བོད་དུ་ཁྱབ་ཆེ་བའི་སྤྱི་སྐད་སྤྱོད་རྒྱུའི་དགོས་པ་དང་ཐབས་ལམ་འགའ།
སྐད་ནི་མིའི་རིགས་ཕན་ཚུན་འབྲེལ་གཏུགས་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན་པ་སྟེ་མི་ཚོས་དེ་ཉིད་བེད་སྤྱད་དེ་ཕན་ཚུན་འབྲེལ་གཏུགས་དང་བསམ་པ་བརྗེ་རེས་བྱས་ནས་ཕན་ཚུན་རྒྱུས་མངའ་ལོན་ཐབས་བྱེད་ཀྱི་ཡོད་ལ་གཏམ་བརྗོད་ཤེས་པ་དེས་རང་རེ་མི་དང་སེམས་ཅན་གཞན་དབར་མི་འདྲ་བའི་ཁྱད་ཆོས་གཙོ་བོ་མཚོན་གྱི་ཡོད།
མིའི་རིགས་ཀྱི་སྐད་ཐོག་མར་བྱུང་བའི་ཁུངས་ལ་བརྟག་ན་དེ་ནི་མེས་པོ་ཚོས་ཐུན་མོང་གི་ངལ་རྩོལ་དང་ལག་ཆ་བཟོ་སྐྲུན་བྱེད་པའི་ནང་ཕན་ཚུན་བསམ་པ་བརྗེ་རེས་དང་ཐུན་མོང་གི་བྱ་སྤྱོད་གཅིག་མཐུན་ཡོང་རྒྱུའི་རེ་བ་བཅངས་པ་ཞིག་ཡིན།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ངལ་རྩོལ་ལ་བརྟེན་ནས་ལུས་ཀྱི་གྲུབ་ཆ་ཁག་ལ་འགྱུར་ལྡོག་བྱུང་ཞིང་སྐྲའི་སྐྱེ་གནས་ཁག་ཀྱང་རིམ་བཞིན་འཐུས་ཚང་དུ་སོང་ཐོག་སྐད་(ངག་)བྱུང་བ་ཞིག་ཡིན།
དེས་ན་སྐད་ཀྱི་ཐོག་མའི་དགོས་པ་ཡང་ཕན་ཚུན་བསམ་པ་དང་ཉམས་མྱོང་སོགས་བརྗེ་རེས་བྱ་རྒྱུ་དེ་ཡིན་ཕྱིར་དང་ཐོག་གོ་བརྡ་འཕྲོད་པ་ཡོང་རྒྱུ་
དེ་སྐད་ལ་ལྡན་དགོས་པའི་མ་མཐའི་ཆ་རྐྱེན་ཡིན་ལ་གལ་ཏེ་དེ་མེད་ན་སྐབས་དེ་དུས་སྐད་(ངག་)བྱུང་དང་མ་བྱུང་དབར་གྱི་ཁྱད་པར་ཡང་མངོན་མི་ཐུབ་ཅིང༌། དེས་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་སོགས་དེ་བས་རྗོད་ཐབས་བྲལ་བ་ལགས།
དབྱར་མཚོ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་དུས་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་དགོས་མཁོར་གཞིགས་ན་སྐད་རིགས་གང་འདྲ་ཞིག་ཡིན་རུང་དེས་གྲོང་ཚོ་གཅིག་གམ། ཡུལ་སྡེ་གཅིག་ཡང་ན་ས་ཁུལ་གཅིག་འབའ་ཞིག་ལ་ཞབས་འདེགས་ཞུ་ཐུབ་པ་ཙམ་གྱིས་མི་འགྲིག་པར་མི་རིགས་ཧྲིལ་པོ་ཐུན་མོང་གིས་བརྗོད་ཐུབ་པ་དང་གོ་ནུས་པ་ཞིག་དགོས་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཐུན་མོང་གིས་གོ་ནུས་པའི་སྐད་ཅིག་ཡིན་ཕྱིན་ཕན་ཚུན་ཉམས་མྱོང་སྤེལ་རེས་དང༌། ཕྲ་ཞིབ་ཀྱི་དོན་ལ་གོ་བསྡུར། ཤེས་ཡོན་ཁྱབ་སྤེལ་གཏོང་རྒྱུ་སོགས་ལ་སྟབས་བདེ་བསྐྲུན་ངེས་པས་མིའི་ཤེས་རྒྱ་དང་མཐོང་རྒྱ་ཇེ་ཆེར་གཏོང་ཐུབ་པ་མ་ཟད་མི་རིགས་ཧྲིལ་པོའི་བྱང་ཚད་ཀྱང་རིམ་བཞིན་གོང་མཐོར་འགྲོ་ངེས།
མིག་སྔར་བོད་མི་རིགས་ཐུན་མོང་གིས་སྤྱོད་པའི་སྤྱི་སྐད་ཅིག་དགོས་རྒྱུ་དེ་ནི་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་མེད་དུ་མི་རུང་བ་ཞིག་ཡིན་ཞིང༌།མ་གཞི་དེ་ཉིད་དཀའ་ཚེགས་ཤིན་ཏུ་ཆེ་བའི་དོན་ཞིག་ཡིན་མོད་དེ་ཕྱོགས་སུ་འབད་བརྩོན་བྱེད་མཁན་སྐྱེ་བོ་ཇེ་མང་དུ་འགྲོ་མུས་ཡིན་པ་མཐོང་ཆོས་སུ་གྱུར།
རང་རེ་བོད་ཀྱང་མི་རིགས་གཞན་དང་འདྲ་བར་ཡུལ་སོ་སོའི་སྐད་ལུགས་འདྲ་མིན་སྣ་ཚོགས་ཡོད་ཅིང་དེ་དག་དབར་ཧེ་བག་ཀྱང་(སྒྲ་འདོན་སྟངས)ཐ་སྙད་འབོད་སྟངས་སོགས་ཅུང་ཆེ་བས་ཤ་ཁྲག་གི་རྒྱུན་འབྲེལ་བའི་བོད་མི་རིགས་གཅིག་པ་ཡིན་ལ་སྐད་ཀྱང་བོད་སྐད་རང་སྤྱོད་མུས་སུ་ས་ཐག་ཆོད་པའི་སྐྱེ་བོ་གཉིས་ཕན་ཚུན་གཏམ་གོ་བརྡ་མ་འཕྲོད་པར་ལྐུགས་པ་ལག་གཡུགས་བྱེད་དགོས་པའི་སྣང་ཚུལ་མཐོང་རྒྱུ་ཡོད་པ་དེ་ནི་ཡིད་སྐྱོ་དགོས་པ་ཞིག་རེད།
དེས་ན་ཚད་ལྡན་གྱི་སྤྱི་སྐད་ཅིག་བཟོ་རྒྱུ་དེ་ནི་དོན་སྙིང་ཆེ་ལ་དགོས་ངེས་ཤིག་ཡིན་གཤིས་ང་ཚོས་བསྒྲུབ་དགོས་པའི་བྱ་བ་དང་པོ་དེ་ནི་ཐབས་ལམ་བཟང་པ་ཞིག་འཚོལ་ཞིབ་བྱ་རྒྱུ་དེ་ཡིན།
ཁོ་བོའི་བསམ་པར། མཁས་དབང་ཆབ་སྤེལ་ལགས་ནས་གསུངས་པའི་“ཁ་སྐད་དེ་རིམ་བཞིན་ཡིག་སྐད་དང་ཉེ་བའི་ཕྱོགས་སུ་བསྒྱུར་ཐུབ་དང་མི་ཐུབ”ཅེས་པའི་དགོངས་ཚུལ་ལ་རྒྱུ་མཚན་ཆེན་པོ་ལྡན་སྙམ་པ་སྟེ། རྒྱའི་སྐད་དེ་སྤྱི་སྐད་དང་གོ་བདེར་བསྒྱུར་བའི་ཐོག་མའི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱས་ན། ཡོན་རྒྱལ་རབས་རྗེས་སུ་“ཕལ་སྐད་”(སྐད་གོ་བདེ་)ལས་བྲིས་པའི་རྩོམ་ཡིག་ཧ་ཅང་ཕུན་སུམ་ཚོགས་པོ་བྱུང་བ་དཔེར་ན། “ཆུ་ངོགས་གཏམ་རྒྱུད་”དང་“ཐོག་ཁང་དམར་པོའི་རྨི་ལམ་”སོགས་གྲགས་ཅན་རྩོམ་ཡིག་དེ་དག་ནང་སྤྱད་པའི་སྐད་ལུགས་རྩ་བའི་ཆ་ནས་བྱང་ཕྱོགས་ས་ཁུལ་གྱི་སྐད་ཡིན་ཞིང༌། རྩོམ་ཡིག་དེ་དག་ས་ཁུལ་དེ་ཚོའི་མིས་བལྟ་རྒྱུར་སྤྲོ་བ་མ་ཟད། ས་ཁུལ་གཞན་གྱི་རྒྱ་ཆེའི་ཀློག་པ་པོས་ཀྱང་དགའ་བསུ་ཆེན་པོ་བྱེད་པས་རྩོམ་ཡིག་དེ་དག་ཁྱབ་བརྡལ་འགྲོ་ཐུབ་པ་དང་དུས་མཚུངས་པེ་ཅིན་སྐད་ཀྱིས་གཙོ་བོར་བྱས་པའི་བྱང་ཕྱོགས་ས་ཁུལ་གྱི་སྐད་ཀྱིས་རིམ་བཞིན་ཡུལ་སྐད་མི་འདྲ་བའི་ས་ཁུལ་དབར་འབྲེལ་གཏུགས་བྱེད་པའི་གོ་བབ་བཟུང་བ་རེད།
འོ་ན། ཁོ་བོས“ཁ་སྐད་དེ་རིམ་
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com