མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-09-25 10:31:25 ཀློག་གྲངས།:

(༡༩༩༣ལོའི་ ཟླ་༤ཚེས་༢༤ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཞི་བའི་སྟེང་གྲོས་འཆམ་བྱུང་ཞིང་)༡༩༩༣ལོའི་ཟླ་༧ཚེས་༡༧ཉིན་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་བཞི་བའི་སྟེང་ཚོད་ལྟ་རུ་ལག་བསྟར་བྱ་རྒྱུའི་ཆོག་མཆན་བཀོད)

    དོན་ཚན་དང་པོ། 〈〈ཀྲུ ང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁ བ་ཀྱི་རྩ་ཁྲིམས〉དང་〉《ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས》〉《མགོ་ལོག་བོད་ རིགས་རང་སྐྱོང་ཁུལ་གྱི་སྲོལ་ཡིག》བཅས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐོག་རང་ཁུལ་གྱིདངོས་ཡོད་གནས་ཚུལ་དང་བསྟུན་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་རིམ་པས་མི་རིགས་སོ་སོའི་སྐད་ཡིག་ འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་དང་མཐུན་པའི་སྒོ་ནས་མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་ཀྱི་སྲིད་ཇུས་ལག་བསྟར་དང༌།མི་རིགས་སོ་སོ་འདྲ་མཉམ་དང་མཐུན་སྒྲིལ།འཕེལ་རྒྱས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ།

    དོན་ཚན་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་རིམ་པ་སོ་སོས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་གི་སྲིད་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐོག་བོད་ཀྱི་སྐད་ཡིག་འཕེལ་རྒྱས་དང་རྒྱུད་འཛིན་བོད་ཀྱི་རིག་གནས་དྲིལ་བསྒྲགས་བཅས་བྱས་ཏེ་རང་སྐྱོང་ཁུལ་གྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ལ་ཞབས་ཞུ་བསྒྲུབ་དགོས།

    དོན་ཚན་བཞི་པ། བོད་ཀྱི་སྐད་ཡིག་ནི་རང་སྐྱོང་ས་ཁུལ་གྱི་མི་རིགས་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པའི་སྐད་ཡིག་གཙོ་གྲས་ཀྱི་ལག་ཆ་ཞིག་སྟེ།རང་སྐྱོང་ལས་ཁུངས་རིམ་པ་སོ་སོས་འོས་འགན་ལག་བསྟར་བྱེད་དུས་བོད་རྒྱ་སྐད་རིགས་གཉིས་མཉམ་སྤྱོད་བྱེད་དགོས།

    དོན་ཚན་ལྔ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་རིམ་པ་སོ་སོས་རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་མི་སྣར་ཕན་ཚུན་གྱི་སྐད་དང་ཡི་གེ་སློབ་སྦྱོང་བྱེད་པར་སྐུལ་མ་དང་སློབ་གསོ་གཏོང་རྒྱུ་མ་ཟད།བོད་རིགས་ལས་བྱེད་དང་ལས་བཟོ་བས་བོད་ཡིག་བེད་སྤྱོད་དང་སློབ་སྦྱོང་བྱེད་པ་དང་སྦྲགས་རྒྱ་ཡིག་དང་རྒྱ་སྐད་སྦྱོང་རྒྱུ་དང་རྒྱ་རིགས་དང་མི་རིགས་གྲངས་ཉུང་གཞན་རྣམས་ལ་བོད་ ཡིག་སྦྱོང་བར་སྐུལ་མ་དང་རོགས་རམ་བྱེད་དགོས།

    དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་རིམ་པ་སོ་སོས་བོད་སྐད་ཡིག་གི་བྱ་བར་ཤུགས་སྣོན་རྒྱག་དགོས།རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ཏེ་རང་ཁུལ་གྱི་བོད་སྐད་ཡིག་བྱ་བར་དོ་དམ་བྱེད་དགོས་ལ་དེའི་འོས་འགན་ནི།

    ༡ - ཏང་གི་མི་རིགས་སྐད་ཡིག་གི་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་བྱེད་རྒྱུར་མ་ཟད།རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་རང་སྐྱོང་ཁུལ་གྱི་མི་རིགས་སྐད་ཡིག་བྱ་བའི་སྲོལ་ཡིག་ལ་ཞིབ་བཤེར་ དང་བལྟ་སྐུལ།ལག་བསྟར་བྱ་རྒྱུ།

    ༢ - འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་སྲིད་ཇུས།སྲོལ་ཡིག་གཞིར་བཟུང་ཏེ་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་འཆར་གཞི་བཟོ་བཀོད་དང་ལག་བསྟར་བྱེད་དགོས།

    ༣ - བོད་སྐད་ཡིག་གི་བཀོལ་སྤྱོད་དང་སློབ་སྦྱོང་ལ་བལྟ་སྐུལ་གཏོང་བ།

    ༤ - བོད་སྐད་ཡིག་ཚད་ལྡན་ཅན་དང་ཁྱབ་རྒྱའི་བྱ་བ།

    ༥ - བོད་སྐད་ཡིག་གི་སློབ་ཁྲིད་དང༌།ཞིབ་འཇུགལོ་ཙཱ།དཔར་སྐྲུན།གསར་འགྱུར།རྒྱང་བསྒྲགས།བརྙན་འཕྲིན།གནའ་དཔེ་ལེགས་བསྒྲིགས་ཀྱི་བྱ་བར་བལྟ་སྐུལ་བྱེད་པ།

    ༦ - བོད་སྐད་ཡིག་གི་ཆེད་ལས་མི་སྣ་སྦྱོང་བརྡར་དང་བྱ་བའི་རྒྱུགས་ལེན་སོགས་ཀྱི་བྱ་བར་རྩ་འཛུགས་དང་དོ་དམ་བྱེད་པ།

    ༧ - བོད་སྐད་ཡིག་གི་རིག་གཞུང་ཞིབ་འཇུག་དང་མཉམ་འབྲེལ་བརྗེ་རེས་ལ་རྩ་འཛུགས་དང་དོ་དམ་བྱེད་པ།

    ༨ - རིམ་པ་གོང་མའི་ལས་ཁུངས་དང་རིམ་པ་འདྲ་བའི་ལས་ཁུངས་ཀྱི་གཞུང་ཡིག་དང༌།ཚོགས་འདུའི་རྒྱུ་ཆ་དང་འབྲེལ་བའི་རྒྱུ་ཆ་རྣམས་ཡིག་བསྒྱུར་བྱ་བ་རྣམས་ལ་འགན་འཁུར་ཏེ་ཁུལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ལས་ཁུངས་ཡིག་བསྒྱུར་བྱ་བར་སློབ་སྟོན་བྱེད་པ།

    ༩ - རང་སྐྱོང་ཁུལ་གྱི་ས་མིང་གལ་ཆེན་དང་ལས་ཁུངས་མིང༌།ཐོན་རྫས་མིང་བཅས་ཀྱི་ཡིག་བསྒྱུར་ཚད་ལྡན་གཏན་འབེབས་གནང་བ།

    ༡༠ - བོད་སྐད་ཡིག་གི་ཚན་རིག་ཞིབ་འཇུག་གི་མཇུག་འབྲས་ཁྱབ་བསྒྲགས་བྱེད་པར་སྐུལ་མ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།