རང་རྒྱལ་གྱི་བཅའ་ཁྲིམས་ལས་མི་རིགས་སྐད་ཡིག་གི་གཏན་ཕབ་སྐོར་རོབ་ཙམ་གླེང་བ།

རྩོམ་པ་པོ།:ཚེ་དབང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-10-09 11:51:04 ཀློག་གྲངས།:

  སྐད་ཡིག་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་ལ་རིག་གནས་ཀྱི་སྣང་ཚུལ་ཞིག་ཀྱང་རེད།  སྐད་ཡིག་དེ་མིའི་རིགས་གྱི་འབྲེལ་གཏུག་བྱེད་པའི་ཡོ་བྱད་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་རང་བཞིན་ལྡན་ལ།  དུས་མཚུངས་སུ་སྐད་ཡིག་དེ་མི་རིགས་ཀྱི་ཁྱད་ཆོས་ཆེས་གཙོ་བོ་ཡིན་པའི་ཆ་ནས་མི་རིགས་ཀྱི་རང་བཞིན་ཀྱང་ལྡན་པ་རེད།  དེའི་སྟབས་ཀྱིས་སྐད་ཡིག་གི་སྐོར་ཁྲིམས་བཟོ་བྱེད་པར་མི་རིགས་ཀྱི་དཀའ་གནད་དང་འབྲེལ་བ་དག་གོ་སྒྲིག་ལེགས་པོ་བྱ་དགོས་ཏེ།  སྐད་དང་ཡི་གེའི་སྤྱི་ཚོགས་ཀྱི་རང་བཞིན་ཚང་མར་ལྟ་རྟོག་བྱ་དགོས།

  རང་རྒྱལ་ནི་མི་རིགས་མང་བ་དང་།  སྐད་ཡིག་མང་བ།  ཡུལ་སྐད་མང་བའི་རྒྱལ་ཁབ་ཞིག་ཡིན།  སྔར་ནས་བཟུང་བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱད་ནས་སྐད་ཡིག་གི་ཉེར་སྤྱོད་དོ་དམ་ཚད་ལྡན་ཡོང་བ་གཙིགས་སུ་འཛིན་པ་ཡིན།  རྒྱལ་ཁབ་བཙུགས་པ་ནས་བཟུང་།  ལྷག་པར་བཅོས་བསྒྱུར་སྒོ་འབྱེད་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ།  ང་ཚོས་སྐད་ཡིག་ཁྲིམས་བཟོའི་ལས་དོན་ཕྱོགས་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད།  རྩ་ཁྲིམས་ཀྱིས་སྐད་དང་ཡི་གེའི་བཅའ་ཁྲིམས་ཀྱི་གོ་གནས་དང་ཉེར་སྤྱོད་ཐད་ལ་རྩ་དོན་གྱི་སྒོ་ནས་གཏན་ལ་ཕབ་ཡོད་དེ།  མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དང་།  འདེམ་བསྐོའི་བཅའ་ཁྲིམས།  མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས།  ཉེས་དོན་གཏུགས་བཤེར་གྱི་བཅའ་ཁྲིམས།  དམངས་རྩོད་གཏུགས་བཤེར་གྱི་བཅའ་ཁྲིམས།  སྲིད་འཛིན་གཏུགས་བཤེར་གྱི་བཅའ་ཁྲིམས།  སློབ་གསོ་སྐོར་གྱི་བཅའ་ཁྲིམས་སོགས་གཞི་རྩའི་བཅའ་ཁྲིམས་དང་།  དེ་མིན་འོས་འགན་སློབ་གསོ་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་རྣམས་རྩ་ཁྲིམས་གཞིར་བཟུང་ནས་སྐད་ཡིག་གི་གནད་དོན་ཐད་དམིགས་སུ་བཀར་ཏེ་གཏན་ལ་ཕབ་པ་དང་།  རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས་ད་དུང་སྲིད་འཛིན་གྱི་ཁྲིམས་སྲོལ་དང་།  ས་གནས་རང་བཞིན་གྱི་ཁྲིམས་སྲོལ།  སྲིད་གཞུང་གི་སྒྲིག་སྲོལ་བཅས་རབས་དང་རིམ་པ་གཏན་འབེབ་བྱས་ཡོད།  སྐད་ཡིག་དང་འབྲེལ་བའི་གཏན་ཕབ་འདི་དག་གིས་སྐད་ཡིག་གིས་རྒྱལ་ཁབ་གཅིག་གྱུར་དང་།  མི་རིགས་མཐུན་སྒྲིལ།  དཔལ་འབྱོར་འཕེལ་རྒྱས།  སྤྱི་ཚོགས་གོང་འཕེལ་བཅས་ཡོང་བར་སྐུལ་སྤེལ་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་མཁོ་སྤྲོད་བྱས་ཡོད་པས།  འདིར་ང་ཚོས་དེའི་སྐོར་ཅུང་ཟད་གླེང་བར་བྱས་སྟེ།

  གཅིག  བཅའ་ཁྲིམས་ལྟར་མི་རིགས་རང་སྐྱོང་ས་གནས་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གི་རང་སྐྱོང་དབང་ཆ་འགན་སྲུང་བྱ་དགོས།

  རང་རྒྱལ་གྱི་རྩ་ཁྲིམས་སུ།  མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས།  མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་ཕབ་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གཅིག་གམ་ཁ་ཤས་སྤྱོད་དགོས་ཞེས་གཏན་ལ་ཕབ་ཡོད།  མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་ལ་ཕབ་པའི་རྩ་དོན་ལྟར།  མི་རིགས་ས་ཁོངས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་དུས་མཚུངས་སུ་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་ཁ་ཤས་སྤྱད་ནས་ལས་འགན་སྒྲུབ་པ་ལ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བཟུང་ཆོག་ཅེས་བྱེ་བྲག་ཏུ་གཏན་ལ་ཕབ་ཡོད།  རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་ཕབ་ལྟར་མི་རིགས་ས་ཁོངས་རང་སྐྱོང་ས་གནས་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་བེད་སྤྱོད་གཏོང་བའི་དབང་ཆ་འགན་སྲུང་བྱ་བ་ནི།  མི་རིགས་སྐད་ཡིག་ཁྲིམས་བཟོ་བྱེད་པ་ལ་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་དོན་འགངས་ཆེན་ཞིག་ཡིན་ནོ།།

  རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་ཕབ་འདི་ཡང་དག་པར་ངོས་འཛིན་དང་ལག་བསྟར་བྱ་ཆེད་གཤམ་གསལ་གྱི་དཀའ་གནད་དག་གསལ་པོར་བྱ་དགོས་ཏེ།

  གཅིགལས་འགན་སྒྲུབ་པ་ཞེས་པའི་སྐོར།  དེས་མི་རིགས་ས་ཁོངས་རང་སྐྱོང་ས་གནས་རང་ཉིད་ནང་ཁུལ་གྱི་བྱེད་སྒོ་སྟོན་པ་ཡིན་ལ།  མི་རིགས་ས་ཁོངས་རང་སྐྱོང་ས་གནས་ཕྱི་རོལ་གྱི་བྱེད་སྒོ་ཡང་འདུས་ཤིང་།  རྒྱལ་ཁབ་ཀྱི་རིམ་པ་གོང་མའི་ལས་ཁུངས་ལ་འབྲེལ་འདྲིས་བྱེད་པའི་ལས་དོན་སྒྲུབ་སྟངས་སྟོན་པ་ཡིན།  རྒྱལ་ཁབ་ཀྱི་རིམ་པ་གོང་མའི་ལས་ཁུངས་དང་དེ་མིན་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ལས་དོན་སྒྲུབ་སྟངས་ཀྱང་འདུ་བ་ཡིན།  མདོར་ན་དེར་མི་རིགས་ས་ཁོངས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་འགན་དབང་སྤྱོད་པ་དང་འགན་འཁྲི་སྒྲུབ་པའི་ལས་དོན་སྒྲུབ་སྟངས་སམ་བྱེད་སྒོ་མཐའ་དག་ཁྱབ་སྟེ།  ཡིག་ཆ་སྣ་ཚོགས་སྒྲིག་པ་དང་སྤེལ་བ།  ཚོགས་འདུ་སྣ་ཚོགས་བསྡུ་བ།  ཞིབ་འཇུག་བརྟག་དཔྱད་དང་།  རྟོག་ཞིབ་དང་གཟིགས་ཞིབ་བྱེད་པའི་བྱ་འགུལ།  མི་དམངས་མང་ཚོགས་ཀྱི་ངོ་བཅར


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།