བོད་ལ་སྤྱི་སྐད་ཡོང་ཐབས་ཀྱི་འཆར་སྒོ་ཕྲན་བུ།
དང་ཐོག་སྐད་ཅེས་པ་འདི་བསྐལ་པ་ཡ་ཐོག་གི་མི་རྣམས་ཀྱིས་ལག་བརྡ་ལ་བརྟེན་ནས་གོ་བརྡ་འཕྲོད་པ་དང་མཇུག་ཏུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ཕུན་སུམ་ཚོགས་སུ་ཕྱིན་པ་རེད། དེ་དང་དེ་བཞིན་རང་རེའི་བོད་ཀྱི་སྐད་འདི་ལའང་དེ་ནང་བཞིན་གྲུབ་པ་ཞིག་ལོས་ཡིན། ཡིན་ཡང་རང་རེའི་བོད་སྐད་འདི་ལ་དབྱེ་བ་གསུམ་ཙམ་ཕྱེ་བ་འདི་ཕྱོགས་གཉིས་ནས་བསམ་དགོས་པ་ཞིག་འདུག གཅིག་ནས་མཐོ་བོད་བཙན་པོའི་རྒྱལ་ཁབ་མ་གཙུགས་གོང་བོད་འདི་ཚོ་ཁག་མང་པོ་ཞིག་དབྱེ་འདུག་པས་ཚོ་ཁག་ཁག་གི་སྐད་ལུགས་མི་འདྲ་བ་ཞིག་ཡིན་པའི་དབང་གིས་ཡིན་ནམ་ཡང་ན་ཕྱོགས་གཞན་ཞིག་ནས་མདོ་སྨད་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བོད་དབུས་གཙང་གི་མི་རྣམས་ཀྱིས་འདི་འདྲ་ལབ་ཀྱི་ཡོད། དེ་ཨ་ཕོ་ཧོར་པ་ཟེར་ནས་ཕར་གཅིག་སྤྲད་པ་དང་ཁམས་པ་རོ་ལྕོག་ཟེར་ནས་མར་གཅིག་འབུད་པ་སོགས་བྱས་ནས་ཕལ་ཆེར་བོད་ཅེས་པ་འདི་དམར་པོ་རི་བོའི་སྐོར་ལམ་དང་བར་སྐོར་གཡས་གཡོན་གྱི་མི་མ་གཏོགས་གཞན་དག་རྣམས་བོད་པ་མ་ཡིན་ནམ་བསམ་པའི་ཟོར་ཞིག་བྱས་པ་དང་ཡང་མདོ་ཁམས་མི་རྣམས་ཀྱིས་དབུས་གཙང་གི་མི་རྣམས་ལ་བོད་པ་ཅེས་འབོད་ནས་ཕལ་ཆེར་རང་ཉིད་བོད་པ་མིན་པའི་མི་རིགས་གཞན་དག་ཅིག་མིན་ནམ་བསམ་པ་ཞིག་བྱས་ནས་ཡང་ཕྱིར་འབུད་གཏོང་བཞིན་འདུག་ཅེས་གསུངས་པ་ལ་བལྟས་ན་བོད་ཀྱི་མི་ལ་ཡུལ་གྱི་དབྱེ་བ་བཞིན་སྐད་ལའང་དེ་ལྟར་དབྱེ་བ་ཡོད་པ་འདི་ཕལ་ཆེར་འདིས་བཟོས་པ་ཞིག་མིན་ནམ་སྙམ། འོན་ཀྱང་བོད་ཅེས་པ་འདི་ཆོལ་ཁ་གསུམ་ལ་བོད་ཅེས་བཏགས་པ་ལས་ཡུལ་རེ་གཉིས་ལ་བོད་ཅེས་བཏགས་པ་མིན་པ་ནི་ཀུན་གྱིས་མཁྱེན་གསལ་རེད། བོད་ལ་སྤྱི་སྐད་བཟོ་བ་ལ་བོད་མི་རིགས་ཀྱི་མཐུན་སྒྲིལ་ནི་མེད་དུ་མི་རུང་བ་ཞིག་རེད། ད་བོད་ཡུལ་གང་གི་སྐད་དེ་སྤྱི་སྐད་ལ་འཇོག་ན་བོད་སྤྱི་ཡོངས་ལ་ཁྱབ་ཐུབ་པ་དང་བརྡ་དོན་འཕྲོད་སླ་བ་འདུག་བསམ་ན། མི་ཁག་གཅིག་གིས་བོད་ཡུལ་གྱི་མཐའ་རུ་གནས་པའི་སྐད་འདི་བོད་ཀྱི་ཕ་སྐད་ཤུལ་དངོས་ཡིན་པས་བོད་སྤྱི་སྐད་ལ་འཇོག་དགོས། གང་ཞེ་ན། ཁམས་འཇོ་མདའི་སྐད་དང་བོད་ཀྱི་རྡོ་རིང་ཡིག་རྙིང་སོགས་ཀྱི་ཡི་གེ་དུས་ད་ལྟ་ཡང་མེ་ལ་མྱེ་དང༌། མི་ལ་མྱི་སོགས་འདྲ་པོ་འདུག་ལ་སྨད་མདོ་ཁམས་ཀྱི་སྐད་དང་སྟོད་མངའ་རིས་གཉིས་ཀྱི་སྐད་ཤིན་ཏུ་འདྲ་པོ་འདུག ད་དུང་དགེ་འདུན་ཆོས་འཕེལ་གྱིས་《དེབ་ཐེར་དཀར་པོ་》ཞེས་པ་དེའི་ནང་བོད་ཀྱི་ཡུལ་མཐའ་རྒྱ་གར་ས་སྣེ་དང་འབྲེལ་བའི་ཡུལ་ཞིག་ན་བོད་རིགས་རྫི་བོ་ཆུང་ཆུང་ཞིག་གིས་གླུ་བླངས་བཞིན་འདུག་པའི་ཁམས་བྲག་གཡབ་ཁུལ་གྱི་གླུ་དང་འདྲ་པོ་འདུག་ཅེས་གསུངས་པ་ལ་གཟིགས་ཞེས་གསུངས་པ་འདི་བོད་ཀྱི་ཕལ་སྐད་ཡིན་པའི་བདེན་དཔང་ཐོབ་ཀྱང་བོད་ཀྱི་སྤྱི་སྐད་ལ་འཇོག་དགོས་གསུངས་པ་མ་ཡིན། གང་ལགས་ཤེ་ན། སྐད་ལ་བལྟོས་ནས་ཡི་གེ་བཟོས་པ་དང་སྐད་ཀྱི་འགྱུར་བ་ལ་བལྟས་ནས་སྐད་གསར་བཅད་ཅེས་པ་འདི་བྱུང་བའི་དབང་གིས་སོ། །
མདོ་ཁམས་ཀྱི་སྐད་ལ་དཔྱད་ན་ཨ་མདོའི་སྐད་ཀྱིས་བོད་ཡིག་སྦྱོར་ཀློག་བྱེད་སྐབས་རྒྱུན་དུ་སྐད་ཆའི་ནང་བདག་སྒྲ་པ་བ་གཉིས་ཀྱི་བ་དེ་མིང་གཞི་ཝ་དང་སྒྲ་གཅིག་མཚུངས་བྱས་ནས་དཔེར་ན་བོད་རིགས་ལ་འོད་རིགས་སོགས་ཀློག་པ་འདི་བོད་ཡིག་ནང་བ་ཡིག་དེ་དམིགས་བསལ་གྱིས་མིང་མཐའི་སྐབས་ཝ་རུ་ཀློག་དགོས་པ་ལས་མིང་གཞིའི་སྐབས་ཝ་རུ་ཀློག་པ་འདི་ཉམས་པ་མིན་ནམ་སྙམ། ད་དུང་ཡི་གེ་སྦྱོར་ཀློག་སྐབས་སྔོན་རྗེས་ཡང་རྣམས་སྒྲ་གདངས་རེ་རེ་བཞིན་སྦྱར་ནས་ཀློག་སྐབས་སྒྲ་ཐར་ཐོར་ལྟར་ཕྱིན་ནས་གཅིག་ཏུ་བསྡུ་མི་ཐུབ་པ་ལྟར་བྱས་ནས་བོད་ཡུལ་གཞན་དག་གི་ཉན་པ་པོ་ཡིས་གོ་དཀའ་བར་འགྱུར་བཞིན་འདུག ཡང་ཁམས་རྣམས་ཀྱི་ཡི་གེ་ཀློག་སྐབས་རྒྱུན་པར་ཡི་གེ་དག་པོ་འདྲ་ཞིག་ཀློག་ཀྱང་རྒྱུན་དུ་ཁ་སྐད་ཐོག་རྗེས་འཇུག་ལ་འགྱུར་བ་ཤིན་ཏུ་ཆེན་པོ་ཐོན་གྱི་འདུག དཔེར་ན། ཆབ་མདོ་ལ་ཆམ་མདོ། ཞབས་འདེགས་ལ་ཞས་འདེགས་སོགས་ཤོད་ཀྱི་འདུག་ལ་ད་དུང་མགོ་ཅན་གྱི་ཡི་གེ་རྐྱང་པ་རྣམས་ཀློག་སྐབས་སྒྲ་གཅིག་མཚུངས་མེད་པ་ལ་གཅིག་མཚུངས་མང་དག་ཞིག་འབྱུང་ཞིང་མཆིས་པ་འདི་ཡུལ་མི་རང་བཞིན་སྐད་ཀྱིས་གནོད་པ་སྐྱེལ་བ་ཞིག་མིན་ནམ་སྙམ། ཡང་དབུས་ཀྱི་སྐད་འདི་ལ་ཅུང་ཞིག་དཔྱད་ན། དབུས་ཀྱི་སྐད་དེ་ཅུང་འགྱུར་བ་ཆེ་ཙམ་ཞིག་འདུག གང་ལགས་ཤེ་ན། ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པའི་བར་སྐོར་གཡས་གཡོན་བོད་རིགས་ཚོང་པ་སྟོབས་ཆེ་ཆུང་གང་འདྲ་ཞིག་ཡིན་ཡང་རྒྱ་སྐད“减价”ཟེར་བ་འདིའི་སྐད་རྒྱག་ཤེས་ཀྱི་ཡོད་ཀྱང་རང་ཉིད་མི་རིགས་ཀྱི་སྐད་བེད་སྤྱད་ནས་ཤོད་དང་ཞེས་སྐད་ཆ་དྲིས་ན་ཕལ་ཆེར་ཚོང་པ་མི་ཉུང་བ་ཞིག་གིས་བོད་སྐད་ཡང་དག་པ་གང་འདྲ་ཤོད་དགོས་ཀྱི་ཡོད་མིན་དཀའ་ངལ་ཞིག་ཏུ་འགྱུར་ངེས་རེད། ད་དུང་ཉམས་ཐག་དགོས་པ་ཞིག་ལ་གྲོང་ཁྱེར་གྱི་ཕོ་གཞོན་མོ་གཞོན་ཁ་ཤས་ཀྱིས་རྒྱ་བོད་སྐད་གཉིས་ཟུང་དུ་སྦྲེལ་ནས་ཤོད་པ་ལས་བོད་ཀྱི་སྐད་ཡང་དག་ཤོད་ཤེས་ཀྱི་མི་
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com