ཁྲི་ཀ་བཅའ་སྡོད་སློབ་གྲྭས་སྐབས་གཉིས་པའི་མཐར་ཕྱིན་སློབ་མའི་ཁྱིམ་བདག་ཚོགས་འདུ་བསྡུས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-09 10:53:00 ཀློག་གྲངས།:


འགོ་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཁ་གསལ་དོན་འདུས་སྒོས་ཚོགས་འདུའི་ནང་དོན་བཤད་པ།

          སློབ་གྲྭའི་གོང་རིམ་པའི་བཀོད་སྒྲིག་དང་དམའ་འབྲིང་མཐར་ཕྱིན་ལོ་རིམ་གྱི་འགོ་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱི་ལག་བསྟར་བཀོད་སྒྲིག་ལྟར། ཟླ་འདིའི་ཚེས7ཉིན་གྱི་ཕྱི་དྲོའི་དུས་ཚོད་བེད་སྤྱད་དེ་སློབ་གྲྭའི་སྐས་རིམ་ཚོམས་ཆེན་ནས་སྐབས་གཉིས་པའི་མཐར་ཕྱིན་སློབ་མའི་ཁྱིམ་བདག་ཚོགས་འདུ་བསྡུས།


ཕྱོགས་བཞི་ནས་འདུས་པའི་ཁྱིམ་བདག་ཚོགས་འདུའི་ཟུར་ངོས་ཤིག

          ཐེངས་འདིའི་ཁྱིམ་བདག་ཚོགས་འདུ་ལ་དགེ་སློབ400ལྷག་དང་ཁྱིམ་བདག200ལྷག་འདུས་ཐུབ་པ་བྱུང་ཞིང༌། འགོ་གཙོ་ནས་སློབ་གྲྭ་སྤྱིའི་གནས་ཚུལ་དང་ལོ་རིམ་གྱི་གནས་ཚུལ། ལྷག་པར་སློབ་ལོ་གཅིག་གི་འཆར་གཞི་སྒྲོག་འདོན་དང་སློབ་སྐབས་འདིའི་ཟླ་རྒྱུགས་དང་དཀྱིལ་རྒྱུགས་རིམ་པ་གསུམ་བླངས་པའི་རྒྱུགས་འབྲས་བསླབ་ཁག་རེ་རེ་བཞིན་སྨྱན་མང་གཟུགས་ཀྱི་ལག་ལེན་སྤྱད་ནས་ཕན་ཚུན་ཞིབ་བསྡུར་བྱས་ཤིང་།  འཛིན་གྲྭ་དང་འཛིན་གྲྭའི་བར་ལ་སྐར་མའི་བར་ཁྱད་ཆེན་པོ་བྱུང་དོན་གྱི་གནད་དོན་དབྱེ་ཞིབ་དང་དགེ་རྒན་རྣམ་པས་རྗེས་ལུས་སློབ་མ་ཇི་ལྟར་སྐྱོང་བའི་ཐད་ལ་རེ་བ་ནན་མོ་བཏོན།


འཛིན་གྲྭ་སོ་སོ་ནས་འཛིན་བདག་གིས་བྱེ་བྲག་སྒོས་གནས་པའི་གནད་དོན་ཐད་
ཉམས་མྱོང་བརྗེ་རེས་དང་བསམ་འཆར་ལྷུག་པོར་བརྗོད་པ།

          ལྷག་པར་ན་ནིང་འབྲིང་རྒྱུགས་ཀྱི་སྐར་མའི་ཚད་ཐིག་ལ་གཤིབ་བསྡུར་ཚུལ་གྱིས་བསླབ་ཁག་སོ་སོའི་སྐར་གྲངས་ཀྱི་མཐོ་དམའ་ལ་དབྱེ་ཞིབ་གསལ་ཁ་དོད་པོ་བྱས་པ་མ་ཟད། རྗེས་ཕྱོགས་ཟླ་འགའི་རིང་སློབ་སྦྱོང་བྱེད་ཐབས་ག་འདྲ་སྤྱོད་རྒྱུ་དང་དགེ་རྒན་རྣམ་པས་ཤུགས་ཅི་འདྲ་རྒྱག་པ་སོགས་ལུས་སེམས་གཉིས་ཀས་ངལ་བ་ལ་མ་འཛེམ་པར་མི་རིགས་ཀྱི་སློབ་བུ་འདི་དག་གི་མ་འོངས་འབྱུང་འགྱུར་གྱི་འཕེལ་རྒྱས་བསམ་ན་གསེར་ལས་ལྷག་པའི་དུས་ཚོད་དམ་འཛིན་བྱེད་ཚུལ་ལ། དགེ་རྒན་རྣམ་པར་རེ་བ་སྣ་ཁ་བཅུ་བཏོན་པ་དང༌། སྒྱིད་ལུག་དང་ལེ་ལོ་དོར་ནས་བསླབ་ཁག་ཁྱད་མེད་ལ་ཧུར་ཐག་བྱེད་དགོས་པ་དང་། ཡ་རབས་ཀུན་མཐུན་གྱི་སློབ་འབྲིང་སློབ་མ་ལེགས་པོ་ཞིག་བྱེད་པར་སློབ་མ་རྣམས་ལ་རེ་བ་དོན་ཚན་བཅོ་ལྔ། གཞན་སློབ་འབྲིང་སློབ་མའི་འཚར་ལོངས་ལ་གནོད་པ་ཡོད་པའི་ལག་ཁྱེར་ཁ་པར་སོགས་སློབ་སྦྱོང་ལ་གེགས་བཟོ་བའི་ཡོ་བྱད་ཀྱི་རིགས་གཏན་འགོག་དང་སློབ་མ་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྲོ་དགོས་ན་དགེ་རྒན་དང་ཁྱིམ་བདག་སློབ་མ་གསུམ་པོ་ཕན་ཚུན་མཉམ་འབྲེལ་བྱ་དགོས་པའི་སྐོར་སོགས་ཁྱིམ་བདག་རྣམ་པར་རེ་བ་བཅུ་གསུངས་བ་རེད།
          ཕྱིས་སུ་འཛིན་གྲྭ་སོ་སོ་ནས་འཛིན་བདག་གིས་ཁྱིམ་བདག་རྣམ་པའི་སློབ་བུ་རྣམས་ལ་བྱེ་བྲག་སྒོས་གནས་པའི་གནད་དོན་དང་འཛིན་གྲྭའི་གནས་ཚུལ་ཞིབ་ཅིང་ཕྲ་བའི་སྒོ་ནས་གསལ་འགྲེལ་བྱས་པ་ལས། གཞན་རྗེས་ཕྱོགས་བརྩོན་འགྲུས་ཀྱི་གོམ་པ་ཇི་ལྟར་བསྐྱོད་རྒྱུ་དང་མཇུག་མཐའི་འབྲས་བཟང་ཇི་ལྟར་ལེན་པའི་ཐད་ལ་ཕན་ཚུན་སེམས་ཀྱི་སྐད་ཆ་མ་གསང་མ་སྦས་པར་གསོང་བོར་བརྗོད་ནས་ཐེངས་གཉིས་པའི་ཁྱིམ་བདག་ཚོགས་འདུ་བདེ་ལེགས་ངང་བསྡུས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།