སློབ་འབྲས་ལ་དཔྱད་འཇོག་བྱས་ཏེ་མ་འོངས་པའི་འཕེལ་རྒྱས་ལ་དམིགས་པ།
བརྩོན་པ་རྒྱུན་འཁྱོངས་ཀྱི་སློབ་མ་བཅུ་ལ་དགའ་རྟགས་གནང་བའི་ཚུལ།
2011ལོའི་ཟླ6པའི་ཟླ་སྟོད་དུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གིས་སློབ་སྐབས་ཕྱེད་ཀྱི་སློབ་སྦྱོང་གི་འབྲས་བུར་སྤྱི་སྡོམ་དང་སློབ་མའི་སློབ་སྦྱོང་གི་ནུས་པ་མཐོར་འདེགས། སྐུལ་འདེད་བཅས་ཀྱི་ཆེད་དུ་སློབ་གྲྭའི་སྐས་རིམ་ཐོག་ཁང་ནང་དུ་གཟབ་རྒྱས་དང་གོ་རིམ་ཞིབ་ཚགས་ལྡན་པའི་སྒོ་ནས་དགེ་སློབ400ལྷག་གི་མཉམ་འབྲེལ་འོག་ནས་བདེ་ལེགས་ངང་བསྡུས།
སྤྱོད་ཡོན་གཉིས་ལེགས་ཀྱི་སློབ་མ་བཅུ་ལ་དགའ་རྟགས་གནང་བའི་ཚུལ།
གླིང་གཙོ་རྡོ་རྗེ་ལྷུན་གྲུབ་ཀྱིས་མགོ་འཛིན་མཛད་དེ་ཐེངས་འདིའི་ཚོགས་འདུའི་དོན་སྙིང་དང་དམིགས་ཡུལ་གསལ་ཐག་ཆོད་པའི་སྒོ་ནས་ཞིབ་འགྲེལ་བརྒྱབ་ནས་ནན་གྱིས་གསུངས་དོན། སློབ་མ་ཞིག་ཡིན་ན་དཔེ་ཆའི་ཐོག་གི་ཤེས་བྱ་གཅིག་པུ་སློབ་སྦྱོང་བྱས་པས་མི་ཆོག་པར། མི་གཞི་ལེགས་པོ་ཞིག་བཅའ་དགོས་པ་སྟེ། སློབ་མ་སྣོད་ལྡན་ཞིག་དང་མི་ཀུན་མཐུན་སྤྱོད་བཟང་ཅན་ཞིག་ཏུ་བསྒྱུར་རྒྱུ་གལ་ཆེ་ཚུལ་དང་གཞན་སློབ་སྦྱོང་ལ་ཞན་པའི་སློབ་མ་རྣམས་ཡིད་ཆད་མི་ཉན་པ། སློབ་སྦྱོང་བྱེད་པར་སྐྱོ་བ་སྐྱེས་མི་ཉན་པའི་སྐུལ་ལྕག་ཚ་བོ་གནང་ནས་སློབ་སྦྱོང་བཟང་ཤོས་དག་ལ་མིག་དཔེ་བལྟས་ཏེ་ཁྱོད་ཕམ་ང་རྒྱལ་གྱི་འགྲན་རྩོད་རང་བཞིན་ལྡན་པའི་སྒོ་ནས་སློབ་སྦྱོང་གི་མཁའ་དབུགས་གསར་བ་ཞིག་བསྐྲུན་པར་འབོད་སྐུལ་ཡང་ཡང་བཏང༌།
ཚོགས་རའི་གྲུ་ཟུར་ན་སྨོན་པ་འཆོར་བའི་སློབ་གྲོགས་རྣམས།
ཐེངས་འདིའི་སློབ་སྐབས་ཕྱེད་ཀྱི་དཔྱད་འཇོག་བྱེད་སྟངས་སྔོན་མའི་འགྲོ་ལུགས་དང་མི་འདྲ་བར་བྱ་དགའི་གཟེངས་རྟགས་རིམ་པ་གསུམ་དུ་བགར་བ་སྟེ། སྤྱོད་ཡོན་གཉིས་ལེགས་ཀྱི་སློབ་མ་བཅུ་དང༌། བརྩོན་པ་རྒྱུན་འཁྱོངས་ཀྱི་སློབ་མ་བཅུ། མངོན་གསལ་ཡར་ཐོན་ཅན་གྱི་སློབ་མ་བཅུ་བཅས་ཁྱོན་བསྡོམས་སློབ་མ30ལ་བྱ་དགའི་ཤོག་བྱང་དང་བོད་ཀྱི་ཉེར་མཁོའི་དཔེ་ཆ་ལེགས་ཤོས་སྐོར་ཞིག་ལེགས་སྐྱེས་སུ་གནང༌།
སློབ་གྲོགས་དུང་མཚོ་སྐྱིད་ལ་གནང་བའི་གཟི་འོད་འབར་བའི་རྟགས་མ།
དེ་ལས་ཀྱང་གཟེངས་སུ་ཐོན་པ་ནི2010ལོའི་རྒྱལ་ཡོངས་འབྲིང་རིམ་སློབ་མའི་དབྱིན་ཡིག་ཤེས་བྱའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བླངས་པའི་སློབ་གྲོགས་དུང་མཚོ་སྐྱིད་ལ་དམིགས་སུ་སློབ་གྲྭས་ཀྱང་དགའ་རྟགས་འབུལ་ནས་སློབ་མ་ཡོངས་ཀྱིས་སློབ་གྲོགས་འདི་ཉིད་ཀྱི་གྲུབ་འབྲས་ལ་སློབ་སྦྱོང་བྱེད་དགོས་པའི་སློབ་གསོ་ནན་མོ་གནངས་པར་བརྟེན། རེབ་འདིར་བདམས་ཐོན་བྱུང་བའི་སློབ་གྲོགས་རྣམས་ལ་ཚོགས་འདུར་ཞུགས་པའི་དགེ་སློབ་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་གྱི་ཐལ་མོའི་རྡེབ་སྒྲ་ལྷང་ལྷང་བསྒྲགས།
མཇུག་མཐར་གླིང་གཙོས་རྗེས་ཕྱོགས་ཀྱི་སློབ་སྦྱོང་འཚོ་བའི་ཁྲོད་དུ་མ་འདང་སར་ཁ་སྐོང་དང་འབད་པ་ལྷུར་ལེན་བྱས་ནས་སློབ་སྐབས་མཇུག་ལ་དེ་ལས་ལྷག་པའི་གཡུར་ཟའི་འབྲས་བུ་ཞིག་ལེན་པར་རྨང་གཞི་ལེགས་པོ་གདིང་དགོས་ཞེས་ཁ་ཏ་ཡང་ཡང་གནངས་ནས་ཚོགས་འདུ་རྒྱལ་ཁའི་ཁྲོད་མཇུག་རྫོགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com