ཡུལ་སོ་སོའི་བོད་ཡིག་གི་བཀླག་ཚུལ་མི་འདྲ་བ་བསྡུར་བ་ལས་འཕྲོས་པའི་སྤྱི་སྐད་གཏན་འབེབས་ཐད་ཀྱི་བསམ་གཞིག

རྩོམ་པ་པོ།:རྩེ་སྐྱེས་བློ་བཟང་དཔལ་ལྡན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-12-22 10:27:13 ཀློག་གྲངས།:

   དེ་ཡང་བོད་མི་ཞིག་ཡིན་ཕྱིན་བོད་སྐད་གཙང་མ་ཞིག་དང་བོད་ཡིག་དག་མོ་ཞིག་བཀླག་ཤེས་དགོས།  བོད་སྐད་གཙང་མ་དེ་ཡང་རྨང་གཞིའི་བོད་ཡིག་གི་སྒྲ་གདངས་དག་མོའམ་ཀློག་ཚུལ་དག་མོ་དེ་ལ་བརྟེན་ནས་འབྱུང་བ་ཞིག་ཡིན་ལ།  དེས་ན་ཐོག་མར་ཡི་གེ་རེ་རེ་སྐྱེ་གནས་དང་སྒྲའི་འབྱིན་ཚུལ་སོགས་བློ་ལ་ངེས་པར་བྱས་ནས་བོད་ཡིག་གི་བཀླག་ཚུལ་དག་མོ་འདི་ལ་གཙིགས་སུ་འཛིན་འོས་ཏེ།  སློབ་དཔོན་ཐོན་མིས།  བསླབ་ལ་བརྩོན་པའི་གང་ཟག་གིས༎  དང་པོ་ང་རོ་རྣམས་ལ་སྦྱང་༎  སྔོན་འཇུག་རྨང་གཞི་རྗེས་འཇུག་གསུམ༎  ཀློག་གི་ཆེད་དུ་བསླབ་པ་ཡིན༎  ཞེས་གསུངས་ཤིང་།  སྐད་མ་དག་པ་མང་ཆེ་བ་ཞིག་ནི་རྩ་བའི་ཡི་གེའི་ཀློག་ཚུལ་དག་མོ་འདི་སྣང་མེད་དུ་བཞག་སྟེ།  སྐད་ཀྱི་གཞི་འཛིན་ས་སོགས་ལ་སྒྲིག་ལམ་ཅི་ཡང་མེད་པར་སོ་སོས་རང་ཉིད་ཀྱི་ཁ་ལ་གང་བདེ་དང་གང་བྱུང་གང་དྲན་དུ་སྨྲས་པའི་མཇུག་འབྲས་ནི།  ད་ལྟ་ཡི་གེ་གཅིག་ལ་ཡང་བཀླག་ཚུལ་མི་འདྲ་བ་དུ་མ་བྱུང་པ་དང་།  དཔེ་ངོས་ལ་བྲིས་པའི་ཡི་གེའི་དོན་རྣམས་མི་ཕལ་བ་མང་ཆེ་བ་ཞིག་གིས་གོ་དཀའ་བ།  ལུང་བ་སོ་སོའི་ནང་ཕན་ཚུན་གཅིག་གིས་གཅིག་ལ་གོ་བརྡ་འཕྲོད་མི་ཐུབ་པ་འདི་བྱུང་བ་ཡིན་ཏེ།  མཁས་དབང་དགེ་ཆོས་ཀྱིས།  དེ་ལྟར་སྔོན་གྱི་བཀླག་ཚུལ་རྣམ་པ་སྣ་ཚོགས་སུ་འགྱུར་བའི་མཇུག་འབྲས་ནི་ཡུལ་སོ་སོའི་སྐད་དེ་དག་ཡིན།  ཞེས་གསུངས་པས་ཀྱང་ཤེས་སོ༎  མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་དེ་དག་གི་ཁྲོད་དུའང་བརྡ་རྙིང་དང་ཟུར་ཆག་གི་སྐད།  ཚིག་སྟེགས་སྣ་ཚོགས།  ད་དུང་སྐད་རིགས་གཞན་གྱི་ཤན་ཞུགས་པ་སོགས་བརྡ་སྤྲོད་ཀྱི་དགོངས་པ་དང་མི་མཐུན་པའི་ཉ་ཉུང་མང་བོ་བསྲེས་ཏེ་བཤད་ལོབ་ཏུ་གྱུར་ཅིང་རྒྱུན་འབྱམས་སུ་སོང་བས།  ཐོན་མིའི་རྣམ་དཔྱོད་ཀྱི་གཏེར་ཁ་ལས་བྱུང་བའི་ནོར་བུ་རིན་པོ་ཆེ་ལྟ་བུའི་སྐད་ཡིག་འདི་འདྲེས་མའམ་ཤ་སའི་སྐད་ལྟ་བུ་ས་མིན་རྡོ་མིན་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ང་ཚོའི་མིག་མདུན་དུ་མངོན་ལ།  མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས།  ཡི་གེའི་ཀློག་མ་དག་པས་སྐད་ཡིག་གཉིས་གར་གནོད་སྐྱོན་འབྱུང་།  ཞེས་གསུངས་པ་ལྟར།  ཡི་གེའི་ཀློག་ཚུལ་དག་པའི་དགོས་གལ་གྱི་རང་བཞིན་མ་མཐོང་བར་སྣང་མེད་དུ་བཞག་སྟེ།  ཡུལ་སྐད་ཁོ་ནའི་དབང་དུ་གྱུར་ཅིང་ཡུལ་སྐད་དང་ཡིག་སྐད་ཀྱི་བར་དཔག་ཚད་དུ་མས་ཆོད་ན།  རིམ་བཞིན་བོད་ཀྱི་བརྡ་སྤྲོད་རིག་པ་འདི་ཡང་དམར་ཕྱོགས་ཀྱི་ཟླ་བ་ཇི་བཞིན་ཉམས་རྒུད་དུ་འགྲོ་རྒྱུར་ཡུན་མི་རིང་ངོ་༎  དེའི་ཕྱིར་ཡི་གེའི་ཀློག་ཚུལ་དག་མོ་དང་ཀློག་ཚུལགཅིག་གྱུར་ཕྱོགས་ལ་གང་ནུས་ཅི་ཐུབ་ཀྱིས་གོམ་པ་སྤོས་ཏེ།  དཀའ་བ་དང་བརྩོན་པ་བརྒྱ་ཕྲག་བསྟེན་རྒྱུ་ནི་རང་ཅག་གི་ཕྲག་ཏུ་བབ་པའི་འགན་འཁྲི་ལྡོག་ཏུ་མེད་པ་ཞིག་གོ །

   གཅིག  གསལ་བྱེད་ཀྱི་ཀློག་ཚུལ་ཅུང་ཙམ་བསྡུར་བ།

   མདོ་སྨད་ཀྱི་ཀློག་སྟངས་ལ་གསལ་བྱེད་ཀ་དང་ག  ཅ་དང་ཇ།  ཏ་དང་ད།  འ་དང་ཨ་ལྟ་བུའི་རིགས་འདྲའི་གསལ་བྱེད་ལ་ཀློག་ཚུལ་མི་འདྲ་བའི་ཁྱད་པར་གསལ་བར་མི་སྣང་བ་མ་གཏོགས་མང་ཆེ་བའི་ཀློག་ཚུལ་ནི་དག་ལ།  ཡུལ་ཉི་ཚེ་བ་དག་ན་ཉ་ལ་ན་དང་ཤ་ལ་ཞ་སོགས་སུ་ཀློག་པའང་ཡོད་དོ༎

   དབུས་གཙང་སོགས་སུ་འདི་ལྟར་ཀློག་སྟེ།  ཀ་ཁ་གའདི་ལ་འཁའ་ཟེརང་།  ཅ་ཆ་ཇའདི་ལ་འཆའ་ཟེརཉ།  ཏ་ཐ་དའདི་ལ་འཐའ་ཟེརན།  པ་ཕ་བའདི་ལ་འཕའ་འམ་འབའ་ཟེརམ།  ཙ་ཚ་ཛའདི་ལ་འཚའ་ཟེརཝ།  འདི་ཨ་མདོའི་བ་ཡིག་ཀློག་པ་ལྟར་འདོན  ཞ་ཟ་འའདི་དང་ཨ་་ལ་ཁྱད་པར་མི་སྣང་།ཡ།  ར་ལ་ཤའདི་ལ་ཨ་མདོས་ཞ་ཡིག་ཀློག་པ་ལྟར་འདོནས།  ཧ་ཨ།  དེ་དག་གི་བཀླག་ཚུལ་གྱི་མཐའ་ཅུང་ཟད་དཔྱད་པ།

   དང་པོ།  གསལ་བྱེད་ཀྱི་ཀ་སྡེ་ནས་ཙ་སྡེའི་བར་སྡེ་བ་སོ་སོའི་ཡི་གེ་བཞིའི་གོ་རིམ་ནི་སྡེ་བ་གཅིག་པའི་ཡི་གེ་རྣམས་སྐྱེ་གནས་མཚུངས་ཤིང་སྒྲ་འབྱིན་ཚུལ་ནི་དམ་པ་དང་ལྷོད་པ།  ཤིན་ཏུ་ལྷོད་པ།  ཆེས་ཤིན་ཏུ་ལྷོད་པར་འབྱུང་བའི་གོ་རིམ་བཞིན་བྱུང་བ་ཞིག་ཡིན་ལ།  ཀ་དང་གའི་ཁྱད་པར་ཏེ།  དང་པོ་ཨ་ཡིག་གི་གདངས་ཅན་གྱི་ཀ་ནི་མགྲིན་པ་བཙུམ་སྟེ་སྒྲ་དྲག་པའི་ཚུལ་གྱིས་འདོན་པ་དང་།  གཉིས་པ་འའི་གདངས་ཅན་གྱི་ག་ཡིག་ནི་མགྲིན་པ་ཕྱེ་ཞིང་སྒྲ་ཤིན་ཏུ་ལྷོད་པའི་ཚུལ་གྱིས་འབྱིན་པ་ཡིན་ལ།  ད་དུང་ཁམས་དང་ཨ་མདོའི་ཡུལ་གྲུ་འགར་ཀློག་ཚུལ་དེའི་ཁྱད་པར་མ་ནོར་བར་གནས་ཡོད་དོ༎  དེས་རིག་བསྒྲེས་ཏེ་ཅ་དང་ཇ།  ཏ་དང་ད་སོགས་ཀློག་པའི་ཁྱད་པར་ཡང་ཤེས་སླའོ༎  དབུས་གཙང་སོགས་སུ་ག་ཇ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།