གཙོས་བོད་རིགས་སློབ་འབྲིང་གིས་ནུབ་བྱང་མི་རིགས་སློབ་ཆེན་དུ་སྐད་གཉིས་དགེ་རྒན་བསྡུས་པ།
སྐད་གཉིས་སློབ་གསོའི་མི་ཤུགས་གསོ་སྐྱོང་དང་ཀན་ལྷོ་ཁུལ་དུ་དངོས་སྦྱོང་བྱེད་
གནས་འཛུགས་པ་སོགས་ཀྱི་ཕྱོགས་ནས་བགྲོ་གླེང་མཛད་བཞིན་པ།
ཟླ5ཚེས9ཉིན། ཀན་ལྷོ་ཁུལ་སློབ་གསོ་ཅུའི་འགོ་གཙོ་གཞོན་པ་མཱ་ཀྲུང་དང་། གཙོས་མི་རིགས་སློབ་འབྲིང་གི་སློབ་གཙོ་ཧྥུ་ཧེ་ཧྲིན་སོགས་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་ནས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་དང་། སྐད་གཉིས་རྩིས་རིག སྐད་གཉིས་དངོས་ལུགས། སྐད་གཉིས་སྐྱེ་ཁམས། སྐད་གཉིས་ས་རྒྱུས། སྐད་གཉིས་ལོ་རྒྱུས་སོགས་སྐད་གཉིས་ཆེད་ལས་ཀྱི2011ལོའི་མཐར་ཕྱིན་སློབ་མ་བསྡུས་པ་རེད།
དགེ་རྒན་བསྡུ་བའི་ཡུལ་དངོས།
ནུབ་བྱང་མི་རིགས་སློབ་ཆེན་སློབ་མ་ལས་ཞུགས་ལྟེ་གནས་ཀྱི་འགོ་གཙོ་ཀྲུང་ཧྥུ་ཙོའོ་དང་འགོ་གཙོ་གཞོན་པ་པད་ལེ་ཕིན། བོད་སྐད་ཡིག་རིག་གནས་སློབ་གླིང་གི་མཱ་ཧོང་ཐུའུ། སློབ་གླིང་དེའི་སློབ་གཙོ་གཞོན་པ་ཀྲང་ཝེ་བཅས་ཀྱིས་ཀན་ལྷོ་ཁུལ་གྱི་སྐད་གཉིས་དགེ་རྒན་བསྡུ་བའི་ཚན་ཆུང་དང་ལྷན་དུ་སྐད་གཉིས་སློབ་གསོའི་མི་ཤུགས་གསོ་སྐྱོང་དང་ཀན་ལྷོ་ཁུལ་དུ་དངོས་སྦྱོང་བྱེད་གནས་འཛུགས་པ་སོགས་ཀྱི་ཕྱོགས་ནས་བགྲོ་གླེང་མཛད་ཡོད་པ་རེད།
གཙོས་མི་རིགས་སློབ་འབྲིང་གིས་ནུབ་བྱང་མི་རིགས་སློབ་ཆེན་དུ་སྐད་གཉིས་དགེ་རྒན་བསྡུ་བ།
ཐེངས་འདིའི་དགེ་རྒན་བསྡུ་བའི་སྔོན་འགྲོ་ནི་སློབ་ཆེན་དངོས་གཞིའི་འཛིན་རྟགས་དང་སློབ་འབྲིང་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག ཕྱི་རྒྱལ་སྐད་ཡིག་དང་རྩིས་འཁོར་སོགས་ཀྱི་ཐོབ་ཐང་དཔང་ཡིག དེ་མིན་སློབ་འབྲས་ཕྱོགས་གང་ནས་སྔོན་ཐོན་ཡིན་པ་མ་ཟད་བོད་རྒྱ་སྐད་གཉིས་སློབ་གསོར་བྱང་ཆུད་པའི་འབུར་ཐོན་མཐར་ཕྱིན་སློབ་མ་ཡིན་དགོས་པ་དང་། དགེ་རྒན་བསྡུ་བའི་ཚན་ཆུང་སྔ་གཞུག་ཏུ་བོད་སྐད་ཡིག་རིག་གནས་སློབ་གླིང་དང་། རྩིས་རིག་དང་རྩིས་འཁོར་ཚན་རིག་སློབ་གླིང་སོགས་སུ་ཡུལ་དངོས་ནས་དགེ་རྒན་བསྡུས་ཤིང་། མཐར་ཕྱིན་སློབ་མ100ལྷག་གིས་རང་ཉིད་ཀྱི་མཚམས་སྦྱོར་ཡི་གེ་སྤྲད་དེ་ཁ་རྒྱུགས་བླངས་པ་བརྒྱུད། མཇུག་མཐར་སློབ་མ11གིས་ཀན་ལྷོ་ཁུལ་སློབ་གསོ་ཅུའུ་དང་ཐད་ཀར་དུ་གྲོས་མཐུན་ཡི་གེ་བྲིས་ཤིང་དགེ་རྒན་དངོས་མའི་ཐོབ་ཐང་བླངས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com