བོད་ཀྱི་སྐད་ཡིག་ཇི་ལྟར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་གཞིགས།

རྩོམ་པ་པོ།:སེང་གཤོང་སྙིང་བྱམས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-10-10 12:55:34 ཀློག་གྲངས།:

  དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་།  རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཞག་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་རབ་དང་རིམ་པ་དངོས་འབེབས་བྱས་ཏེ།  རིགས་སོ་སོའི་མི་དམངས་རྣམས་དབུལ་ཐར་ཕྱུག་འགྱུར་གྱི་བཤུལ་ལམ་རིང་མོར་བང་གིས་རྒྱུག་པར་མཐུན་རྐྱེན་བསྐྲུན་པས།  མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།  གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུགས།།ངོ་མཚར་ལྟད་མོ་དངོས་སུ་མཐོང་ཞིང་།  རྗེས་ལུསཞེས་པའི་མིང་དོན་ལ་ངེས་ཤེས་གསལ་བོར་རྙེད་དེ།  དཔལ་འབྱོར་འགྲན་རྩོད་ཀྱི་བརྩེ་མེད་ཆུ་ཀླུང་ཆེན་མོས་མི་རིགས་འདི་ཉིད་ཁམ་དུ་འགམས་པར་གཡོལ་ཆེད།  མི་རིགས་ཀྱི་ཤ་ཞེན་ཆེ་ཞིང་ལོ་རྒྱུས་ལ་འགན་འཁུར་བའི་ཤེས་ལྡན་པ་སྐོར་ཞིག་གིས་ཇི་ལྟར་མི་རིགས་འདི་ཉིད་འབྱུང་འགྱུར་གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདི་ནས་འཚོ་ཞིང་གནས་པར་བྱེད་པ་དང་།  ཇི་ལྟར་མི་རིགས་འདི་ཉིད་འབྱུང་འགྱུར་འཛམ་གླིང་མི་རིགས་དང་མཉམ་འགྲོ་མཉམ་འདུག་བྱ་ཕྱིར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གནད་དོན་མང་པོ་ཞིག་གི་དྲི་བའི་མདའ་ཁ་རང་སེམས་ལ་གཏད་དེ།  གཞི་བདེན་པའི་སྟེང་ནས་ཡུལ་ཅན་པའི་རྣམ་རྟོག་བསལ་ཏེ་ཕྱི་དོན་ལྷུར་ལེན་པའི་བསམ་བློའི་གྲ་སྒྲིག་ཐོག་མར་བྱས།

  དུས་རབས་ཉེར་གཅིག་པའི་ལོ་མགོ་འདིར་སླེབས་དུས།  ལར་མི་རིགས་འདི་ཉིད་ཡུན་རིང་བོར་སའི་གོ་ལའི་སྟེང་ནས་འཚོ་གནས་དང་འཕེལ་རྒྱས་འབྱུང་ཆེད།  གང་ཞིག་སྙིགས་དོར་ནས་བཅུད་ལེན་པ་དང་ཅི་ཞིག་རྒྱུན་འཛིན་བྱ་རྒྱུ།  གང་ཞིག་ནང་འདྲེན་བྱས་ཏེ་དར་སྤེལ་གཏོང་རྒྱུ་དང་ཅི་ཞིག་གསར་གཏོད་བྱ་རྒྱུ་སོགས་ཚེགས་དོན་གཉིས་ཀ་ཆེ་བའི་ལས་དོན་མང་པོ་ཞིག་དམིགས་འབེན་དུ་བྱས་ཏེ།  དམིགས་ཡུལ་གསལ་པའི་ལམ་ཆེན་ཞིག་ཏུ་བང་གིས་རྒྱུག་རྒྱུ་དེ་ཐག་གིས་བཅད་ཟིན་ལ།  དེས་ན་དོན་ཆེན་དེ་དག་དོན་ཐོག་ཏུ་འབེབ་པའི་སྔོན་འགྲོའི་ཆ་རྐྱེན་ནམ་ཡང་ན་བོད་མི་ཞིག་ཡིན་ཚེ་སྐབས་འདིར་མ་མཐའ་ཡང་མ་ཤེས་ན་མི་ཆོག་པའི་དོན་གྱི་སྙིང་པོ་སྟེ།  ཐོག་མར་བོད་སྐད་བོད་ཡིག་དེ་བོད་མི་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་མི་རིགས་ཀྱི་རྟགས་མཚན་དང་རིག་གནས་ཀྱི་གཞི་རྩ་ཡིན་ལ།  སྐད་ཡིག་རིག་གནས་འདི་མ་ཉམས་ན་བོད་མི་རིགས་ཀྱང་ཉམས་མི་སྲིད།  སྐད་ཡིག་རིག་གནས་འདི་ཉམས་ན་མི་རིགས་ཀྱང་རྩ་བ་ནས་ཉམས་འགྲོ་བ་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཉམས་མྱོང་།  རིག་གཞུང་སྟེང་ནས་ངེས་ཐུབ་པ་ཞིག་ཡིནཔའི་གནས་ལུགས་ཡང་དག་འདིའི་སྟེང་ནས་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཞིག་ཏུ་ངོས་བཟུང་ནས་རྒྱུན་འཛིན་པ་དང་།  སྐད་ཡིག་གི་གནད་དོན་དེ་ཐད་ཀར་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འབྲེལ་ཡོད་པའི་དོན་དངོས་དམིགས་ཏེ།  ཐོག་མར་ང་ཚོས་སྐད་ཡིག་སླར་གསོ་བྱེད་པའི་ཐུན་མོང་གི་ལས་འགན་ལྕི་མོ་འདི་ཕྲག་ཏུ་བླངས་ནས་དཀའ་གནད་ལ་ཕར་འཇུག་བྱ་དགོས་པས།  འདིར་བོད་ཀྱི་སྐད་ཡིག་གི་ད་ལྟའི་གནས་ཚུལ་ལས་འཕྲོས་ཏེ་ཇི་ལྟར་འཕེལ་རྒྱས་སུ་གཏོང་བའི་ཐད་རང་གི་དྲན་འཆར་ཕྲན་བུ་ཞིག་ཞུ་བར་བྱ་བ་ལ།

  དང་པོ།  བོད་ཀྱི་སྐད་ཡིག་གི་ཁྱད་རྟགས་དང་ད་ལྟའི་གནས་ཚུལ།

  འཛམ་གླིང་གི་མི་རིགས་གང་ཡིན་ཡང་མི་རིགས་དེའི་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་བོའི་ནང་རང་བྱུང་ཁམས་ལ་འཐབ་རྩོད་དང་སྒྱུར་བཀོད་བྱས་པའི་གོ་རིམ་ཁྲོད་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད་ཅིང་།  སྐད་ཡིག་རིག་གནས་ནི་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་མེད་དུ་མི་རུང་བའི་རིག་གནས་ཤིག་ཡིན་པའི་ཆ་ནས་དེ་ཡུན་རིང་བོར་ངག་ཐོག་ནས་གསོག་འཇོག་དང་བཀོལ་སྤྱོད།  ཁྱབ་གདལ་དུ་བཏང་བས།  ལོ་རྒྱུས་རང་བཞིན་དང་མི་རིགས་རང་བཞིན།  གོམས་གཤིས་ལྟ་སྤྱོད་རང་བཞིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་ཅིང་།  ཁྱད་ཆོས་དེའི་ཐོག་ནས་མི་རིགས་རང་མཚན་པ་ཞིག་གི་སྐད་ཡིག་དེ་མི་རིགས་ཐ་དད་ཅིག་དང་ཁྱད་འབྱེད་པའི་མཚོན་བྱེད་དམ་རྟགས་མཚན་ཉག་གཅིག་ཏུ་གྱུར་པ་ཡིན།

  རང་རེའི་མེས་པོ་གོང་མ་རྣམས་ཀྱིས་བཞག་པའི་སྐད་ཡིག་རིག་གནས་ཀྱང་འཛམ་གླིང་མི་རིགས་གཞན་དག་གི་སྐད་ཡིག་རིག་གནས་དང་འདྲ་བར་ཕྱིའི་སྣོད་ཀྱི་ཁོར་ཡུག་ནས་ནང་བཅུད་ཀྱི་སེམས་ཅན།  སྟེང་ཉི་ཟླ་གཟའ་སྐར་གྱི་འགྲོ་ལུགས་ནས་དབྱར་དགུན་སྟོན་དཔྱིད་ཀྱི་གནམ་གཤིས་འགྱུར་བ།  བར་ས་ཆུ་མེ་རླུང་གི་འདུ་འཁྲུགས་ནས་སྐྱེ་དངོས་རྩི་ཤིང་གི་སྐྱེ་ལུགས།  སེམས་ལྡན་སྲོག་ཆགས་ནས་སེམས་མེད་དངོས་རྫས།  རགས་པ་གཟུགས་ཅན་ནས་ཕྲ་བ་གཟུགས་མེད།  གྲག་པ་སྐད་སྒྲ་ནས་དབེན་པ་ཞི་གནས།  ཕྱིའི་ཟས་སྤྱོད་གོམས་གཤིས་ནས་ནང་སེམས་ཀྱི་དགའ་ཁ་འཁྱེར་སོ།  བར་དོན་ལྔ་སྣོད་དྲུག་ནས་རྩ་རྒྱུས་རུས་གསུམ་སོགས་འདུས་བྱས་ཀྱི་ཆོས་སོ་སོར་གང་ལ་དེ་འཚམ་གྱི་མིང་རེ་བཏགས་ནས་ཡོད་པ་རྣམས་བོད


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།