སྐད་བརྡའི་འཕོ་འགྱུར་དང་བོད་སྐད་ཡིག་གི་འབྱུང་འགྱུར་སྐོར་གླེང་བ། (གཉིས་པ)
ཨ་རུའི་མཁས་པ་ཁུན་ནུ་ཟི་ཁྰ་ཙི་ནྰས་《འཇིག་རྟེན་ཀྱི་སྐད་ཆ》(ཉོའུ་ཡོ་ཀ༡༩༧༥ལོའི་པར། པེ་ཅིན༡༩༨༠ལོའི་པར)ཞེས་པའི་ནང་སྐད་རིགས་སྟོང་ཕྲག་འགའི་ཁྲོད་འཛམ་གླིང་གི་མི་གྲངས༩༥%ཡན་གྱི་སྐད་བརྡ་རིགས་བརྒྱ་ཡང་སྤྱོད་ཀྱིན་མི་འདུག རྒྱ་སྐད་(མི་གྲངས་སྤྱིའི༢༠%ཙམ)དང་དབྱིན་ཇུའི་སྐད། སུ་ཕན་ཡའི་སྐད། ཨུ་རུ་སུའི་སྐད། ཧིན་རྡུ་ཉི་ཞི་ཡའི་སྐད་སྤྱོད་པའི་མིས་འཛམ་གླིང་མི་གྲངས་ཡོང་ཀྱི༤༥%བཟུང་བ་དང་། གལ་ཏེ་དེ་དག་གི་སྟེང་འཇར་མན་སྐད་དང་འཇར་པན་སྐད། ཨ་ར་པོའི་སྐད། བྷང་ག་ལའི་སྐད། ཧྥ་རན་སུའི་སྐད། དབྱི་ཐ་ལིའི་སྐད་བཅས་བསྣན་ན་འཛམ་གླིང་མི་འབོར་གྱི༦༠%ཟིན་ཞེས་བསྟན་འདུག གལ་ཏེ་ང་ཚོས་དེའི་སྟེང་སྤྱོད་མཁན་ས་ཡ་གཅིག་ཡན་གྱི་སྐད་བརྡ་རིགས༡༥༠ཙམ་དང་། ས་ཡ་མན་དང་འབུམ་ཡན་གྱི་སྐད་རིགས༣༠༠ཙམ་བསྣན་ན། སྐད་རིགས༤༥༠ཙམ་སྤྱོད་མཁན་གྱིས་འཛམ་གླིང་མི་འབོར་གྱི༩༩%ཟིན་ལ། ལྷག་མའི་སྐད་རིགས་ཉིས་སྟོང་ལྷག་ཙམ་མི་འབོར་ཡོངས་ཀྱི༡%གི་ཁ་ན་འདུག སྐད་རིགས་ལ་ལ་མི་འབོར་སྟོང་འགའ་འམ་བརྒྱ་ཕྲག་འགའ། ཐ་ན་གྲོང་ཚོ་གཅིག་གམ་ཁྱིམ་ཐབ་གཅིག་ན་སྤྱོད་པའི་སྣང་ཚུལ་ཡང་འདུག
སྤྱི་ཚོགས་གོང་འཕེལ་དང་མི་རྣམས་ཀྱི་འགྲོ་འདུག་ཇེ་མང་ལ་སོང་བ་དང་བསྟུན། སྤྱོད་མཁན་ཉུང་བའི་སྐད་རིགས་བཀོལ་མཁན་དེ་ཚོས་སྐད་བརྡ་སྟོབས་ཆེ་བ་ཚུར་ལེན་ནམ་སློབ་སྦྱོང་བྱས་ཏེ་འཚོ་བའི་དགོས་མཁོ་ཚིམ་པར་མ་བྱས་ན་ཁོ་ཚོས་བརྙན་འཕྲིན་དང་ཚགས་པར། སྒོ་བྱང་། ལམ་ཡིག་སོགས་ཀྱང་མི་ཤེས་པར་གླེན་པ་ཤ་སྟག་རེད་ལ་ཐ་ན་འཚོ་ཐབས་ཀྱང་ཟད། མི་རིགས་དེ་ཚོའི་རྗེས་རབས་པ་ཚོས་རང་གི་ཕ་སྐད་དོར་ནས་དངོས་བཀོལ་རིན་ཐང་ལྷག་པར་ཆེ་བའི་སྐད་བརྡ་སྟོབས་ཆེན་ཞིག་མི་སློབ་ག་མེད་རེད། སྐད་བརྡ་ཉམ་ཆུང་དེ་དག་རིམ་བཞིན་འཇིག་ཡལ་དུ་འགྲོ་དགོས་འདུག སྐད་བརྡའི་འགྱུར་བ་འདི་ལ་སྤྱི་ཚོགས་མཐུན་སྒྱུར་ཟེར་ཏེ། སྐད་རིགས་ཆེན་མོ་ཁྱབ་གདལ་གྱི་དྲིལ་སྒྲོག་ཡོ་ཆས་ཇེ་མང་དང་ལག་རྩལ་ཡར་འཕེལ་གྱིས་སྐད་བརྡ་ཉམ་ཆུང་སྔར་ལས་ཉམས་རྒུད་ལ་འགྲོ་བའི་གོམ་སྟབས་དེ་བས་ཇེ་མྱུར་དུ་བཏང་། ཕྱོགས་གཞན་ནས་བལྟས་ན། ཚན་རིག་ལག་རྩལ་ཡར་ངོའི་ཟླ་བཞིན་འཕེལ་བར་བརྟེན། སྐད་བརྡ་དང་ཚན་རྩལ་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་སོང་། སྐད་ཆ་སྟོབས་ཆེན་དེ་དག་གིས་འཕྲིན་གསར་འབོར་ཆེན་བཟུང་ཡོད་པ་མ་ཟད། མུ་མཐུད་ནས་གསར་སྤེལ་དང་གོང་འཕེལ་འགྲོ་བཞིན་འདུག་ལ། སྐད་བརྡ་དང་འབྲེལ་ཆེ་བའི་ལག་རྩལ་དང་གཞུང་ལུགས་ཀྱང་དབྱར་མཚོ་བཞིན་དུ་རྒྱས་ཕྱིར། མུ་མཐུད་ནས་མིང་དང་ཐ་སྙད། འཕྲུལ་ཆས་ལ་སྤྱོད་པ་སོགས་གང་ཅིའི་ཐད་སྔར་བཞིན་སྟོབས་འབྱོར་མངའ། དཔེར་ན་དབྱིན་ཇུ་དང་འཇར་པན་གྱི་ཡི་གེ་གཉིས་ནས་དུས་གསར་ཚན་རྩལ་གྱི་དཔེ་ཆ་དང་དུས་དེབ་ཚགས་པར་སྤྱིའི༧༠%ཡན་ཟིན་པས། སྔོན་ཆད་དབྱིན་སྐད་དང་ཨུ་རུ་སུའི་སྐད་སྦྱངས་བའི་སྲོལ་དེ་ད་སྔ་དབྱིན་སྐད་དང་འཇར་པན་སྐད་སློབ་པར་གྱུར། སྡོམ་རྩིས་ལྟར་ན་རྒྱ་སྐད་ཁྲོད་ཀྱང་ལོ་རེར་ཐ་སྙད༨༠༠ལྷག་ཇེ་མང་དུ་འགྲོ་བཞིན་འདུག་ལ། 《现代汉语词典》(修订本)གསར་བཅོས་བྱེད་དུས་མིང་ཚིག༥༠༠༠ལྷག་བསྣན་འདུག་པ་མང་ཤོས་མིང་ཚིག་གསར་བ་དང་ཕྱི་ཡོང་ཐ་སྙད་(外来语)རེད། སྐད་རིགས་གང་ཡིན་ན་འང་འདྲ། ཚན་རིག་ལག་རྩལ་ཚུར་ལེན་མ་ཐུབ་ན་ཡི་གེ་ཡོད་རུང་སྐད་དེ་འདོར་བའི་ལས་དབང་བསྒྱུར་མི་ཐུབ་ལ། གལ་ཏེ་ཡིག་རིགས་གང་ཞིག་གློག་ཀླད་དུ་སྤྱོད་མ་ཐུབ་ན་ལོ་ངོ་བཅུ་ཕྲག་འགའི་རྗེས་ལ་མིའི་རིགས་ཀྱིས་རྒྱབ་ཏུ་བསྐྱུར་ངེས། དེའི་ཕྱིར་ཡི་གེ་མེད་པའི་སྐད་ཆ་དེ་དག་འཇིག་ཡལ་དུ་འགྲོ་མྱུར་བ་མ་ཟད། རྗེས་ལུས་ཀྱི་སྐད་བརྡ་ཉམ་ཆུང་དག་ཀྱང་སྤྱོད་ཡུལ་ཇེ་མང་དུ་སོང་བ་དང་བསྟུན་རིམ་བཞིན་ཡལ་བར་འགྱུར།
འཕེལ་རྒྱས་དང་གནས་བབ་འདི་འདྲའི་ཁྲོད་མི་རྣམས་ཀྱིས་རང་གི་མི་ཚེའི་ཆེད་དུ་སྐད་ཡིག་གཞན་ཞིག་ཤེས་ཐབས་བྱེད་ཅིང་། ལྷག་པར་དུ་སྐད་བརྡ་སྟོབས་ཆེ་བ་རེ་གཉིས་ཙམ་སློབ་པར་མོས། དུས་ནམ་ཞིག་ན་རྗེས་རབས་པ་ཚོས་སྐད་རིགས་རེ་གཉིས་ཙམ་སྤྱི་མཐུན་དུ་སྤྱོད་པ་ལས་ཕ་སྐད་གཏན་བརྗེད་ཡིན་པར་གདོན་མི་ཟ། འོ་ན་སྤྱི་མཐུན་དུ་སྤྱོད་པའི་སྐད་བརྡ་དེ་དག་གང་ཡིན་ནམ་ཞེ་ན། ༡༩༨༩ལོའི་ནའོ་པེ་ཨེར་རྩོམ་རིག་བྱ་དགའ་ཐོབ་མཁན་ཁྰ་མུ་རའོ.ཧུ་སྰད.སྰད་རྭ(སུ་ཕན་ཡའི་མ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com