།  旅馆འགྲོན་ཁང་།  旅舍ལ་འགྲོན་ཁང་ཞེས་པར་བསྒྱུར་ཞིང་།   客人ལ་མགྲོན་པོ་དང་།  贵客སྐུ་མགྲོན། 宾馆མགྲོན་ཁང་ཞེས་པར་བསྒྱུར་བའི་གཏན་སྲོལ་ཞིག་ཡོད་དགོས་སོ།།

དྲུག་པ། གྲངས་ཀའི་མིང་སྦྱོར་གཉིས་པ་དག་པར་འཆའ་བ།

           སྤྱིར་བསྟན་བཅོས་བརྩོན་པ་ལ་འཇུག་པའི་ཚེ། ས་བཅད་འགྲེམས་ལུགས་ལ་སརྒ་དང་། ལེའུ། སྐབས་ཞེས་སམ། དང་པོ་ལ་གསུམ། གསུམ་པ་ལ་གཉིས། གཉིས་པ་ལ་དྲུག་ཅེས་པ་ལྟ་བུའི་རིམ་པ་གསལ་བོ་ཡོད་ཅིང་། བོད་སྐད་ཀྱི་གྲངས་ཀ་བརྗོད་པའི་མིང་དག་ལས། གཅིག་དང་། ལྔ། བཅུ་གཅིག་ལྟ་བུའི་བགྲང་གྲངས་སམ་རྩིས་གྲངས་དང་། དང་པོ་དང་། གསུམ་པ། བཅུ་དྲུག་པ། ཉི་ཤུ་རྩ་ལྔ་བ་ལྟ་བུས་རིམ་པ་མཚོན་པར་བྱེད་ཀྱང་། དེང་གི་ཆར་ས་བཅད་དང་། ལེའུ་ལྟ་བུ་གང་ཡང་མེད་པར། དང་པོ་ཞེས་པའི་གཤམ་དུ་གཅིག་དང་། གཉིས། གསུམ། བཞི་ལྟ་བུ་བརྩམས་དེབ་དང་།  རྩོམ་ཡིག་ཅི་རིགས་སུ་གང་དགར་སྦྱོར་བ་ནི། བོད་སྐད་ཀྱི་གྲངས་ཀ་བརྗོད་པའི་མིང་གི་ཞིབ་ཆ་མ་ངེས་པའི་རྟགས་སུ་འཁུམས་ཤིང་། དེ་ལྟ་རྒྱུན་འབྱམས་སུ་ཁྱབ་པར་གྱུར་ན། མིང་མཐའི་པ་དང་བ། པོ་དང་བོ་སོགས་ཀྱི་སྒྲ་ལ་ནུས་པ་གང་ཡང་མེད་པས། བགྲང་གྲངས་དང་རིམ་གྲངས། སྤྱི་གྲངས་དང་རགས་གྲངས་སོགས་ཀྱི་ཁྱད་པར་འབྱེད་པ་ཤིན་ཏུ་གལ་ཆེའོ།།

བདུན་པ།  སྐྱེ་བོ་ངེས་བཟུང་གི་མིང་འདོགས་བསྒྱུར་ཉེས་པ་དག་པར་འཆའ་བ།


            གསལ་བཤད། དེང་རབས་ཀྱི་རྩོམ་རིག་གཞུང་ལུགས་བོད་དུ་ཐོག་མར་དར་པའི་ཚེ། རྒྱ་ནག་སོགས་ཀྱི་སྐད་ལས་བྱུང་བའི་སྐྱེ་བོ་ངེས་བཟུང་གི་ཐ་སྙད་ཡོད་མེད་ལ་མ་བརྟག་མ་དཔྱད་པར། “འབོད་པའི་ཐ་སྙད་དང་པོ”ཞེས་པ་ལྟ་བུར་བསྒྱུར་བ་ལ་གང་གིས་གང་ལ་འབོད་པ་དང་། ཅི་ལྟར་འབོད་པ་མི་གསལ་བར་མ་ཟད། མིང་ནི་འབྲུ་ཉུང་ཞིང་།  དོན་གསལ་བ།  བརྗོད་བདེ་བ་ཞིག་ཡིན་དགོས་པའི་ཚུལ་དང་ཡང་ཀུན་ནས་མི་མཐུན་པ་དང་། ས་སྐྱའི་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་སྒྲ་འཇུག་ཅེས་པ་རུ། བདག་ཉིད་ལ་ང་ཞེས་བརྗོད་པའམ། ཞེས་དང་། མཁས་འཇུག་ཏུ། སྐྱེས་བུ་བར་བ་ནི་ཁྱོད་ལ་སོགས་པའོ།། ཞེས་གསུངས་པའི་བོད་སྐད་ཀྱི་མིང་གི་བཟོ་སྟངས་དང་རིང་དུ་ཕྱིན་པས། མི་ཁག་ཅིག་གིས་དེ་ལྟར་བཙན་གྱིས་རྗོད་ཀྱིན་ཡོད་ཀྱང་། དམངས་སྤྱིའི་སྐད་ཆ་ལ་འདྲེས་དཀའ་ན། མཁས་པའི་བསྟན་བཅོས་ཚད་ལྡན་ལ་ཁུངས་བརྟེན་ཏེ་དག་པར་བཅའ་དགོས་པ་ཉིད་དོ།།

བརྒྱད་པ། ཚིག་གི་གྲུབ་ཆའི་མིང་འདོགས་བསྒྱུར་ཉེས་པ་དག་པར་འཆའ་བ།


            གསལ་བཤད། སྐད་ཡིག་ཞིབ་འཇུག་ཇེ་ཟབ་ཏུ་སོང་བ་དང་། ལོ་ཙཱ་དང་སློབ་ཁྲིད་ཀྱི་དགོས་དབང་གིས། ད་ལྟའི་འཛམ་གླིང་སྤྱི་ལུགས་ཀྱི་བརྡ་སྤྲོད་རིག་པའི་ཐ་སྙད་ཁག་ཅིག་བོད་ལ་སྔར་མེད་གསར་དུ་བཟོ་དགོས་ཀྱང་། གསར་དུ་བསྐྲུན་པའི་ཚིག་མཛོད་དང་།  དཔེ་དེབ་དག་ཏུ་སྔར་བོད་སྐད་ལ་དེ་ལྟའི་བརྗོད་ལུགས་ཡོད་མེད་རྩད་ཞིབ་གང་ཡང་མ་བྱས་པར་གཙོ་ཚིག་དང་། རྗོད་ཚིག་སོགས་སུ་བསྒྱུར་བ་ནི།  རྒྱ་ཡིག་གི་ངོ་གདོང་གི་དོན་ཙམ་དུ་ཟད་ཀྱང་། བོད་སྐད་བརྡ་སྤྲོད་ཀྱི་ཕྱི་མོ་སུམ་ཅུ་བ་རུ། མིང་ཚིག་བརྗོད་པ་ཀུན་གྱི་གཞི།། ཞེས་དང་།  ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།།ཞེས་དང་། དགར་དང་བརྣན་པའི་ཚིག་ཏུ་འགྱུར།། ཞེས་པ་སོགས་ཚིག་ཅེས་པ་ལ་ངོས་འཛིན་ལུགས་དུ་མ་བྱུང་སྟེ། ཐོག་མ་ནས་ཉོག་དྲ་ཆེ་བའི་ཐ་སྙད་ཅིག་ཏུ་གྲུབ་པར་མ་ཟད།  སྒྲ་ཚད་ཀྱི་བསྟན་བཅོས་དག་ཏུ་་བྱ་ཡུལ་དང་། ཆོས་བརྗོད་ཀྱི་སྒྲ། ཆོས་དངོས་ཞེས་པ་ལྟ་བུའི་ཐ་སྙད་སྔོན་ནས་ཡོད་ཕྱིར། འདིར་དོན་ལ་འཇུག་བདེ་བ་དང་གོལ་ས་སྤོང་བའི་ཕྱིར་དུ། གོང་བསྟན་ལྟར་བརྗོད་གཞིའི་སྒྲ་ཞེས་པ་སོགས་སུ་བསྒྱུར་ན་ལེགས་སྙམ་མོ།།

དགུ་བ།  དགོས་ཞེས་པའི་སྒྲ་ཡི་སྦྱོར་ཚུལ་དག་པར་འཆའ་བ།

           སྤྱིར་དགོས་ཞེས་པ་ལས་ཚིག་མ་འོངས་བའི་མཐར་སྦྱར་ན་བྱ་བ་ཞིག་བྱེད་པར་སྐུལ་བ་དང་། མིང་གི་བྱེ་བྲག་གཞན་དག་གི་མཐར་སྦྱར་ཚེ་མཁོ་བའི་དོན་གསལ་བར་བྱེད་ཀྱང་། སྐད་ཆ་འཕེལ་འགྱུར་གྱི་དབང་གིས། བྱེད་ཚིག་དང་བྱ་ཚིག་གཉིས་ཀར་ད་ལྟ་བ་སྦྱོར་བའི་སྣང་ཚུལ་ཇེ་མང་དུ་འགྲོ་བཞིན་པའི་ཁར། སྲིད་ཕྱོགས་ཀྱི་གཞུང་ཡིག་ཕལ་ཆེ་བ་བཀའ་བསྒོ་བ་དང་རེ་སྐུལ་གྱི་བདག་ཉིད་དུ་གྲུབ་པས།  རྒྱ་ཡིག་གིདང་།  一定要དང་།  必须要ཞེས་པ་མང་དུ་འབྱུང་བ་བོད་སྐད་དུ་སྒྱུར་སྐབས། ཐུན་མོང་གི་རྒྱུ་ནོར་ལ་གཅེས་སྤྲས་བྱེད་དགོས། ཞིང་ལ་ཆུ་གཏོང་དགོས། ཟས་ཟ་ཁར་ལག་པ་བཀྲུ་དགོས། དཔེ་ཆ་ཀློག་དགོས་ཞེས་པ་ལྟ་བུ་བྱ་ཚིག་དང་བྱེད་ཚིག་གང་རུང་གི་མཐར་དགོས་སྒྲ་སྦྱོར་བ་ནི་མ་དག་པ་སྟེ། དགོས་ཞེས་པའི་སྒྲ་ནི་ལས་ཚིག་གི་མཐར་སྦྱར་ཚེ་མ་འོངས་པར་བྱ་འགྱུར་གྱི་བྱ་བ་ཞིག་བསྒྲུབ་པར་སྐུལ་པས།  འགྲོ་དགོས། གཏང་དགོས། བཀླག་དགོས། ཡི་གེ་བྲི་དགོས། ལྭ་བ་བཀྲུ་དགོས། སྐད་ཆ་བཤད་དགོས། ཞེས་སྦྱར་དགོས་སོ།།

བཅུ་བ། མིང་མཐའི་པ་བ་དང་པོ་བོ་དག་གི་སྦྱོར་ཚུལ་དག་པར་འཆའ་བ།

           མིང་གི་སྦྱོར་བ་འགྲུབ་བྱེད་ཀྱི་ཆ་ཤས་ཕྱི་མར་པ་དང་བ་ཞེས་སྒྲ་གཟུགས་ཐ་དད་པ་བྱུང་བ་ནི། གཙོ་བོ་དེ་དག་གང་ལ་སྦྱར་ཡུལ་གྱི་མིང་མཐའི་རྗེས་འཇུག་གི་སྒྲ་རྩོམ་དྲག་ཞན་མི་འདྲ་བ་ལ་ཐུག་པ་དང་། དེ་དག་ལས་གཞན་དུ་པོ་བོ་གཉིས་བྱུང་བ་དག་གི་སྒྲའི་སྦྱོར་ཚུལ་ནི་ཕལ་ཆེར་པ་བ་གཉིས་དང་མཐུན་ཡང་། དོན་གྱི་སྦྱོར་བ་ནི་པ་བ་དག་དང་ངེས་པར་ཡོད་པའི་ཆོས་ཉིད་ལྟར། པ་དང་པོ། བ་དང་བོ་སྦྱར་ཡུལ་གཅིག་ཏུ་མཚུངས་ཀྱང་། སྦྱོར་བྱེད་པ་པོ་སོགས་ཀྱི་སྒྲ་གཟུགས་མི་འདྲ་བའི་ཁྱད་པར་གྱི་དབང་གིས། ཐ་སྙད་དག་གི་བསྟན་དོན་ཡང་མི་མཚུངས་པ། ཞིམ་པོ་ཟ། དཀར་པོ་མཛེས། རིང་བོ་གྱོན། ཐུང་བོ་ཁྱེར་ཞེས་བརྗོད་དུ་རུང་གི   ཞིང་པ་ཟ། དཀར་པ་མཛེས། རིང་བ་གྱོན། ཐུང་བ་ཁྱེར་ལྟ་བུར་མི་སྦྱོར་བ་ནི། པ་དང་བ་དག་གི་སྒྲ་ཡིས་བྱ་བ་དང་ཁྱད་ཆོས་རྐྱང་བའི་དོན་སྟོན་པ་དང་། པོ་དང་བོའི་སྒྲས་ཁྱད་ཆོས་དེ་དང་ལྡན་པའི་ཁྱད་གཞི་དངོས་པོའི་དོན་གསལ་བར་བྱེད་ཕྱིར། བརྗོད་དོན་གསལ་བོར་ཤེས་དང་། བརྗོད་དོན་གསལ་བར་ཤེས། ཀོ་བ་གྱོང་བོ། ཀོ་བ་གྱོང་བ་སོགས་ཀྱི་དོན་ལ་ཞིབ་ཆ་ཡོད་པ་ངེས་པར་བྱའོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།