དར་མདོ་རྫོང་ལྷ་སྒང་སློབ་ཆུང་གིས་ཆུ་མིག་ཅེས་པའི་ཚགས་པར་ཞིག་པར་འགོ་བརྩམས་པ།

རྩོམ་པ་པོ།:གངས་དབང་། ཡོང་ཁུངས།:ཁམས་པའི་གསར་འགྱུར་དྲ་བ། དུས་ཚོད།:2010-12-14 15:08:00 ཀློག་གྲངས།:8953
  སློབ་མ་རྣམས་ཀྱི་ཉན་ཀློག་འབྲི་གསུམ་གྱི་ནུས་པ་སྐྱེད་སྲིང་བྱ་བའི་ཆེད་དུ་དར་མདོ་རྫོང་ལྷ་སྒང་སློབ་ཆུང་གིས༢༠༡༠ལོ་ནས་ཆུ་མིག་ཅེས་པའི་ཚགས་པར་ཞིག་པར་འགོ་བརྩམས་ཏེ་ད་ལྟའི་བར་དུ་བོད་ཡིག་གི་དེབ་གཉིས་བཏོན་ཚར་ལ་རྒྱ་ཡིག་གི་དེབ་དང་པོ་སྒྲུབ་བཞིན་པའི་སྒང་རེད།    
  སློབ་མ་རབ་འབྲིང་ཐ་གསུམ་གྱི་ཁྱད་ཆོས་དང་རང་གཤིས་ལ་དམིགས་ཏེ་ཚགས་པར་ལ་ལེ་ཚན་དྲུག་བཀོད་ཡོད། དང་པོ་མདུན་དུ་བསྐྱོད་ཅེས་པའི་ལེ་ཚན་དུ་སློབ་གྲྭའི་གསར་འགྱུར་དང་མཁས་པའི་ལེགས་བཤད།འབེལ་གཏམ་བཅས་དང་། གཉིས་པ་ཐང་དཀར་རྒོད་པོ་ཞེས་པའི་ནང་སློབ་མ་རྣམས་ཀྱི་ཕུལ་དུ་བྱུང་བའི་སྦྱངས་རྩོམ་གདམས་ཡོད། གསུམ་པ་སྙུག་རྩེད་ཅེས་པའི་ནང་ལ་སློབ་མ་རྣམས་ཀྱི་ཡིག་གཟུགས་དང་རི་མོ་སོགས་བཀོད་ཡོད། བཞི་པ་གོམ་འཁོར་ཞེས་པ་རུ་སློབ་མ་རྣམས་ཀྱི་ཚིག་སྙན་ལ་དོན་འདུས་པའི་རྩོམ་ཐུང་རྣམས་བཞག་ཡོད། ལྔ་པ་རྒྱ་མཚོའི་ཟེགས་མ་ཞེས་པའི་ནང་དུ་འཚོ་བའི་རྒྱུན་ཤེས་བསྡུས་ཡོད། དྲུག་པ་ལམ་སྟོན་གྱི་སྒྲོན་མེ་ཞེས་པའི་ནང་ལ་རྩོམ་འབྲི་དང་ལོ་རྒྱུས། ས་རྒྱུས་བཅས་ཀྱི་ཤེས་བྱ་བཀོད་ཡོད། 
  ཆུ་མིག་ཅེས་པའི་ཚགས་པར་གྱི་རྩོམ་སྒྲིག་པ་དགེ་རྒན་ཚེ་རིང་རྡོ་རྗེས་སྐད་ཡིག་སྦྱོང་དགོས་ན་ཉན་འབྲི་ཀློག་གསུམ་གྱི་བགྲོད་ལམ་ལ་བརྟེན་དགོས།སློབ་ཆུང་སློབ་མ་རྣམས་ཀྱི་རྩོམ་འབྲིའི་ནས་པ་ཞན་པ་ནི་དགེ་སློབ་རྣམས་ཀྱིས་དེའི་ཐད་ལ་དོ་སྣང་མི་བྱེད་པ་དང་སློབ་མ་རྣམས་ལ་སྦྱངས་བརྡར་བྱེད་པའི་གོ་སྐབས་ཉུང་བའི་རྐྱེན་གྱིས་རེད། དེས་ན་སློབ་གྲྭའི་དབུ་ཁྲིད་རྣམས་ཀྱི་ཐུགས་ཁུར་ལ་བརྟེན་ནས་ང་ཚོས་ཚགས་པར་འདི་འདྲ་ཞིག་བསྐྲུན་པ་ཡིན། གཅིག་ནི་སློབ་མ་རྣམས་ཀྱི་ཤེས་བྱའི་འཇོན་ཐང་སྐྱེད་སྲིང་བྱ་རྒྱུ་དང་། གཞན་ཞིག་ནི་སློབ་མ་སོ་སོའི་བསམ་བློའི་ཆུ་ཚད་མཐོ་རུ་འདེགས་ཏེ་དུས་རབས་ཀྱི་དགོས་མཁོ་དང་མཐུན་ལ་མ་འོངས་པའི་ཕ་ཡུལ་འཛུགས་སྐྲུན་བྱ་བར་ནུས་པ་འདོན་ཐུབ་པའི་མི་སྣ་གང་མང་ཞིག་གསོ་སྐྱོང་བྱ་བའི་ཆེད་དུ་ཡིན། དེ་མིན་སློབ་ཆུང་སློབ་གྲྭ་སོ་སོའི་བར་ཕན་ཚུན་སློབ་སྦྱོང་དང་སྐུལ་འདེད་ཡོང་བའི་ཆེད་དུ་ཚགས་པར་འདི་རྒྱུ་ལའི་ནུབ་རྒྱུད་ཀྱི་སློབ་ཆུང་སློབ་གྲྭ་ཚང་མ་ལ་བྱིན་ཡོད་པས་དགེ་སློབ་ཀུན་གྱིས་དགའ་བསུ་ཆེན་པོ་བྱས་ཞེས་གསུངས་བྱུང་། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།