མཚོ་ལྷོ་མི་རིགས་མཐོ་འབྲིང་གཉིས་པའི་ཁྱིམ་བདག་ཚོགས་འདུའམ་ཐེབས་རྩ་ཚོགས་པའི་ཞལ་འདེབས་ཀྱི་བྱེད་སྒོ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-16 11:20:00 ཀློག་གྲངས།:


ཁྱིམ་བདག་ཚོགས་འདུ་འགོ་རྩོམ་པ།

          སློབ་གྲྭ་དང་ཁྱིམ་ཚང་མཐུན་སྦྱོར་སྒོས་སློབ་གསོའི་རྐང་འཛུགས་པ་དང་།  བྱིས་པ་ནར་སོན་པར་གཟིགས་རྟོགས།  སློབ་གྲྭ་དང་ཁྱིམ་ཚང་མཉམ་འབྲེལ་སྒོས་དོ་དམ་བྱེད་པ།  སློབ་མའི་རང་འགུལ་རང་བཞིན་སོགས་ཡར་སྐུལ་བྱེད་ཆེད།  ཟླ11པའི་ཚེས14ཉིན།  མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་ཁུལ་གསར་བའི་ལུས་རྩལ་ཐང་ཆེན་དུ2011ལོའི་ཁྱིམ་བདག་ཚོགས་འདུའམ་མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པས་ཞལ་འདེབས་ཕུལ་པའི་བྱེད་སྒོ་སྤེལ་ཞིང་། སློབ་གྲྭ་ཡོངས་ཀྱི་དགེ་སློབ1600ལྷག་དང་ཁྱིམ་བདག1000ལ་ཉེ་བ་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་རེད། 


ཁྱིམ་བདག་ཚོགས་འདུ་ཡུལ་དངོས།

          ཚོགས་ཐོག་ཏུ་སློབ་གྲྭ་དང་འབྲེལ་བའི་ཕྱོགས་སོ་སོའི་འགྲེམ་པང28ལྷག་བཀྲམ་ཞིང་།  སློབ་གཙོ་གཞོན་པ་ཡིད་བཞིན་དབང་རྒྱལ་གྱིས་ཚོགས་འདུ་ལ་མདོ་འཛིན་བྱས་པ་དང་།  སློབ་གྲྭའི་གཞུང་སྒྲུབ་ཁང་སོ་སོའི་འགན་འཛིན་པས་ལོ་གཅིག་རིང་གི་བྱ་བར་དབྱེ་ཞིབ་དང་སྤྱི་བསྡོམས་གནང་བ་དང་བསམ་འཆར་མི་དམན་པ་བཏོན།  དེའི་མཚུངས་སུ་ད་ལོར་གཟེངས་སུ་ཐོན་པའི་ཕུལ་བྱུང་སློབ་མ78དང་ཕུལ་བྱུང་ཁྱིམ་བདག10ལ་གཟེངས་བསྟོད་དང་བྱ་དགའ་གནང་བ་དང་།    མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པའི་མཚོ་སྔོན་ལས་སྒྲུབ་ཁང་གི་ལས་གཞི་སྤྱི་ཁྱབ་པ་དོན་འགྲུབ་ཚེ་རིང་གིས་ཡང་བསྐྱར་སློབ་གྲྭར་ལག་ཁྱེར་རྩིས་འཁོར30ཞལ་འདེབས་སུ་ཕུལ་པ་རེད།


གྲུབ་འབྲས་ཁྱད་དུ་འཕགས་པའི་ཕུལ་བྱུང་སློབ་མ78ལ་གཟེངས་ཐོན་དབང་ཡིག་དང་བྱ་དགའ་གནང་བ།

          སློབ་གཙོ་རིན་ཆེན་དོན་འགྲུབ་ཀྱིས་ཚོགས་ཐོག་ཏུ་སློབ་ཁུལ་གསར་བའི་འཛུགས་སྐྲུན་གནས་ཚུལ་དང་སློབ་གྲྭའི་འཕེལ་རྒྱས་མདུན་ལམ། ཉེ་བའི་ལོ་འགའི་རིང་གི་སློབ་གསོའི་གྲུབ་འབྲས་དང་། སྔར་ཡོད་དང་མ་འོངས་བར་ཐག་གཅོད་བྱེད་དགོས་པའི་གནད་དོན་སྐོར་མཚམས་སྦྱོར་ཞིབ་མོ་གནང་བ་དང་།  ཁྱིམ་བདག་ཡོངས་ལའང་རེ་བ་འགའ་བཏོན་པ་རེད།  མཇུག་མཐར་བོད་སྐད་ཡིག་སློབ་ཞིབ་རྩ་འཛུགས་ཁག་གི་དགེ་རྒན་དང་སློབ་མ་འགས་ཡུལ་དངོས་སུ་ཁྱིམ་བདག་རྣམས་ལ་ཕུན་སུམ་ཚོགས་པའི་བོད་ཀྱི་ཚད་མ་རིག་པའི་རྩོད་པ་བྱས་ནས་ཁྱིམ་བདག་རྣམས་ཀྱི་སྤྲོ་སེམས་ལྡན་པའི་དགའ་བསུ་ཐོབ། 


སློབ་མ་རྣམས་ཀྱིས་བོད་ཀྱི་ཚད་མ་རིག་པ་རྩོད་པ་བྱེད་པ། 

          ཕྱི་དྲོའི་ཆུ་ཚོད2:30སྟེང་།  འཛིན་གྲྭ་རེ་སྡེ་ཁག་ཏུ་བྱས་ཏེ་འཛིན་བདག་དང་རིག་ཚན་དགེ་རྒན་སོགས་ཁྱིམ་བདག་དང་གཅིག་སེམས་གཅིག་ལ་གཏད་དེ་ཐད་ཀར་གླེང་མོལ་མཛད་ཅིང་།  སློབ་གྲྭས་ཁྱིམ་བདག་ཡོངས་ལ་བསམ་འཆར་བསྡུ་ལེན་བྱས་ནས་ཕན་འབྲས་ལེགས་པོ་བྱུང་།  དུས་སྐབས་དེར་སློབ་གྲྭའི་འགོ་ཁྲིད་པ་རྣམས་ཀྱིས་ཁྱིམ་བདག་ཚོའི་དཔག་དཀའ་བའི་སློབ་གསོར་འབྲེལ་བའི་འདྲི་གཞི་སོགས་ལ་ལན་གསལ་བོ་བསློགས་པ་དང་ཁ་གཏད་ཀྱིས་ཁྲིད་སྟོན་གནང་བས་ཁྱིམ་བདག་རྣམས་ལ་བློ་གསལ་གྱི་ཕན་འབྲས་ཆེན་པོ་ཐོབ།  ཚོགས་འདུ་གྲོལ་རྗེས་ཁྱིམ་བདག་དང་འཛིན་བདག   རིག་ཚན་དགེ་རྒན་བཅས་ཕན་ཚུན་ལ་བསམ་བློ་བརྗེ་རེས་བྱས་པ་རེད། 


སློབ་མ་རྣམས་ཀྱིས་བོད་ཀྱི་ཚད་མ་རིག་པ་རྩོད་པ་བྱེད་པ། 

          ཐེངས་འདིའི་ཁྱིམ་བདག་ཚོགས་འདུ་སྤེལ་པ་ལས་སློབ་གྲྭ་དང་ཁྱིམ་ཚང་བར་གྱི་རྒྱུས་ལོན་འབྲེལ་བ་ཇེ་ཟབ་དང་ཕན་ཚུན་འབྲེལ་འདྲིས་དང་ཡིད་རྟོན་བྱེད་ཤུགས་དྲག་ཏུ་གྱུར་ཞིང་།  སློབ་གྲྭ་དང་ཁྱིམ་ཚང་།  སྤྱི་ཚོགས་བཅས་ཕྱོགས་གསུམ་གྱིས་ལྷན་དུ་བྱིས་པའི་སློབ་གསོའི་འགན་འཁྲི་ཁུར་བའི་སྣང་བརྙན་དོད་པོ་ཐོན་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།