སེམས་ཀྱི་ཉི་ཟླ་ཡུལ་གྱི་རིག་གནས་སྲུང་སྐྱོབ་བྱེད་མཁན་གྱི་སྐྱེས་མཆོག
སེམས་ཀྱི་ཉི་ཟླ་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་མཐུན་ཚོགས།
སེམས་ཀྱི་ཉི་ཟླ་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་མཐུན་ཚོགས་ནི་དང་བླང་པ་སྐོར་ཞིག་གིས་གྲུབ་པའི་ཡུལ་དེ་གའི་བོད་ཀྱི་རིག་གནས་སྒྱུ་རྩལ་དང་། རོལ་དབྱངས། དམངས་ཁྲོད་ལག་བཟོའི་ཐོན་རྫས། དམངས་ཁྲོད་གཏམ་རྒྱུད་དང་སྙན་ངག་སོགས་ཀྱི་འཛིན་སྐྱོང་སྤེལ་གསུམ་ལ་ཧུར་ཐག་མཐིལ་ཕྱིན་བྱེད་པའི་ཚོགས་པ་ཞིག་ཡིན་ཞིང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཐོ་འགོད་བྱས་པའི་སྲིད་གཞུང་དང་ཁེ་འབབ་མ་ཡིན་པའི་དམངས་ཁྲོད་རྩ་འཛུགས་ཤིག་ཡིན་པ་རེད།
རིག་གནས་སྲུང་སྐྱོབ་མཐུན་ཚོགས་འཛུགས་མཁན་གྱི་གྲགས་པ་དགེ་འདུན་ལགས།
མཐུན་ཚོགས་འཛུགས་མཁན་ནམ་ལས་འཛིན་འགོ་གཙོ་ནི་སེམས་ཀྱི་ཉི་ཟླར་སྙན་གྲགས་ཆེ་བའི་གྲགས་པ་དགེ་འདུན་ལགས་རེད། ཁོང་གིས་བོད་སྐད་ལས་གཞན། རྒྱ་སྐད། དབྱིན་སྐད། ལེགས་སྦྱར་སྐད། དེ་མིན་ཡུལ་དེའི་གྲངས་ཉུང་མི་རིགས་ཀྱི་སྐད་སོགས་སྐད་རིགས་མང་དུ་རྟོགས་ལ། དུས་དང་རྣམ་པ་ཀུན་ཏུ་ཕ་ཡུལ་གྱི་རིག་གནས་སྲུང་སྐྱོབ་བྱེད་པར་མ་བསྐུལ་དང་བླང་སྒོས་རྩེ་གཅིག་ཏུ་གཞོལ་བཞིན་མཆིས།
གྲགས་པ་དགེ་འདུན་དང་མཉམ་དུ་རིག་གནས་སྲུང་སྐྱོབ་མཐུན་ཚོགས་འཛུགས་མཁན་གྱི་བཙུན་པ་བློ་བཟང་མཁས་གྲུབ་ལགས།
སློབ་མ་རྣམས་ཀྱིས་མཐུན་ཚོགས་དེར་སློབ་སྦྱོང་བྱེད་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com