སྐད་ཆ་གཅིག་གྱུར་ནི་བོད་སྐད་ཡིག་འཕེལ་རྒྱས་ཀྱི་གཞི་རྩ་ཡིན།

རྩོམ་པ་པོ།:ཕག་མོ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-11-20 11:03:21 ཀློག་གྲངས།:

   དུས་རབས་གསར་བའི་ལྷག་རླུང་གིས་བདས་ཏེ་ནུབ་བརྒྱུད་གསར་སྤེལ་གྱི་སྒོ་མོ་ཡངས་པོར་ཕྱེ་བའི་དུས་སྐབས་བཟང་བོ་འདིར་རང་ཅག་བོད་རིགས་སློབ་གསོའི་བྱ་བ་སྒྲུབ་མཁན་ཚོས་བསམ་དགོས་པ་ཞིག་དང་མི་རིགས་འདིའི་འཕེལ་འགྲིབ་ལ་སེམས་ཁུར་བྱེད་པ་ཚོས་ངེས་པར་དུ་སྒྲུབ་དགོས་པ་ཞིག་ནི་བོད་རང་ལ་སྤྱི་སྐད་ཅིག་གཏན་འཁེལ་བྱེད་རྒྱུ་དེ་ཡིན་པས་འདིའི་ཐད་ཀྱི་བསམ་ཚུལ་འགའ་གླེང་ན།

   གཅིག ད་ལྟའི་བོད་སྐད་ཀྱི་གནས་བབ།

   མི་རིགས་སོ་སོའི་བཅོས་བསྒྱུར་གྱི་ཕྱོགས་སུ་གོམ་པ་སྤོ་བ་ནི་མེས་རྒྱལ་བཅོས་བསྒྱུར་གྲོགས་སུ་བསྐྱོད་པ་མཚོན་པས། ང་ཚོས་དང་ཐོག་སྐད་ཆ་གཅིག་གྱུར་གྱི་ཕྱོགས་ནས་གོམ་པ་སྤོ་དགོས་ཏེ། སྐད་ཆ་གཅིག་གྱུར་མེད་ན་རང་རིགས་འདི་འཛམ་གླིང་སྔོན་ཐོན་མི་རིགས་དང་གོང་འཕེལ་འགྲོ་ཁག་པོ་འདུག

   བོད་སིལ་བུར་ཐོར་རྗེས་བོད་སྐད་ཡང་རིམ་བཞིན་ཡུལ་སྐད་དང་ལུང་སྐད་མང་བོར་གྱེས་ནས་བོད་ཐུན་མོང་གི་སྤྱི་ཚོགས་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་བྲལ་ཞིང་ཡུལ་ཕྱོགས་སོ་སོས་རང་ཉིད་ཀྱི་ཡུལ་སྐད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་ཁ་བསྙེགས་པས་མདོ་དབུས་ཁམས་གསུམ་གྱི་སྐད་ཆའི་བར་ཁྱད་ཇེ་ཆེ་གྱུར་ནས་ད་ལྟའི་ཕན་ཚུན་གྱི་སྐད་ཆའི་གོ་བརྡ་མི་འཕྲོད་པའི་དུས་འདིར་སླེབས།

   གནད་དོན་འདི་རང་རེའི་བོད་རིགས་ཀྱི་ཡུལ་གྲུ་སྤྱི་ལ་གནས་པའི་མིག་མཐོང་ལག་ཟིན་ཅིག་ཡིན་པས་རྒྱས་སྤྲོས་ཀྱི་གཏམ་བརྒྱ་བརྗོད་མི་དགོས་ལ། ངེས་པར་དུ་བསམ་དགོས་པའི་གནད་དོན་ཆེན་པོ་ཞིག་རེད། མཐོ་སྒང་གི་མི་རིགས་འདིའི་དཔལ་འབྱོར་དང་རིག་གནས། ཆབ་སྲིད་བཅས་ཕྱོགས་གང་ཐད་ནས་གོང་དུ་འཕེལ་ཞིང༌། ཡུལ་གྲུ་གཞན་དང་མཐུན་པ་ཞིག་བྱེད་དགོས་ན་སྐད་ཆ་གཅིག་གྱུར་ནི་གཙོ་བོ་ཞིག་ཡིན་པས་འདི་མདོ་དབུས་མཐོ་སྒང་གི་བཅོས་བསྒྱུར་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་རེད།

   སྐད་ཆ་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ཡོ་བྱེད་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་འཚོ་བའི་བྱ་ལས་ཁྲོད་སྐད་ཆ་དང་ཡི་གེ་བེད་སྤྱད་ནས་བསམ་བློ་བརྗེ་རེས་དང་བྱ་བ་ལེགས་པར་སྒྲུབ་ཀྱིན་ཡོད། དེ་བས་སྐད་ཆ་དང་ཡི་གེ་ནི་མི་རིགས་ཤིག་འཚོ་བཞེས་དང་འཕེལ་རྒྱས་འབྱུང་བའི་ཆ་རྐྱེན་གཙོ་བོ་ཡིན་མོད། འོན་ཀྱང་ང་ཚོ་མི་རིགས་འདིས་བོད་ཀྱི་སྐད་དང་ཡི་གེས་རང་ཉིད་ཀྱི་མིག་སྔའི་དཀའ་ཁག་སྣ་ཚོགས་སེལ་ཐབས་བྱེད་པའི་རྒྱུ་རྐྱེན་སྣ་ཚོགས་ལ་ཁག་བཀལ་ནས་བོད་ཀྱི་སྐད་དང་ཡི་གེ་མཁོ་མེད་དུ་འདོད་ནས་རྒྱ་ཡིག་སོགས་བརྩི་མཐོང་ཆེན་པོ་བྱེད་པའི་བསམ་བློའི་ཤུགས་རྐྱེན་འོག་བོད་ཀྱི་སྐད་དང་ཡི་གེ་འདི་ནུས་མེད་ཉམས་ཆུང་དུ་འདོད་དེ། ང་ཚོའི་སྐད་དང་ཡི་གེ་འདིའི་བཀོལ་རྒྱ་ཇེ་ཆུང་དུ་འགྲོ་བཞིན་ཡོད་པས། ང་ཚོས་ངེས་པར་དུ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཐུན་མོང་གི་བཀོལ་སྤྱོད་དང་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ལ་དངོས་སུ་འཕེལ་རྒྱས་ཀྱི་ནུས་བ་འདོན་ཐུབ་པའི་སྤྱི་སྐད་ཅིག་གཏན་འཁེལ་བྱེད་དགོས།

   ད་ལྟའི་དུས་སྐབས་བཟང་བོའམ་གོ་སྐབས་ལེགས་པོ་འདི་དམ་འཛིན་བྱས་ནས་མཐོ་སྒང་བོད་རིགས་ཀྱི་སྐད་ཆ་འདི་གཅིག་གྱུར་མ་བྱས་ན་ནམ་ཞིག་གི་ཚེ་ང་ཚོའི་རིགས་འདི་ཁ་ཐོར་ཡ་བྲལ་དུ་གྱུར་ནས་བོད་ཀྱི་སྐད་ཅེས་པ་འདི་རྨང་ནས་འཇིག་ཅིང་རྒྱ་བོད་ཧོར་སོགས་ཀྱི་འདྲེས་མའི་སྐད་དུ་གྱུར་ནས་སྐད་ཡིག་གཅིག་གྱུར་ཞེས་པ་འདི་ཁ་སྟོང་ནང་གི་ཚིག་སྟོང་ཙམ་ཡིན། མི་རིགས་ལ་བརྩེ་ཞེན་ཆེ་བའི་རྣམ་དཔྱོད་ཅན་འགས་འདིའི་ཕྱོགས་སུ་ཆེད་རྩོམ་དང་བགྲོ་གླེང་འགའ་མཛད་ཀྱང་གོང་རིམ་པས་སྣང་དོགས་མ་བྱས་པས་ཡུན་གྱིས་འབྲས་མེད་དུ་གྱུར།

   གཉིས། བོད་སྐད་ཡིག་གཅིག་གྱུར་བྱེད་ཚེ་དཔེ་གཞི་གང་འཛིན་དགོས་ཟེར་ན།

   བདག་གིས་འདི་ལྟར་སེམས་ཏེ། རང་ཅག་བོད་རིགས་འདི་དང་ཐོག་ནས་བཟུང་འཚོ་སྡོད་བྱེད་སའི་ཡུལ་ནི་མདོ་དབུས་མཐོ་སྒང་ཡིན་ལ། གནས་དེ་ནས་གོས་སུ་ཤིང་ཤུན་དང་ལོ་མ་གྱོན་པའི་དུས་དེར་རི་དྭགས་གསོད་པ་དང་ཕྱུག་འཚོ་བ། ས་ཞིང་རྨོ་འདེབ་སོགས་ལས་རིམ་པར་འཕེལ་ཞིང་མི་རིགས་འདི་ལ་རང་གི་སྐད་ཆ་བྱུང་བ་དང༌། དེར་བརྟེན་ནས་རྒྱུ་འོང་གི་འབྲེལ་བ་ཆགས་ཤིང་ཐུན་མོང་སྐོར་སྡོད་ཀྱི་འཚོ་བ་རོལ། དེ་ལ་མགོ་གཙོ་ལྷའམ་རྒྱལ་བོར་བཀུར་ནས་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་སུ་སླེབས་སྐབས། བཀའ་དྲིན་གཞལ་བར་དཀའ་བའི་སློབ་དཔོན་ཐོན་མི་མཆོག་གིས་རྒྱལ་བོའི་བཀའ་སྤྱི་བོར་བླངས་ཏེ་རྒྱ་གར་དུ་ཕྱིན་ནས་རྒྱ་ཡིག་མཐར་ཕྱིན་ཅིག་སྦྱངས་མཐར། རྒྱ་ཡིག་ལྔ་ཅུ་ཐམ་པ་གཙོ་བྱས་གཞན་པའི་ཡིག་རིགས་ལས་ཀྱང་ལེགས་ཆ་སྙིང་བསྡུས་སྒོས་བོད་རང་གི་སྐད་དང་མཐུན་པར་བཀོལ་ན་སྟབས་བདེ་ཞིང་གྲངས་ཉུང་བ། མི་ཚང་བ་མེད་པའི་དབྱངས་བཞི་དང་གསལ་བཤད་སུམ་ཅུ་བོད་རང་གི་ཡི་གེ་རུ་གཏན་ལ་ཕབ་པ་དང་སྲོང་བཙན་གྱི་སྐད་དང་ཡི་གེ་དེ་ལ་བརྟེན་ནས་བོད་ཡུལ་གཅིག་གྱུར་དང་དབང་བསྒྱུར་བྱས་ནས་མཐོ་སྒང་འདིའི་རིག་གནས་དང་དཔལ་འབྱོར་སོགས་ཕྱོགས་ཡོངས་ནས་འཕེལ་ར


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།