ཀན་ལྷོའི་རི་ཁྲོད་དུ་གནས་པའི་རྨོངས་སེལ་བཙུན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-27 11:21:00 ཀློག་གྲངས།:


བསམ་འགྲུབ་ལགས་ཀྱིས་བཙུགས་པའི་རྨོངས་སེལ་ཚོད་ལྟའི་ལྟེ་གནས།

  དགུང་ལོ་བདུན་ཅུ་ལྷག་ལ་སླེབས་པའི་བསམ་འགྲུབ་ལགས་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཤིས་ཚང་དགོན་པའི་བཙུན་པ་ཞིག་ཡིན་ཞིང་། ཁོང་གིས་ལོ་ངོ་མང་པོའི་རིང་ལ་ཡུལ་དེ་གའི་སློབ་གསོ་ལ་ཐུགས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། རྨེ་རུ་སྡེ་བའི་རྨོངས་སེལ་ཚོད་ལྟའི་ལྟེ་གནས་ནི་ཁོང་གིས་བཙུགས་པ་ཡིན། སྡེ་བ་འདི་ནི་རོང་མ་འབྲོག་གི་ས་ཁུལ་ཞིག་ཡིན་པ་དང་། རྨོངས་སེལ་ཚོད་ལྟའི་ལྟེ་གནས་སུ་ཟླ་རེར་སློབ་ཁྲིད་གཅིག་ནས་གསུམ་མ་གཏོགས་བྱེད་མི་ཐུབ་མོད། ཐེངས་རེ་རེར་བསམ་འགྲུབ་ལགས་ལེ་བར་བཅུ་ལྷག་གི་རྐང་ལམ་བརྒྱུད་དགོས་པ་རེད། ཁོང་གིིས“རིག་གནས་མེད་ན་མིའི་བསམ་བློ་རྗེས་ལུས་སུ་འགྱུར་ལ་དཔལ་འབྱོར་ཡང་གོང་འཕེལ་དུ་འགྲོ་དཀའ”ཞེས་ཟེར། དུས་རྒྱུན་ཏུ་སློབ་མ་རྣམས་མ་སླེབས་གོང་བསམ་འགྲུབ་ལགས་རྨོངས་སེལ་ཚོད་ལྟའི་ལྟེ་གནས་སུ་སླེབས་ནས་གད་བདར་བྱེད་པ་དང་། ཆུ་སྐོལ་བ་སོགས་བྱེད་བཞིན་ཡོད་པ་རེད།


སྡེ་མགོ་ནས་སློབ་མ་རྣམས་ལ་སློབ་གྲྭ་ཚོགས་པའི་བརྡ་རྒྱག་པ།

སློབ་མ་རྣམས་ལ་སློབ་ཁྲིད་བྱེད་བཞིན་པ།

བསམ་འགྲུབ་ལགས་ཀྱི་གྲྭ་ཤག

བསམ་འགྲུབ་ལགས་ཀྱིས་ཟས་གཡོ་སྐོལ་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།