བྲག་དཀར་རྫོང་མི་རིགས་སློབ་འབྲིང་གིས་སྐབས་གཉིས་པའི་སྐོར་བྲོ་འགྲན་བསྡུར་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-15 10:19:00 ཀློག་གྲངས།:


བྲག་དཀར་རྫོང་མི་རིགས་སློབ་འབྲིང་གི་སྐབས་གཉིས་པའི་སྐོར་བྲོ་འགྲན་ཚོགས། 


སྐོར་བྲོའི་སྟངས་སྟབས་བསྒྱུར་བ། 

            སློབ་གྲྭའི་དགེ་སློབ་ཡོངས་ཀྱི་སློབ་གསེང་བྱ་འགུལ་ཕུན་སུམ་ཇེ་ཚོགས་དང་།  སློབ་མའི་བསམ་བློ་ཀུན་སྤྱོད་དང་།  བློ་གྲོས།  ལུས་རྩལ།  མཛེས་རིག་སོགས་གང་ཅིའི་ཐད་ནས་འཕེལ་རྒྱས་སུ་འགྲོ་བར།   བྲག་དཀར་རྫོང་མི་རིགས་སློབ་འབྲིང་སློབ་གསོ་དོ་དམ་ཁང་དང་སློབ་གྲྭའི་གུང་གཞོན་ཚོགས་པའི་ཀྲི་པུའུ་སྡེ་ཁག་གཉིས་ཀྱིས་གཙོ་འགན་བཞེས་ཏེ།  བྲག་དཀར་རྫོང་མི་རིགས་སློབ་འབྲིང་གི་སྐབས་གཉིས་པའི་སྐོར་བྲོ་འགྲན་བསྡུར་ཟླ9ཚེས14ཉིན་གཟབ་རྒྱས་ངང་སྤེལ་པ་ཡིན་ལ།  སློབ་རིམ་བཞི་བ་ནས་བརྒྱད་པའི་བར་གྱི་འཛིན་གྲྭ30སྐོར་བྲོ་འགྲན་བསྡུར་ལ་ཞུགས་ཡོད་ཅིང་།  ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པའི་སྤྱིའི་མི་གྲངས1600ལྷག་ཡོད་པ་རེད། 


སྐོར་བྲོ་འགྲན་བསྡུར་གྱི་ཟུར་ཞིག


བུ་མོ་སློབ་གྲོགས་ཚོས་སྐོར་བྲོ་འཁྲབ་པ།

            འགྲན་བསྡུར་འདི་སློབ་ཆུང་རུ་ཁག་དང་སློབ་འབྲིང་རུ་ཁག་གཉིས་སུ་དབྱེ་ཡོད་དེ།  ཆེས་དྲང་བདེན་དང་ཕྱོགས་རིས་མེད་པའི་རྩ་དོན་ལྟར་གཙོ་ཆེར་མི་གྲངས་དང་བྲོ་འཁྲབ་སྟངས།  གྲལ་སྒྲིག་སྟངས་སོགས་ཀྱི་ཆ་ནས་འགྲན་བསྡུར་གྱི་རྒྱལ་ཁ་རྩོད་པ་ཡིན་ལ།  སློབ་གྲོགས་ཚོའི་དུས་ཡུན་གཟའ་འཁོར་གཉིས་ལྷག་གི་གྲ་སྒྲིག་དང་ཉིན་འདིའི་ངོ་མཚར་གྱི་འཁྲབ་སྟོན་ལས་མཇུག་མཐར་འཛིན་གྲྭ11ལ་བྱ་དགའ་ཐོབ་པ་རེད།


དགའ་རྟགས་ཐོབ་པའི་འཛིན་གྲྭ།


དགའ་རྟགས་ཐོབ་པའི་འཛིན་གྲྭ།   

            ཐེངས་འདིའི་འགྲན་བསྡུར་ལས་བྲག་དཀར་རྫོང་མི་རིགས་སློབ་འབྲིང་སློབ་རའི་སྐོར་བྲོ་ལ་སྔ་ན་མེད་པའི་གསོན་ཤུགས་བསྩལ་བ་དང་།  རྗེས་ཕྱོགས་ཀྱི་བྱ་འགུལ་གཞན་དག་སྤེལ་པར་རྨང་གཞི་ལེགས་པོ་བཏིངས་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།