གུང་ཧོ་རྫོང་མི་རིགས་སློང་འབྲིང་གིས་བསྡུས་གྲྭའི་འགྲན་རྩོད་བྱ་འགུལ་བསྡུས།
འགྲན་རྩོད་སྟེང་ཕེབས་པའི་འགོ་ཁྲིད་དང་དགེ་རྒན་རྣམ་པ།
སྤྱི་ཟླ11པའི་ཚེས26ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་སྐབས་དང་པོའི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་གར་སྟེགས་ཞེས་པའི་བྱ་འགུལ་ཞིག་བསྡུས། ཐེངས་འདིའི་བྱ་འགུལ་སྟེང་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གླིང་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ། གུང་ཧོ་རྫོང་མི་རིགས་ཆ་ཚང་སློང་ཆུང་དང་པོ་དང་གཉིས་པ་བཅས་ཀྱི་བོད་ཡིག་དགེ་རྒན་དག་ཞུགས།
འགྲན་རྩོད་ར་བ།
གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་བསླབ་གཞི་བཅོས་བསྒྱུར་ལས་གཏན་ཚིག་རིག་པའི་ཤེས་བྱ་དག་དམའ་གཉིས་འཛིན་གྲྭའི་བསླབ་གཞིའི་ནང་དུ་བཞག་ལ། དེ་ལས་སློབ་མ་རྣམས་ཆུང་དུས་ནས་རིགས་ལམ་ཡག་པོ་ཞིག་ཆགས་པར་སྦྱོང་བརྡར་བྱེད་པ་ཡིན། གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་ཨ་ཁུ་བློ་བཟང་སྙན་གྲགས་ལགས་བསྡུས་གྲྭའི་དགེ་རྒན་ལ་སྒོ་གསུམ་དང་བས་བསྟེན་ནས་ཟླ་བ་གསུམ་ཙམ་གྱི་རིང་ལ་སྦྱངས་བ་མཐའ་འཁྱོལ་བྱས་པས་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས། ཐེངས་འདིའི་བྱ་འགུལ་ཕྱོགས་གཅིག་ནས་མཚན་ཉིད་པ་ཆུང་ཆུང་དག་ལ་ཤེས་རིག་གི་གར་སྟེགས་བསྐྲུན་ནས་བློ་རིག་གི་རྩེད་འཇོར་རོལ་བ་དང་། ཕྱོགས་གཞན་ཞིག་ནས་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་གར་སྟེགས་ཞིག་བསྐྲུན་པ་ཡིན།
ཐེངས་འདིའི་འགྲན་རྩོད་ལ་དམའ་གཉིས་ཀྱི་འཛིན་གྲྭ་བཅུ་བཞི་དང་སློབ་མ་བདུན་བརྒྱ་ལྷག་ཞུགས། འགྲན་རྩོད་ལ་རིམ་པ་ལྔ་ཡོད་དེ། རིམ་པ་དང་པོ་ནི་འཛིན་གྲྭ་རིམ་པས་དུས་ཚོད་སྐར་མ་བཅུའི་ཡུན་ལ་རང་ལུགས་ངག་སྐྱོར་བྱེད་པ་དང་། རིམ་པ་གཉིས་པ་ནི་རང་རང་འཛིན་གྲྭའི་སྐབས་བབ་ཀྱི་ཐལ་ཕྲེང་རྩོད་པ། རིམ་པ་གསུམ་པ་ནི་འཛིན་གྲྭ་རེ་ནས་མི་བཅུ་རེ་བདམས་ཏེ་ཕན་ཚུན་ལ་རྟགས་གསལ་འཕེན་པ། རིམ་པ་བཞི་བ་ནི་འཛིན་གྲྭ་ཕན་ཚུན་གཏུག་པ། རིམ་པ་ལྔ་བ་ནི་འཛིན་གྲྭ་རིམ་པའི་མཚན་ཉིད་པ་ཆུང་ཆུང་དག་ཤེས་རིག་གི་གར་སྟེགས་བརྒྱུད་ནས་བློ་རིག་གི་རྩེད་འཇོར་རོལ་བ་བཅས་ཡིན།
འཛིན་གྲྭའི་སྐབས་བབ་ཀྱི་ཐལ་ཕྲེང་རྩོད་པ།
སློབ་གྲོགས་བར་ཕན་ཚུན་རྩོད་པ།
མཚན་ཉིད་རིག་པ་ནི་ཆོས་མཐའ་དག་གི་གནས་ལུགས་གཏན་ལ་འབེབས་བྱེད་དང་དོན་གྱི་འཁྲུལ་བ་སེལ་བར་བྱེད་པའི་རིགས་གཞུང་ཟབ་མོ་ཞིག་ཡིན་ལ། དེ་ནི་སློབ་ར་མཛེས་པའི་རྒྱན་ཕྲེང་ཡིན།། དགེ་སློབ་དགའ་བའི་དགའ་སྟོན་ཡིན།། མཁས་པ་རྣམས་ལ་སྐྱེས་བཟང་ཡིན།། བླུན་པོ་མཁས་པར་སྦྱོར་བྱེད་ཡིན།། བསྡུས་གྲྭ་ནི་གཏན་ཚིགས་རིག་པར་འཇུག་པའི་སྒོ་འབྱེད་བྱེད་ཀྱི་གསེར་གྱི་ལྡེ་མིག་ལྟ་བུ་ཞིག་ཡིན་པས། གཏན་ཚིག་རིག་པའི་ཤེས་བྱ་དག་དམའ་འབྲིང་བསླབ་གཞི་ནང་བཞག་པ་ནི་སློབ་གྲོགས་རྣམས་ལ་རིགས་ལམ་ཡག་པོ་ཞིག་ཆགས་པ་དང་། བསམ་བློ་གཏོང་ལུགས། སྐད་ཆ་བཤད་ལུགས། དོན་གྱི་གོ་བ་ལེན་ཚུལ། བརྡར་ཤ་གཅོད་ལུགས་སོགས་ཀྱི་སྟེང་ནས་ཕན་འབྲས་བླ་ན་མེད་པ་ཞིག་ཐོན་ཐུབ།
བྱ་དགའ་ཐོབ་མཁན་གྱི་སློབ་མ་རྣམས་མཉམ་དུ་པར་བསྐྱོན་པ།
ཐེངས་འདིའི་བྱ་འགུལ་གཟབ་རྒྱས་ངང་སྤེལ་ཅིང་། བདེ་ལེགས་ངང་མཇུག་འགྲིལ་བ་འདི་ལས་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་གཏན་ཚིག་རིག་པའི་ཤེས་བྱ་སྤེལ་བར་རྨང་གཞི་བརྟན་པོ་ཞིག་བཏང་བ་ཡིན་ལ། དགེ་རྒན་དང་སློབ་གྲོགས་རྣམས་ལ་ཡིད་ཆེས་དང་སྤོབས་པ་ཡང་མི་དམན་པ་ཞིག་བསྩལ་གནང་མཛད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com