སྐབས་གསུམ་པའི་མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ལ་གྲ་སྒྲིག་ལེགས་པོ་བྱས་ཡོད་པ།
སྐབས་གསུམ་པའི་མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན།
ཟླ8ཚེས2ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔར་སྐྲུན་ཐིན་ནས་རྒྱུས་ལོན་བྱས་པ་ལྟར་ན། སྐབས་གསུམ་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་སྙན་ངག་པ་གདན་འདྲེན་དང་། བྱ་འགུལ་གྱི་གྲ་སྒྲིག་བྱ་བ་སོགས་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད།
ལས་སྒྲུབ་མི་སྣས་མཚམས་སྦྱོར་བཤད་རྒྱུར། ད་ལོའི་སྙན་ངག་དུས་ཆེན་སྤེལ་བའི་དུས་ཚོད་ནི་ཟླ8ཚེས8ནས་ཚེས11བར་ཡིན་ཞིང་། སྙན་ངག་འགོ་རྩོམ་པའི་མཛད་སྒོ་དང་། གླེང་སྟེགས། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གསེར་གྱི་གཙོད་རྟགས་མའི་བྱ་དགའ་གནང་བའི་མཛད་སྒོ། སྙན་ངག་གྱེར་འདོན། མཇུག་སྒྲིལ་བའི་དགོང་ཚོགས་སོགས་བྱ་འགུལ་རབ་དང་རིམ་པ་མཆིས་ཟེར།
མིག་སྔར། སྙན་ངག་པ་གདན་འདྲེན་ཞུ་བའི་བྱ་བ་དང་། སྙན་ངག་དུས་ཆེན་གྱི་འབྲེལ་ཡོད་སྙན་ངག་དཔེ་ཚོགས་དང་དུས་དེབ་པར་སྐྲུན་བྱ་བའང་མཇུག་སྒྲིལ་བ་ཡིན་ལ། བྱ་འགུལ་སྤེལ་སའི་གནས་སོགས་ཀྱང་ཆེས་མཐའ་མཇུག་གི་བཀོད་སྒྲིག་ལྟར་ཡོངས་སུ་སྒྲུབ་ཚར་ཡོད་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com