བོད་ཀྱི་སྤྱི་སྐད་གཏན་ལ་འབེབས་ཐབས་སྐོར་གྱི་བསམ་གཞིགས།
རླབས་ཆེན་གྱི་སློབ་དཔོན་ལེ་ཉིན་གྱིས་སྐད་ཆ་ནི་མི་རིགས་ཀྱི་བརྡ་སྦྱོར་ཡོ་བྱད་གཙོ་ཆེ་ཤོས་ཡིན་ཞེས་གསུངས་ཤིང༌། མིའི་རིགས་ལ་ཐུན་མོང་མ་ཡིན་པའི་བརྡ་སྦྱོར་ཡོ་བྱད་གལ་ཆེན་འདི་ཉིད་ཡོད་པའི་དབང་གིས་སྲོག་ཆགས་གཞན་ལས་ཁ་གྱེས་ཏེ་ཚོ་བའམ་མཉམ་སྡེབ་ཏུ་གྲུབ་པ་དང༌། མི་རིགས་སུ་གྲུབ་པ། སྤྱི་ཚོགས་སུ་གྲུབ་པ་ཡིན། དེས་ན་སྐད་ཆ་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་བགྲོད་རིམ་ཐོག་རིག་པའི་གནས་སྣ་མང་ཕུན་སུམ་ཚོགས་པ་གསར་གཏོད་བྱས་ཡོད་པ་ཀུན་ལས་སྐད་ཆ་བྱུང་སྔ་ཤོས་ཡིན་སྟབས་རིག་ཚན་ཀུན་གྱི་མེས་པོ་ཞེས་སུ་གྲགས་སོ།།
མཚོ་བོད་ས་མཐོའི་ཐོག་བོད་མི་རིགས་ཀྱིས་ཡུན་རིང་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ནང་ཆབ་སྲིད་དང་དཔལ་འབྱོར་འབྲེལ་བ་སོགས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཐམས་ཅད་དུ་མེད་དུ་མི་རུང་བས་རང་རང་གི་བརྡ་སྦྱོར་ཡོད་བྱད་འཚོལ་ཞིབ་བྱས་པ་དང༌། ལོ་ངོ་ཁྲི་བརྒྱ་ཕྲག་དུ་མའི་ནང་ཆེས་སྟབས་བདེའི་སྐད་ཆ་སྟེ་གོ་བརྡ་འཕྲོད་ཙམ་ནས་རིམ་བཞིན་གོ་བརྡ་ཡོངས་སུ་འཕྲོད་ཅིང་སྐད་རིགས་ཀྱི་མ་ལག་ཆ་ཚང་ལྡན་པའི་ཕྱོགས་སུ་གོང་འཕེལ་བྱུང་མཐར་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་གངས་ལྗོངས་སྤྱི་ལ་ཁྱབ་པའི་ད་ལྟ་རང་རེས་བེད་སྤྱོད་བྱེད་བཞིན་པའི་ཚད་ལྡན་གྱི་ཡི་གེ་འདི་ཉིད་བྱུང་བ་ཡིན། འོན་ཀྱང་བོད་ཀྱི་ས་ཁོངས་རྒྱ་ཆེ་ཞིང་བོད་རིགས་རྣམས་ཐར་ཐོར་དུ་གནས་པའི་དབང་གིས་ཡུལ་ཕྱོགས་མི་འདྲ་བའི་སྐད་ཕན་ཚུན་བར་ཁྱད་པར་ཅུང་ཆེ་བས། དེང་སྐབས་གངས་ལྗོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བའི་དགོས་མཁོར་གཞིགས་ན་ཐུན་མོང་ཐོག་སྤྱོད་པའི་བོད་ཀྱི་ཚད་ལྡན་གྱི་སྤྱི་སྐད་ཅིག་གཏན་འབེབས་བྱ་རྒྱུ་དེ་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་ནི། རླབས་ཆེན་གྱི་སློབ་དཔོན་སི་ཏ་ལིན་གྱིས་གལ་ཏེ་སྤྱི་ཚོགས་ཡོངས་ལ་གོ་བརྡ་འཕྲོད་པའི་སྐད་ཅིག་མེད་པ་དང༌། ཁོང་མི་ཐམས་ཅད་ཐུན་མོང་གི་སྐད་ཅིག་མེད་ན། སྤྱི་ཚོགས་དེ་ཐོན་སྐྱེད་བྱེད་མཚམས་ཆད་དེ་ཉམས་རྒུད་དུ་འགྲོ་ངེས་ཡིན་པ་དང༌། སྤྱི་ཚོགས་ཤིག་ཏུ་གྲུབ་སྟེ་གནས་ཐབས་བྲལ། དོན་སྙིང་དེའི་ཐོག་ནས་བརྗོད་ན་སྐད་ཆ་ནི་འབྲེལ་གཏུགས་ཀྱི་ཡོ་བྱད་ཅིག་ཡིན་ལ། སྤྱི་ཚོགས་འཐབ་རྩོད་དང་འཕེལ་རྒྱས་ཀྱི་ཡོད་བྱད་ཅིག་ཀྱང་ཡིན་ཞེས་གསུངས་པ་ལྟར་རོ།། དེར་བརྟེན་གནད་དོན་འདིའི་སྐོར་གཤམ་གསལ་དོན་ཚན་གསུམ་གྱི་ཐད་ནས་རང་ཉིད་ཀྱི་ལྟ་ཚུལ་གླེང་བར་བྱའོ།།
དང་བོ། ལྟ་བ་སྒྱུར་བཅོས་དང་གོ་སྐབས་དམ་འཛིན་བྱེད་དགོས།
ང་ཚོས་མར་ཁེ་སི་རིང་ལུགས་ལྟ་བ་དང༌། སྐད་ཡིག་ལྟ་བའི་ཐོག་ནས་བོད་སྐད་ཡིག་གིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང༌། དཔལ་འབྱོར་གོང་འཕེལ་གཏོང་བའི་རླབས་ཆེན་བྱ་གཞག་ནང་བརྡ་སྦྱོར་ཡོ་བྱད་གཙོ་ཆེ་ཤོས་ཀྱི་གལ་ཆེའི་ནུས་པ་ཐོན་བཞིན་ཡོད་པའི་དངོས་དོན་ཁས་ལེན་གང་ལེགས་བྱེད་དགོས་པ་མ་ཟད། དེང་སྐབས་འཛམ་གླི ང་རིམ་པ་མང་བའི་ཕྱོགས་སུ་བསྐྱོད་བཞིན་པ་དང༌། དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་དུ་འགྱུར་བ། རིག་གནས་སྣ་མང་ཅན་དུ་འགྲོ་བ་བཅས་ནི་རྒྱལ་སྤྱིའི་འཕེལ་ཕྱོགས་གཙོ་བོ་ཡིན་ཞིང་འཕེལ་ཕྱོགས་དེའི་ཐོག་ནས་བསམ་གཞིགས་བྱས་ཚེ། རང་ལྗོངས་སུ་སླད་ཕྱིན་སྒོ་མོ་རྒྱ་ཆེར་དབྱེ་བ་དང༌། ཕྱི་ཕྱོགས་སུ་ཚན་རིག་ལག་རྩལ་དང༌། དཔལ་འབྱོར་ཚོང་དོན། རིག་གནས་སློབ་གསོ་སོགས་ཕྱོགས་མང་བོའི་ཐད་འབྲེལ་བ་བྱེད་ཤུགས་ཇེ་ཆེར་འགྲོ་བའི་དགོས་མཁོ་དང་བསྟུན་ན། རང་ལྗོངས་སུ་བོད་སྐད་ཡིག་གི་བརྡ་སྦྱོར་ཡོ་བྱད་བེད་སྤྱོད་བྱེད་པ་དང་ཆབས་ཅིག་ད་དུང་མི་རིགས་གཞན་དང༌། རྒྱལ་ཁབ་གཞན་གྱི་བརྡ་སྦྱོར་ཡོ་བྱད་མི་འདྲ་བ་མང་བོ་ཞིག་ཀྱང་བེད་སྤྱོད་བྱ་དགོས་པ་ཡིན།
མིག་སྔར་རང་ལྗོངས་སུ་བེད་སྤྱོད་བྱེད་པའི་བརྡ་སྦྱོར་ཡོ་བྱད་གཙོ་བོ་བོད་རྒྱ་དབྱིན་གསུམ་ཡིན་པ་དེ་དག་ནི་དཔེར་ན། འགྲིམ་འགྲུལ་ཡོ་བྱད་མེ་འཁོར་དང༌། གནམ་གྲུ། གྲུ་གཟིངས་གསུམ་དང་འདྲ་བར་འགྲིམ་འགྲུལ་ཡོ་བྱད་ཐད་ནས་བཤད་ན། དེ་གསུམ་གར་འགྲུམ་འགྲུལ་བྱ་གཞག་ནང་ཐུན་མོང་གི་ཁྱད་ཆོས་སམ་ཐོན་ནུས་ཤུགས་ཡོད་ལ། འགྲུལ་བཞུད་ལམ་བུའི་ཐོག་རང་རང་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པས་ན། གཅིག་གིས་ཅིག་ཤོས་ཀྱི་ཚབ་གཏན་ནས་བྱེད་མི་ཐུབ། དཔེ་དེ་བཞིན་དུ་སྐད་རིགས་མི་འདྲ་བ་གསུམ་པོ་དེས་ཀྱང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁྲོད་བརྡ་སྦྱོར་ཡོ་བྱད་ཐུན་མོང་བའི་ནུས་པ་ཞིག་ཐོན་པ་ཡིན་ལ། ལོ་རྒྱུས་དང་རིག་གནས་རྒྱབ་ལྗོངས་ཐད་ནས་བལྟས་ན་རང་རང་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་དེའང་ལྡན་ཡོད། དེར་བརྟེན་དེང་སྐབས་སྐྱེ་བོ་རེ་འགས་བོད་སྐད་ཡིག་དེ་ཡོད་ཀྱང་རུང་ལ་མེད་ཀྱང་རུང་སྙམ་པའི་ལྟ་ཚུལ་འཛིན་པ་དང༌། ཡང་སྐྱེ་བོ་འགའ་ཞིག་གིས་རང་ཉིད་ཀྱིས་བོད་སྐད་ཡིག་གི་བརྡ་སྦྱོར་ཡོ་བྱད་དེ་ཉིད་བེད་སྤྱོད་བྱེད་མི་ཤེས་པའམ། ཡང་ན་བེད་སྤྱོད་གཏན་ནས་མི་བྱེད་པར་བོད་སྐད་ཡིག་ཕན་མེད་དུ་སྨྲ་བ་བཅས་ནི་རང་གིས་ལག་པ་མི་འགུལ་བར་འཇོར་གྱི་ས་བརྐོ་མི་ཐུབ་ཅེས་པའི་དཔེ་ལྟར་ཏེ། ལྟ་ཚུལ་དེ་གཉིས་ཀར་ཁུངས་ལུང་སྤུ་ཙམ་མེད་ཅིང་ནོར་འཁྲུལ་གྱི་ལ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com