ཐེམ་ཆེན་རྫོང་དུ་མི་རིགས་སྐད་ཡིག་གི་སྙན་ངག་གྱེར་འདོན་འགྲན་ཚོགས་བསྡུས་པ།

རྩོམ་པ་པོ།:པད་མ་རིག་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-07 10:04:00 ཀློག་གྲངས།:


མདོ་འཛིན་པ་ཚེ་སྒྲོན་དང་ཀུན་གྲགས།


ཐེངས་འདིའི་འགྲན་ཚོགས་ཀྱིས་དཔྱད་འདེམས་པའི་ཟུར་ཞིག 

            ཉེ་ལམ། ཐེམ་ཆེན་རྫོང་དུ་ཏང་བཙུགས་ནས་ལོ་འཁོར90ལོན་པའི་རྟེན་འབྲེལ་ཞུ་བའི་ལྷན་དུ་ཚྭ་འདམ་ས་ཁུལ་གྱི་བོད་རིགས་སློབ་མ་ཡོངས་ཀྱི་སྐྱེ་སྟོབས་ཀྱི་ཤེས་རབ་ལ་སྦྱང་སྟོབས་ཀྱི་ཡོན་ཏན་བྱུགས་པར་སྐུལ་མ་གཏོང་ཆེད་དང་། དེ་མིན་ཐེངས་འདིའི་བྱ་འགུལ་བརྒྱུད་ནས་ཚྭ་འདམ་ས་ཁུལ་གྱི་མི་རིགས་སློབ་འབྲིང་སོ་སོ་རུ་རང་གི་རིག་གནས་ལ་སྦྱང་བརྩོན་བྱེད་བཞིན་པའི་སློབ་མ་ཡོངས་རང་སྐད་ཡིག་ལ་དུང་ཞེན་ཇེ་དྲག་ཏུ་གཏོང་བ་དང་མེ་རྒྱལ་ལ་དགའ་བ། ནམ་ཡང་ཏང་གི་བསམ་བློའི་དགོས་དོན་དང་བསྡོངས་ནས། རང་གི་སྐད་དང་ཡིག་གེ་ལ་འབད་བརྩོན་དམ་ལྷོད་མེད་པར་རྒྱུན་འཁྱོངས་མཐར་བསྐྱེད་ཀྱིས་སྐུལ་སློང་གི་ནུས་པ་ཐོན་པའི་སླད་དང་། མ་འོངས་པར་བོད་ཡུལ་གྱི་སྲིད་འབྱོར་རིག་གསུམ་ལ་ཁ་ལོ་བྱེད་པའི་འདུ་ཤེས་བརྟན་པོ་ཞིག་སྐྲུན་ཐུབ་པའི་ཀུན་སློང་གཙང་མ་ཤིག་བཅངས་ཏེ། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་བཅས་ཕྱོགས་ཡོངས་ནས་ནུས་པ་ལྷུག་པོ་འཛོམས་པའི་རྗེས་རབས་པ་སྐྱེད་བསྲིངས་བྱེད་པ་བཅས་ལ་དམིགས་ཏེ། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་དང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས། མཚོ་ནུབ་ཁུལ་རིག་རྩལ་རླུང་བརྙན་འཕྲིན་ཁང་། དེ་མིན་ཐེམ་ཆེན་རྫོང་གི་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་མི་རིགས་སྐད་ཡིག་གི་སྙན་ངག་གྱེར་འདོན་འགྲན་ཚོགས་མཉམ་སྒྲུབ་སྒོས་སྤེལ་བ་རེད།


བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་སློབ་གྲོགས་ལྷ་མོ་སྐྱབས།


འགྲན་ཞུགས་སློབ་མའི་སྙན་ངག་གྱེར་འདོན་བྱེད་བཞིན་པ།
   

            མཚོ་སྔོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཚེ་སྒྲོན་དང་ཁུལ་བོད་སྐད་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་ཀུན་གྲགས་གཉིས་ཀྱིས་ཐེངས་འདིའི་འགྲན་ཚོགས་ལ་མདོ་འཛིན་མཛད་ཅིང་།  ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་དང་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སི་ཆེན་ཧྥུ། ཐེམ་ཆེན་རྫོང་ཏང་ཨུའི་རྒྱུན་ལས་དང་རྒྱུན་ལས་རྫོང་དཔོན་གཞོན་པ་བུ་བའེ། ཐེམ་ཆེན་རྫོང་ཏང་ཨུའི་རྒྱུན་ལས་དང་ཐབས་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་ཧྭི་ཙི་པའོ། ཐེམ་ཆེན་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཅུའུ་ཧྭ་སོགས་འགོ་ཁྲིད་རྣམས་འགྲན་ཚོགས་སྟེང་ཞུགས་པ་དང་། ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་གྱིས་མཛད་སྒོའི་སྟེང་གཏམ་བཤད་གནང་བ་རེད།


ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་
བྱ་དགའ་ཐོབ་མཁན་གྱི་སློབ་མ་ཡོངས་ལ་དགའ་རྟགས་གནང་བཞིན་པ།


བྱ་དགའི་ཨང་རིམ་ལྟར་གྲལ་སྒྲིག་ཡོད་པའི་ཚུལ།

            ཐེངས་འདིའི་འགྲན་ཞུགས་སྟེང་།  ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ། གཏེར་ལམ་རྫོང་མི་རིགས་སློབ་འབྲིང་། ན་གོར་མོ་མི་རིགས་སློབ་འབྲིང་བཅས་ཀྱི་སློབ་མ་བསྡོམས་པའི་ཉེར་གཉིས་འགྲན་བསྡུར་རུ་ཞུགས་ཤིང་། འགྲན་བསྡུར་ཁྲོད་སློབ་མ་རེ་རེར་འབུར་དུ་ཐོན་པའི་ཁྱད་ཆོས་རེ་ཡོད་ལ། སྙན་ངག་གྱེར་འདོན་ཁྲོད་ཡིད་གྱི་འགྱུར་བ་དང་ཕྱིའི་ཉམས་འགྱུར། གདངས་དབྱངས་སྙན་མོའི་འགྱུར་ཁུགས་རེ་རེ་ཡི་ཚོགས་ར་ཡོངས་ཡིད་འགུག་ཐེབས་པར་བཅུག


སྙན་ངག་གྱེར་འདོན་འགྲན་ཞུགས་པར་སྐུལ་སློང་གི་ཞབས་བྲོ་འཁྲབ་བཞིན་པ། 


འགྲན་ཞུགས་སྟེང་གི་མཉམ་བསྐྱོན་འདྲ་པར།

            ཐེངས་འདིའི་བྱ་དགའ་ལ་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། གཞན་རྣམས་ཕུལ་བྱུང་བྱ་དགའ་རུ་འདེམས་ལ། གྱེར་འདོན་འགྲན་བསྡུར་ཁྲོད། གཏེར་ལམ་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་ལྷ་མོ་སྐྱབས་ཀྱིས་ཨང་དང་པོ་བླངས་པ་དང་། གཏེར་ལམ་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲོགས་འབྲུག་ཁྱུང་རྒྱལ་དང་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲོགས་ཟོན་ཕྱུག་འཚོ་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། བྱ་དགའ་ཨང་གསུམ་པ་ཐོབ་མཁན་ནི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲོགས་རྟ་མགྲིན་འཚོ་དང་ཀུན་དགའ། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གྲོགས་སྟག་ལྷ་ཚེ་རིང་གསུམ་ཡིན། འགྲན་བསྡུར་ལ་ཞུགས་མཁན་གཞན་ཡོངས་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།