གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་སློབ་གསོ་བྱ་བའི་སློབ་སྦྱོང་བརྗེ་རེས་ཡར་སྐུལ་གྲོས་ཚོགས་བསྡུས་པ།
གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་སློབ་གསོ་བྱ་བའི་སློབ་སྦྱོང་བརྗེ་རེས་ཡར་སྐུལ་གྲོས་ཚོགས'
ཟླ2པའི་ཚེས13ཉིན། གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་སློབ་གསོ་བྱ་བའི་སློབ་སྦྱོང་བརྗེ་རེས་ཡར་སྐུལ་གྲོས་ཚོགས་དེ་ཕ་ཡག་སྡེ་བར་ཚོགས་ཤིང་། ཚོགས་ཐོག་ཏུ་རིག་སྨོན་གྲོང་རྡལ་གྱི་སློབ་གསོ་བྱ་བར་སྤྱི་བསྡོམས་དང་། སློབ་གསོ་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་གཏིང་ཟབ་སྒོས་དབྱེ་ཞིབ་བྱས་པ་བརྒྱུད་ད་ལོའི་སློབ་གསོ་བྱ་བའི་ལས་འགན་གཙོ་བོ་ངོས་ཟིན་བྱུང་བ་མ་ཟད། སློབ་སྦྱོང་བརྗེ་རེས་བྱས་པར་བརྟེན་རིག་སྨོན་གྲོང་རྡལ་གྱི་སློབ་གསོ་བྱ་བ་སྟེ་ནང་སྒོས་སུ་བྱིས་པའི་སློབ་གསོ་དང་སློབ་སྔོན་སློབ་གསོ་ཐད་ཕྱོགས་ཡོངས་ཡར་སྐུལ་བྱེད་ཐུབ་པ་བྱུང་།
གཟེངས་ཐོན་སློབ་མར་བྱ་དགའ་གནང་བ།
ཚོགས་འདུའི་སྟེང་། རིག་སྨོན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་འབྲུག་བྱམས་དང་གྲོང་རྡལ་གྱི་འགོ་གཙོ་རྡོ་རྗེ་འབུམ་གཉིས་ཀྱིས་རིག་སྨོན་གྲོང་རྡལ་གྱི་ད་སྔའི་སློབ་གསོ་ཐད་ཇི་ལྟར་ཐབས་ཤེས་འཛིན་པའི་སྐོར་གྱི་གཏམ་བཤད་གལ་ཆེན་གནང་བ་དང་། ཕ་ཡག་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ་ལྷ་བརྟན་གྱིས་ཞིབ་ཕྲའི་ངང་ཕ་ཡག་སྡེ་བའི་ཉེ་བའི་ལོ་འགའི་སློབ་གསོ་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་ཏེ་ཚོགས་ཞུགས་འགོ་ཁྲིད་རྣམས་ཀྱི་ཁས་ལེན་བཟང་བོ་ཐོབ།
ཚོགས་ཞུགས་རྣམས་ལྷན་དུ་པར་བསྐྱོན་པ།
དེར་མ་ཟད། རིག་སྨོན་གྲོང་རྡལ་གྱི་སློབ་གྲྭ་ཆུང་འབྲིང་དང་ཆེད་སྦྱོང་སློབ་གྲྭ་སོ་སོའི་སློབ་མ45ལ་གཟེངས་བསྟོད་བྱ་དགའ་གནང་ཞིང་། བྱ་དགའ་ཐོབ་པའི་སློབ་མ་རྣམས་ཀྱིས་མུ་མཐུད་དུ་འབད་པ་གང་ལེགས་སྤྱད་དེ་རྒྱལ་ཁབ་དང་སྤྱི་ཚོགས། ཁྱིམ་ཚང་བཅས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར། དེ་རིང་གི་གཟེངས་བསྟོད་ནས་འགོ་བརྩམས་ཏེ་སློབ་སྦྱོང་གི་དཀའ་བ་མཐའ་དག་སེལ་ཞིང་སློབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་པ་དང་། སྡེ་བ་སོ་སོའི་སྡེ་དཔོན་གྱིས་སྡེ་བའི་སློབ་གསོའི་དཀའ་ཁག་དག་ལ་ནན་ཏན་དང་ཞིབ་མོས་ངང་བསམ་བློ་ཡང་ཡང་གཏོང་བར་བརྒྱུད་སྡེ་བ་འདི་དང་འཚམ་པའི་སློབ་གསོའི་ཐབས་ལམ་འཚོལ་ཞིབ་དང་དངོས་འབེབ་གང་ལེགས་བྱེད་དགོས་ཤིང་། སློབ་མ་རྣམས་སློབ་སྦྱོང་བྱེད་པའི་རེ་འདུན་དང་ཁོང་ཚོའི་སློབ་སྦྱོང་གི་ཁེ་དབང་འགན་སྲུང་ཁག་ཐེག་བྱེད་པའི་དུས་མཚུངས་སུ། ཁྱིམ་བདག་རྣམས་ཀྱིས་བྱིས་པ་སློབ་གྲྭར་སྐྱེལ་བའི་འོས་འགན་ལེགས་པོར་སྒྲུབ་དགོས་པ་བཅས་ཀྱི་རེ་བ་བཏོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com