གསེར་ཆེན་རྫོང་འབྲིང་ཆུང་སློབ་མའི་དགུན་གནང་གི་གསབ་སྦྱོང་མཇུག་སྒྲིལ་པ།
གསེར་ཆེན་རྫོང་འབྲིང་ཆུང་སློབ་མའི་དགུན་གནང་གི་གསབ་སྦྱོང་འཛིན་གྲྭ།
ཉེ་སྔོན། གསེར་ཆེན་རིག་གནས་ཡར་སྐུལ་ཚོགས་པས་མཚོ་སྔོན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་རྒྱ་ར་སྡེ་བའི་སློབ་ཆུང་དུ་དུས་ཡུན་ཉིན20རིང་རོང་འབྲོག་འབྲིང་ཆུང་སློབ་མར་གསབ་སྦྱོང་གནང་བ་དངོས་སུ་མཇུག་སྒྲིལ་ཞིང་། གསབ་སྦྱོང་སློབ་མ་ནི་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་བཅས་ཀྱི་སློབ་མ་ཡོད་པ་དང་། བསླབ་གཞི་ནི་བོད་སྐད་ཡིག་དང་། ཚད་མ། རྒྱའི་སྐད་ཡིག དབྱིན་ཡིག རྩིས་རིག རིག་ཚན། དངོས་ཚན། དེ་མིན་འཁྲབ་སྟོན་དང་། མཛེས་རིས་སྒྱུ་རྩལ། གློག་བརྙན་གཟིགས་མྱོང་། སློབ་ཆེན་གྱི་འཚོ་བ། བསམ་གཞིག་བྱེད་སྟངས་གསར་རྙེད་སོགས་སློབ་མ་རྣམས་སྤྲོ་བ་བསྐྱེད་པའི་ཚན་ཁག་དག་འདུས་པ་རེད།
གསེར་ཆེན་རིག་གནས་ཡར་སྐུལ་ཚོགས་པ་ནི་ཀྲུང་གོའི་ཕྱི་འབྲེལ་དཔལ་འབྱོར་ཚོང་ལས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ཀན་སུའུ་སྲིད་ཁྲིམས་སློབ་གླིང་། མཚོ་སྔོན་སློབ་ཆེན། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་སོགས་སློབ་ཆེན་གྱི་སློབ་མ་དང་། ཆབ་ཆ་དགོན་གསར་བཀྲ་ཤིས་ཐག་མཆོག་གླིང་གི་དགེ་འདུན་པ་བཅས་ཀྱིས་གྲུབ་པ་ཡིན་ཞིང་། ད་ལྟའི་བར་བདེ་བླག་ངང་རོང་འབྲོག་འབྲིང་ཆུང་སློབ་མར་དང་བླངས་སྒོས་གསབ་སྦྱོང་ཐེངས་གསུམ་ལ་སྤེལ་པ་དང་། དང་བླངས་དགེ་རྒན་རུ་ཁག་གི་དང་བླངས་པ་རྣམས་ས་ཁུལ་དང་། སློང་གྲྭ། ཆེད་ལས་སོགས་མི་འདྲ་སོ་སོ་ཡིན་ནའང་དཀའ་ཁག་ཅི་ཡང་མི་འཛེམ་པར་གཟབ་སྦྱོང་བྱེད་གནས་སུ་གང་ནུས་ཅི་ཐུབ་ཀྱིས་སློབ་མ་རྣམས་ལ་ཤེས་བྱ་ཁྲིད་དེ་བློ་བསྐྱེད་ཆེན་པོ་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com