ཅིན•ཧྲི་སྨི་སིའི་འཐུས་ཚབ་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་ལ་བོད་ཡིག་ཚད་ལྡན་ཡིག་ཆ་ཞལ་འདེབས་གནང་བ།

རྩོམ་པ་པོ།:སྒྲོལ་མ། ཡོང་ཁུངས།:ཀྲུང་གོའི་བོད་རིག་པའི་དྲ་བ།  དུས་ཚོད།:2011-06-10 08:54:00 ཀློག་གྲངས།:


ཅིན•ཧྲི་སྨི་སིའི་འཐུས་ཚབ་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་ལ་
བོད་ཡིག་ཚད་ལྡན་ཡིག་ཆ་ཞལ་འདེབས་གནང་བཞིན་པ།
  

              ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་བཙུགས་ནས་ལོ་ངོ60འཁོར་བའི་སྐབས་དང་བསྟུན་ནས། ཨ་རིའི་བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཆེད་མཁས་པ་སྐད་གྲགས་ཅན་དང་། ཨ་རིའི་ཉིའུ་ཡོག་བོད་བརྒྱུད་ནང་བསྟན་གྱི་དཔྱད་ཡིག་ཆ་འཕྲིན་ལྟེ་གནས་གསར་འཛུགས་མཁན་སྐུ་ཞབས་ཅིན•ཧྲི་སྨི་སི་ལགས་ཀྱིས་མི་ཚེ་གང་ལ་བསྡུ་སྒྲིག་དང་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆ་རྩ་ཆེན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་ཞལ་འདེབས་གནང་ཞིང་། དགེ་སློབ་དང་རིག་གཞུང་ཞིབ་འཇུག་པ་རྣམས་ལ་སློབ་སྦྱོང་དང་ཟུར་ལྟའི་དཔེ་དེབ་ཚུལ་ཏུ་ཕུལ་བ་རེད།
              ཅིན•ཧྲི་སྨི་སི(Ellis Gene Smith)ལགས་ནི1936ལོའི་ཟླ8པའི་ཚེས10ཉིན་ཨ་རིར་སྐྱེས་ཤིང་། 1959ལོར་ཨ་རིའི་ཞི་ཡ་ཐུའུ་ཝ་ཧྲིང་ཐོན་སློབ་གྲྭ་ཆེན་མོའི་ཡ་གླིང་ས་ཁོངས་ཞིབ་འཇུག་སྐོར་གྱི་ཤེས་རམས་པའི་ཡོན་གནས་ཐོབ་ཅིང་།      1964ལོར། ཁོང་གིས་ཞི་ཡ་ཐུའུ་ཝ་ཧྲིང་ཐོན་སློབ་གྲྭ་ཆེན་མོ་ནས་སོག་སྐད་དང་བོད་སྐད་ཆེད་སྦྱོང་གི་རབ་འབྱམས་པའི་ཡོན་གནས་བླངས་པ་དང་།   1964ལོར་འབུམ་རམས་པའི་ཡོན་གནས་བླངས་པ་རེད།
              དུས་རབས20བའི་ལོ་རབས60ནང་། ཅིན•ཧྲི་སྨི་སི་ཡིས་ཨ་རིའི་རྒྱལ་ཚོགས་ཀྱི་དཔེ་མཛོད་ཁང་གི་ལས་གཞི་ཞིག་ལོན་ནས།   རྒྱ་གར་དང་། ནེ་པ་ལ། འབྲུག་ཡུལ་སོགས་རྒྱལ་ཁབ་མང་པོར་ཕྱིན་ཏེ་བསྐྱར་པར་བྱས་པའི་བོད་ཡིག་གི་ཚད་ལྡན་ཡིག་ཆ་རྩ་ཆེན4000ཙམ་བསྡུ་ཉར་བྱས་པ་རེད། དཔྱད་ཡིག་དེ་དག་ནི་ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་དང་། ཨ་རིའི་སློབ་གྲྭ་ཆེན་མོ18ཙམ་གྱི་ཉར་ཚགས་བྱས་པ་ཆེས་སྔ་བའི་བོད་ཡིག་གི་ཚད་ལྡན་ཡིག་ཆ་རེད།
              ལོ་ངོ40རིང་ལ། ཅིན•ཧྲི་སྨི་སིས་བོད་ཡིག་གི་ཚད་ལྡན་ཡིག་ཆ་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ40ཙམ་སྤེལ་ཡོད་པ་དང་།དཔེ་དེབ་གཉིས་པར་དུ་བསྐྲུན་ཡོད་ལ། 1969ལོར《ཝ་ཧྲིང་ཐོན་སློབ་གྲྭ་ཆེན་མོའི་བོད་ཡིག་གི་ཚད་ལྡན་ཡིག་ཆའི་དཀར་ཆག་》པར་སྐྲུན་བྱས་པ་དང་། 2001ལོར《བོད་ཡིག་གི་ཚད་ལྡན་ཡིག་ཆ — ཧི་མ་ལ་ཡའི་མཐོ་སྒང་གི་ལོ་རྒྱུས་དང་རྩོམ་རིག་》བཅས་པར་སྐྲུན་བྱས་པ་རེད།
              དུས་རབས20བའི་ལོ་རབས90ཡི་ནང་།ཅིན•ཧྲི་སྨི་སི་དང་ཁོང་གི་གྲོགས་པོ་བཅས་ཀྱིས་ཨ་རིའི་པོ་སི་ཐོན་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་གྱི་དཔྱད་ཡིག་ཆ་འཕྲིན་ལྟེ་གནས(Tibetan Buddhist Resource Center དེའི་དྲ་བ་ནི་ 2003ལོར་ལྟེ་གནས་དེ་ཉིའུ་ཡོག་གྲོང་ཁྱེར་དུ་གནས་སྤོ་བྱས་པ་རེད།   

 

 

 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།