རྒན་ལྷ་རྒྱལ་ཚེ་རིང་ལགས་ཀྱིས་འཆད་ཁྲིད་གནང་པ།

རྩོམ་པ་པོ།:བྱང་ཁུ་ལོ་ཚང་། ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-04-29 10:01:00 ཀློག་གྲངས།:


ཤེས་རིག་གླིང་སྟེགས་ཚང་གི་ཚབ་བྱེད་པས་ཚོགས་རར་མདོ་འཛིན་བྱེད་བཞིན་པའི་ཚུལ།

            སྤྱི་ཟླ4བའི་ཚེས26སྟེ་གཟའ་མིག་དམར་ཉིན་གྱི་དགོང་མོའི་དུས་ཚོད7:30སྟེང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་རིག་གཞུང་འཆད་ཁྲིད་ཅིག་བྱས་ཤིང་། འཆད་ཁྲིད་བྱེད་པའི་གདན་ཞུ་དགེ་རྒན་ལྷ་རྒྱལ་ཚེ་རིང་ཡིན་ལ།  འཆད་ཁྲིད་ཀྱི་ནང་དོན་ནི་སྙན་ངག་གསར་རྩོམ་ལ་འཇུག་པའི་ཐབས་ལམ་གྱི་སྐོར་ཡིན།


འཆད་ཁྲིད་པ་དགེ་རྒན་ལྷ་རྒྱལ་ཚེ་རིང་ལགས།

            དུས་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་ཉིད་ཀྱིས་འཆད་ཁྲིད་བྱས་ཤིང་།  དུས་ཚོད་ཕྱེད་ཀའི་ཡུན་ལ་སློབ་གྲོགས་ཚོའི་ངག་འདྲི་དང་ཡིག་འདྲི་མང་བོ་ལ་ལྷག་བསམ་རྣམ་དག་དང་ཁ་གསལ་གོ་བདེ་བས་ལན་བཏབ་པས་ཚོགས་རར་སྔར་མེད་ཀྱི་སྤྲོ་བས་ཁེངས་པ་རེད།


འཆད་ཁྲིད་བྱེད་བཞིན་པའི་ཚུལ།


ཚོགས་རའི་ཟུར་ཞིག

            ཐེངས་འདིའི་གཙོ་སྒྲུབ་པ་ནི་བོད་ཡིག་སྡེ་ཁག་གི་སློབ་མ་འགས་གྲུབ་པའི་ཤེས་རིག་གླེང་སྟེགས་ཚང་ཟེར་བ་དེ་ཡིན་ལ་སྒྲུབ་ཐེངས་གསུམ་པ་ཡིན། ཐེངས་འདིར་སྡེ་ཁག་སོ་སོ་ནས་ཐོན་པའི་སློབ་གྲོགས300ལ་ཉེ་བ་ཡོད་ཅིང་། ས་གནས་ནི་དབྱི་ཧྥུ་ཐོག་ཁང་གི་གཉིས་ཐོག215བརྙན་གཟིགས་སློབ་ཁང་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།