“ངའི་ཕ་ས་ཕ་ཡུལ”ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་མདའ་ཚན་ཡུལ་ཚོ་ནས་བསྡུས་པ།
“ངའི་ཕ་ས་ཕ་ཡུལ”ཞེས་པའི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་མདོ་འཛིན་པ།
སྤྱི་ལོ2011ལོའི་ཟླ8པའི་ཚེས8ཉིན། 2002ལོའི་མདའ་ཚན་མཐར་ཕྱིན་འཛིན་གྲྭས་གཙོ་སྒྲུབ་བྱས་པའི་རྨ་ལྷོ་སོག་རྫོང་གི་སྐབས་དང་པོའི་ངའི་ཕ་ས་ཕ་ཡུལ་ཞེས་པའི་རྫོང་ཡོངས་ཀྱི་སློབ་ཆེན་དང་མཐོ་འབྲིང་གི་སློབ་མའི་སྙན་ངག་གྱེར་འདོན་འགྲན་བསྡུར་མདའ་ཚན་ཡུལ་ཚོ་ནས་གཟབ་རྒྱས་ངང་ཚོགས། འགྲན་བསྡུར་འདིར་འགྲན་ཞུགས་མི་སྣ་སུམ་བཅུ་ལྷག་ཡོད་ལ། གདན་ཞུས་སྐུ་མགྲོན་བཞི་བཅུ་ལྷག་ཀྱང་ཚོགས་ར་འདིར་འདུས་ཡོད། ཐེངས་འདིའི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་དཔྱད་འདེམས་པ་དག་ནི་དགེ་རྒན་ཆེན་མོ་བ་བདུད་ལྷ་རྒྱལ་དང་། བོད་ཀྱི་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ། སྙན་ངག་པ་མདའ་བཙན་པོ། དགེ་རྒན་ཆེན་མོ་བ་ཡོན་ཏན། ཆབ་བྲག་གདུགས་དཀར་སྐྱབས་བཅས་ཡིན།
གཙོ་སྒྲུབ་བྱེད་མཁན་གྱི་འཛིན་གྲྭའི་ཚོགས་གཙོས་གཏམ་བཤད་བྱེད་བཞིན་པ།
བོད་ཀྱི་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་གྱིས་གསུང་བཤད་གནང་བ།
དགེ་རྒན་ཆེན་མོ་བ་བདུད་ལྷ་རྒྱལ་གྱིས་གསུང་བཤད་གནང་བཞིན་པ།
“ངའི་ཕ་ས་ཕ་ཡུལ”ཞེས་པའི་སྙན་ངག་གྱེར་འདོན་འགྲན་བསྡུར་ཁྲོད་ཕུལ་དུ་བྱུང་བའི་
འགྲན་ཞུགས་པར་བྱ་དགའ་གནང་བ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com