གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་འབྲས་རྟགས་ཞེས་པའི་བྱ་འགུལ་སྤེལ།

རྩོམ་པ་པོ།:དབང་ཆེན་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-20 10:55:00 ཀློག་གྲངས།:


སྐུ་མགྲོན་རྣམ་པ་དང་དཔྱད་འདེམས་པ་རྣམ་པའི་ཟུར་ཞིག

དགེ་རྒན་གྱིས་རྟགས་གསལ་འཕེན་བཞིན་པ།

          སྤྱི་ཟླ12པའི་ཚེས17ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་།  གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དམའ་གཉིས་རིམ་པས་སློབ་གྲྭ་དེ་གའི་ཐོག་ཁང་སློབ་ཁྲིད་དང་པོའི་མདུན་རོལ་དུ་ཐེངས་གཉིས་པའི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་འབྲས་རྟགས་ཞེས་པའི་བྱ་འགུལ་གཟབ་རྒྱས་ངང་ཚོགས་ཤིང་། དགེ་སློབ་སྟོང་ཕྲག་གཉིས་ལྷག་བྱ་འགུལ་འདིའི་སྟེང་ཞུགས་ཏེ་རང་ཉིད་ཀྱི་རྩལ་ནུས་ཡོད་དགུ་བཏོན།


འཛིན་གྲྭ་གཏུགས་ཏེ་རྟགས་གསལ་འཕེན་པ།

          འདིར་ཕེབས་པའི་ཕྱོགས་ཡོངས་ཀྱི་སྐུ་མགྲོན་ནི་ནང་ཆེན་རྫོང་མི་རིགས་སློབ་འབྲིང་དང་ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་། ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་གི་དགེ་སློབ་དྲུག་ཅུ་ལྷག    གསེར་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་བོད་ཡིག་དགེ་རྒན་རྣམ་པ་སོགས་དགེ་སློབ་ཀྱང་མང་པོ་འདུས་ཡོད།


སློབ་མ་མི་སྒེར་གྱིས་རྟགས་གསལ་འཕེན་པ།

ཟླ་བོ་གཉིས་ཆའི་ཟུར་ཞིག

           འདི་ལྟ་བུའི་བྱ་འགུལ་རབ་དང་རིམ་པར་བརྒྱུད།  དགེ་སློབ་ཡོངས་ནས་སློབ་ཁྲིད་དང་སྦྱོང་བའི་ཁྲོད་ད་དུང་མུ་མཐུད་དུ་བརྩོན་པ་བྱེད་དགོས་སའི་ཆ་དང་ཅུང་ལེགས་པའི་ཆ་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པའི་ངེས་ཤེས་ཟབ་མོ་རྙེད་ཅིང་།   དེ་སྔོན་བསྡུས་གྲྭའི་གཞུང་ལུགས་འཆད་ཁྲིད་སྦྱོང་བ་ལས་ཐེངས་འདིའི་ལག་ལེན་དངོས་ཀྱི་ནང་ཞན་ཆ་དང་ལེགས་ཆ་དཔོགས་ཏེ་རྗེས་མར་ཕྱོགས་གང་ཐད་ལ་བརྩོན་དགོས་པ་རང་བཞིན་གྱིས་ཤེས་ཚོར་བྱུང་བ་དང་།  སློབ་མའི་ཤེས་རབ་ཀྱི་བློ་རྒྱ་ཡངས་བར་ཕྱེ་དགོས་ན་འདི་ལྟ་བུའི་བསྡུས་གྲྭའི་བྱ་འགུལ་མཁོ་གལ་ཆེ་སྟེ་སློབ་མས་རང་རྟོགས་ངང་སློབ་སྦྱོང་བྱེད་པར་སྐུལ་སློང་ཆེན་པོ་ཐེབས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།