སྐབས་ལྔ་བའི་བོད་ཀྱི་ཤེས་རིག་གླེང་སྟེགས་འཚོགས་པ།

རྩོམ་པ་པོ།:ཡོན་ཏན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-30 12:56:00 ཀློག་གྲངས།:


སྐུ་ཞབས་ཚེ་བརྟན་རྡོ་རྗེ་ལགས།


            མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཡིག་སྡེ་ཁག་ནས་སྐབས་ལྔ་བའི་བོད་ཀྱི་ཤེས་རིག་གླེང་སྟེགས་འཚོགས་ཤིང་།  འཚོགས་ཐོག་འདིར༼རྩེར་སྙེག༽རྩོམ་སྒྲིག་ཁང་གི་སྐུ་ཞབས་ཚེ་བརྟན་རྡོ་རྗེ་ལགས་ཀྱིས༼ཙོང་ཁ་རྒྱལ་པོའི་གྱི་ཐང་མཁར་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་གནས་ཚུལ༽ཞེས་པའི་འཆད་ཁྲིད་གནང་པ་རེད།


ཙོང་ཁའི་རྒྱལ་པོ་ཁྲི་གནམ་ལྡེ་དབོན་བཙན་པོ། ༼ཁྲི་ལྡེ།༽

            རང་རེའི་བོད་ལ་མཚོན་ན་ལྷ་སའི་རྒྱལ་རྒྱུད་དང་མངའ་རིས་རྒྱལ་རྒྱུད། ཡར་ལུང་རྒྱལ་རྒྱུད་སོགས་བོད་ཆེན་པོའི་རྒྱལ་རབས་མཇུག་རྫོགས་ཀྱི་རྒྱལ་རྒྱུད་མང་པོར་ཞིབ་འཇུག་བྱེད་མཁན་མང་པོ་ཡོད་པ་མ་ཟད་ཞིབ་འཇུག་ཐད་དུའང་གྲུབ་འབྲས་མི་དམན་པ་རེ་བླངས་ཡོད་ཀྱང་། མདོ་སྨད་ཙོང་ཁའི་རྒྱལ་རྒྱུད་ལ་དུས་ད་ལྟའི་བར་དུ་ཞིབ་འཇུག་བྱེད་མཁན་ཤིན་ཏུ་ཉུང་བའི་རྐྱེན་གྱིས་དེའི་ཐད་དུ་བླངས་པའི་ཞིབ་འཇུག་འབྲས་བུ་ཡང་ཧ་ཅང་ཉུང་བའི་ཚོད་དུ་གདའ། དེ་ནི་དེའི་ཕྱོགས་ཀྱི་ལོ་རྒྱུས་ཡིག་ཆ་དང་ཞིབ་འབྲས་ཀྱི་གྲུབ་འབྲས་མང་པོ་ཡང་མི་རྣམས་ལ་སྟོན་ཏུ་མེད་པའི་ཐོག་ནས་ཤེས་ཀྱིན་ཡོད།


ཙོང་ཁའི་རྒྱལ་པོའི་དུས་སྐབས་ཀྱི་གྱི་ཐང་མཁར།

            སྐུ་ཞབས་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ལོ་མང་རིང་ཙོང་ཁའི་རྒྱལ་རྒྱུད་སྐོར་ལ་ཞིབ་འཇུག་གང་མང་བྱས་ཤིང་། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་ནས་ཀྱང་ཙོང་ཁའི་རྒྱལ་རྒྱུད་སྐོར་གྱི་ཞིབ་འཇུག་འབྲས་བུ་སྒྲོགས་འདོན་བྱས་མྱོང་། དུས་ད་ལྟ་ཁོ་ནི་ཕལ་ཆེར་བོད་ཁམས་ཡོངས་སུ་ཙོང་ཁའི་རྒྱལ་རྒྱུད་ལ་ཞིབ་འཇུག་བྱེད་མཁན་གཅིག་པུ་དེ་ཡིན་ཞིང་ཙོང་ཁའི་རྒྱལ་རྒྱུད་ཞིབ་འཇུག་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པས། ཁོ་ནི་ཙོང་ཁའི་རྒྱལ་རྒྱུད་ཞིབ་འཇུག་ཕྱོགས་ཀྱི་ཆེད་མཁས་པ་ཡིན་ཞེས་བཤད་ཆོག


ད་ལྟ་ཤུལ་དུ་ལྷག་པའི་གྱི་ཐང་མཁར་གྱི་ཤུལ་རོ།

            རེབ་འདིར་ཁོས་ཙོང་ཁ་རྒྱལ་པོའི་མཆེད་ཁུངས་དང་ཙོང་ཁ་རྒྱལ་པོ་ཁྲི་གནམ་ ལྡེ་དབོན་བཙན་པོས་ཙོང་ཁའི་ཡུལ་ཕྱོགས་བཅོ་བརྒྱད་དབང་དུ་བསྡུས་ནས་གྱི་ཐང༼དེང་གི་མཚོ་སྔོན་ཟི་ལིང༽དུ་རྒྱལ་ས་གྱི་ཐང་མཁར་བསྐྲུན་པའི་སྐོར་རྒྱས་བཤད་དང་། གྱི་ཐང་མཁར་གྱི་ངོ་མཚར་བཀོད་པ་དག་བརྙན་ཡོལ་ཆེན་མོ་བརྒྱུད་ནས་དཔྱོད་ལྡན་པ་དག་གི་མིག་ལམ་དུ་བསྟར་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།