ཉི་ཧོང་གི་བོད་རིག་པའི་ཆེད་མཁས་པས་འཆད་ཁྲིད་བགྲོ་གླེང་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ། དུས་ཚོད།:2011-04-12 10:48:00 ཀློག་གྲངས།:

        ཉི་ཧོང་ཁྲོང་ཅཱེ་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ནང་བསྟན་མཐོ་རིམ་ཞིབ་འཇུག་ཁང་གི་སློབ་དཔོན་ཆེན་མོ་དང་། བོད་ཀྱི་རིག་གནས་ཆེད་མཁས་པ་ཞཱིན་ཏཱོ་ཆིན་ཊི་ཟེར་བ་དེ་ཉེ་ཆར་པེ་ཅིན་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་༼ ཧའོ་ཐེན་ས་འོག་ནས་བྱུང་བའི་དམ་པའི་ཆོས་པད་མ་དཀར་པོའི་མདོ་ཡི་བོད་འགྱུར་རྙིང་མ་དང་། བཀའ་འགྱུར་ཁྲོད་ཀྱི་བོད་འགྱུར་མ་གཉིས་ཀྱི་སྐད་བརྡ་ལ་དཔྱད་བསྡུར། ༽ ཞེས་པའི་བརྗོད་གཞིའི་ཐོག་འཆད་ཁྲིད་བགྲོ་གླེང་ཞིག་བྱས་ཡོད་ཅིང་། བགྲོ་གླེང་དེའི ཐོག་པེ་ཅིན་དུ་གནས་བཞུགས་བོད་རིག་པའི་ཆེད་མཁས་པ་དག་དང་། གཙུག་ལག་སློབ་གྲྭ་ཁག་གི་དགེ་རྒན་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་འདུག
        སྐབས་དེར་ཁོང་གིས་ཡིག་ཐོག་དང་བརྙན་རིས་སྦྲགས་མའི་ཐོག༼ དམ་པའི་ཆོས་པད་མ་དཀར་པོའི་མདོ། ༽ ཞེས་པར་དཔྱད་ཞིབ་བསྡུར་གསུམ་གྱིས་གཏམ་བཤད་བྱས་ཡོད་པ་མ་ཟད། པེ་ཅིན་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཨོ་སི་ཊོ་རེ་ཡའི་ཚན་རིག་དང་ཆོས་ལུགས་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་ཐོག་དཔར་སྐྲུན་བྱས་པའི་དམ་པའི་ཆོས་པད་མ་དཀར་པོའི་མདོ་ལེགས་སྦྱར་ཡི་གེ་ཕབ་སྒྱུར་གྱི་ལས་དོན་དེའི་ལེགས་ཉེས་སུན་འབྱིན་ཡང་བྱས་ཡོད་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།