སྤྱི་སྐད་ཡུལ་སྐད་དུ་མར་གྱེས་པའི་རྒྱུ་རྐྱེན་སྐོར་བཤད་པ།
དེ་ཡང་སྤྱིར་འཇིག་རྟེན་འདིའི་ཐོག་གི་མི་རིགས་གང་འདྲ་ཞིག་ཡིན་ནའང་ཐོག་མར་མི་རིགས་ཉིད་བྱུང་བ་དང༌། ཐོན་སྐྱེད་ངལ་རྩོལ། ཕན་ཚུན་འབྲེལ་གཏུགས་ཡིན་རིང་བྱས་པའི་བརྒྱུད་རིམ་ནང་རིམ་བཞིན་སྐད་ཆ་བྱུང་བ་དང༌། སྐད་དེའི་རྨང་གཞིའི་ཐོག་རིམ་བཞིན་མི་རིགས་དེ་གའི་སྐད་ཀྱི་འགྲོས་དང་མཐུན་པའི་ཡི་གེ་བྱུང་བའི་ལོ་རྒྱུས་ངེས་ཅན་རེ་ཡོད་ལ་རང་ཅག་བོད་མི་རིགས་འདི་ཉིད་ཀྱང་ཆོས་ཉིད་དེ་ལས་མ་འདས་པ་ཡིན། རང་ཅག་མེས་པོ་ཚོས་ཀྱང་ཕན་ཚུན་ལག་བརྡ་དང་ལུས་བརྡ་བཅས་ལ་བརྟེན་ཏེ་བརྡ་སྤྲོད་ཐབས་བྱེད་པ་དེས་ཀྱང་བསམ་པའི་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་ཇི་བཞིན་ཡོངས་བསྒྲགས་བྱ་མ་ཐུབ་པ་སོགས་ཀྱིས་མནར་མ་བཟོད་པར་ཐོག་མར་སྐད་ཆེན་མོ་སྦྱིན་པ་སོགས་སྟབས་བདེའི་སྐད་ཆ་ཐོག་མར་བྱུང་བ་གང་དེ་འཐུས་སྒོ་ཇེ་ཚང་ཇེ་ལེགས་སུ་སོང་སྟེ་ད་ལྟའི་བོད་སྐད་འདིའི་རྨང་གཞི་བརྟན་པོ་ཚུགས་ཐུབ་པ་བྱུང་བ་དང༌། བོད་མི་སྤྱི་ཡོངས་ཀྱིས་བཀོལ་སྤྱོད་བྱེད་པའི་སྐད་འདི་བྱུང་བ་ཡིན།
སྐད་ཡིག་ནི་མི་རིགས་ཤིག་གི་མངོན་རྟགས་གཙོ་གྲས་ཤིག་ཀྱང་ཡིན། ལྷག་པར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཕྲིན་ལས་འོག་ཐོན་མི་ལོ་ཙཱ་བས་བོད་ཁམས་ཡོངས་ལ་བཀོལ་སྤྱོད་བྱེད་རུང་བའི་ཡི་གེའི་སྲོལ་གཏོད་དེ་མ་རིག་མུན་པ་སེལ་བའི་སྒྲོན་མེ་ཐོགས་པ་དང༌། བཙན་པོ་རིམ་བྱོན་སོ་སོར་བོད་སྐད་འདི་ཉིད་ཀྱི་འཕེལ་འགྱུར་བཅས་ལ་ལྟོས་ཏེ་བཀས་བཅད་ཐེངས་གསུམ་མཛད་པ་སོགས་ཀྱིས་བོད་སྐད་འདི་ཉིད་སྔར་བས་སྤྱི་སྐད་ཅན་དུ་ཡོང་ཐབས་བྱ་རྒྱུ་བཅས་ལ་མི་ནུབ་པའི་མཛད་རྗེས་བཞག་ཡོད་པ་སོགས་ནི་ངེད་ཚོས་དེང་གི་དུས་སུའང་སྤོབས་པ་དང་བསྔགས་པར་བྱ་ཡུལ་ཞིག་ཏུ་ལགས། སྐད་ཆ་ནི་དུས་རབས་སོ་སོའི་འཕེལ་རྒྱས་ཀྱི་རྣམ་པ་དང༌། ཁོར་ཡུག ཐོན་སྐྱེད་དང༌། འཚོ་བའི་མཁོ་ཆས་བཅས་ཀྱི་འཕེལ་ཚད་དལ་མྱུར་བཅས་ལ་ལྟོས་ཏེ་ས་གནས་སོ་སོའི་སྐད་ལའང་འགྱུར་ལྡོག་ཆེན་མོ་བྱུང་སྟེ་ཡུལ་སྐད་དུ་མར་གྱེས་པའང་ཡིན། འོ་ན། སྤྱི་སྐད་དེ་ནང་གསེས་ཡུལ་སྐད་དུ་མར་གྱེས་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ཞེ་ན། དེ་ནི་འོག་ཏུ་ངེས་པར་འཆད་པར་འགྱུར་བའི་དོན་གནད་ཅིག་ཡིན།
རང་མི་རིགས་ཀྱི་ཐོག་མའི་སྤྱི་སྐད་དེ་ཡུལ་སྐད་མང་པོར་གྱེས་པའི་རྒྱུ་རྐྱེན་མང་དག་ཅིག་ཡོད་པ་གདོན་མི་ཟ་ཡང་འདིར་གཤམ་གསལ་ཕྱོགས་རེ་འགའི་ཐད་ནས་ཞུ་སྟེ།
(༡)ལོ་རྒྱུས་ལ་ཕྱི་མིག་ལྟ་བ།
ལྷ་ལུང་དཔལ་གྱིས་རྒྱལ་པོས་གླང་དར་མ་བཀྲོང་རྗེས་དེའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་རྒྱལ་སྲིད་ལ་མ་འཆམས་པར་ཡུམ་བརྟན་གྱིས་དབུ་རུ་དང༌། འོད་སྲུང་གིས་གཡུ་རུ་བཟུང་ནས་དབུ་གཡོ་གཉིས་ནང་འཁྲུག་བྱུང་བ་དང༌། འབངས་ཀྱིས་གྱེན་ལོག་བྱས་ཏེ་བོད་ཀྱི་སྲིད་དབང་བསིལ་བུར་ཐོར་ནས་ཚོ་པ་དང༌། སྡེ་པ་སོ་སོར་བྱས་ནས་འཚོ་ཞིང་གནས་པ་དང༌། ས་གནས་སྲིད་དབང་མང་དུ་བཙུགས་ཏེ་ཡུལ་ལུང་སོ་སོའི་འགྲོ་འོང་བྱ་རྒྱུ་ཇེ་ཉུང་དུ་སོང་བའི་དུས་མཚམས་ནས་སྤྱི་སྐད་དུ་མར་གྱེས་པའི་སེར་ཁ་ཤོར་བའང་ཡིན། 《མདོ་སྨད་ཆོས་འབྱུང་》ལས་མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་གྱུར་བ་མང༌། ཞེས་བསྟན་པ་ལྟར་བོད་འདི་ཉིད་ས་རྒྱ་ཆེ་ཞིང༌། ཐོན་ཁོངས་ཕུན་སུམ་ཚོགས་པའི་གནས་ཤིག་ཡིན་པས་ཕྱིའི་མི་རིགས་ཀྱི་འཁྲུག་རྩོད་དང༌། ཕྱིའི་རྒྱལ་ཁབ་གྱི་བཙན་འཛུལ་སྔོན་འགོག་ཡོང་ཆེད་མཐའ་ཁུལ་དུ་མི་སྣ་ཆེད་གཏོང་བྱས་པ་དེ་དག་ཕྱིས་གཞི་ཆགས་ཏེ་ས་ཁུལ་དེ་གར་གནས་ཤིང་འཚོ་བའི་གནས་ཚུལ་དེ་རིགས་བྱུང་བ་ཡིན་ལ་སྡེ་ཁག་སོ་སོའི་བར་ལའང་ས་ཐག་རྒྱང་ཞིང་ཕན་ཚུན་འབྲེལ་གཏུགས་ཉུང་བ་སོགས་ཀྱིས་ས་ཆ་རེ་འགར་སྤྱི་སྐད་རང་སོར་སྤྱོད་པ་དང༌། ས་ཆ་རེ་འགར་སྤྱི་སྐད་ལ་ཡུལ་སྐད་ཀྱི་ཤན་ཞུགས་ཚད་ཇེ་ཆེར་སོང་སྟེ་རིམ་བཞིན་ཡུལ་སྐད་ཅན་དུ་གྱུར་བའང་ཡིན།
(༢)ཞིང་འབྲོག་མང་ཚོགས་ཀྱི་གནས་ཀྱི་ཆགས་སྟངས་ནས་ཡུལ་སྐད་དུ་གྱེས་པའི་རྒྱུ་རྐྱེན་ལ་ལྟ་བ།
ཚང་མས་མཁྱེན་གསལ་ལྟར་རང་རྒྱལ་གྱི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་གྱི་རྒྱ་ཡངས་ཤིང་རྒྱ་ཆེ་བ་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ས་ཁྱོན་གྱི་ལྡབ་གཅིག་ལྷག་ཙམ་གྱིས་ཆེ་བ་ཡོད་པ་ཡིན། འོན་ཀྱང་ས་ཆ་དེ་གའི་ཐོག་གནས་ཤིང་འཚོ་བའི་མི་ནི་ཆེས་ཉུང་བ་ཞིག་དང༌། ས་ཆ་འདི་གར་གནས་པའི་མི་རྣམས་གཙོ་ཆེར་ཞིང་ལས་དང༌། འབྲོག་ལས་བཅས་ལ་བརྟེན་ཏེ་འཚོ་ཐབས་བྱེད་ཀྱི་ཡོད་པས་ཁོང་ཚོར་རང་བྱུང་ཁམས་ལ་འཐབ་རྩོད་དང༌། ཐོན་སྐྱེད་ཡོ་ཆས་ཚད་ལྡན་ཞིག་མེད་པ་བཅས་ཀྱིས་འཚོ་ཐབས་ཡོང་ཆེད་ཆུ་གང་ཡོད་ཀྱི་སར་ཚོ་དང༌། སྡེ་པ་བཅས་ཏེ་ཞིང་བཅོས་ཏེ་ཐོན་སྐྱེད་ངལ་རྩོལ་བྱེད་པ་དང༌། འབྲོག་པ་ཚོས་རང་རང་གི་ཕྱུག་ཟོག་རྒྱ་བསྐྱེད་སྤེལ་རྒྱུ་གཙོ་བོར་བྱས་ཏེ་རི་ལུང་རེ་ན་ཁྱིམ་དུད་རེ་རེ་ཙམ་
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com