བོད་ཀྱི་མིང་བརྡ་ཞུས་བཤེར་གཏན་འབེབས་བྱེད་པའི་རྩ་དོན་འགའ།

རྩོམ་པ་པོ།:བདེ་ལྡན་ལྷ་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-08-25 10:22:31 ཀློག་གྲངས།:

  དེ་ཡང་བོད་ཀྱི་ལོ་རྒྱུས་སྟེང་བཀས་བཅད་རིམ་པ་ཐེངས་གསུམ་དུ་མཛད་པར་གྲགས་པ་ནི་མིང་དང་བརྡ་ཆད་ཀྱི་སྐོར་ལ་བཀས་བཅད་མཛད་པ་ཚང་མས་མཁྱེན་གསལ་ལྟར་ཡིན་ཞིང་།  དེང་གི་དུས་འདིར་རིག་གནས་གསར་བ་དང་ཚན་རིག་ལག་རྩལ་གྱི་ཤེས་བྱར་འབྲེལ་བའི་མིང་དང་བརྡ་ཆད་རྣམས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་།  ཡུལ་ཁམས་སོ་སོ་དང་ལས་ཁུངས་སོ་སོས་རང་རང་གི་མོས་ལུགས་ལྟར་མི་དང་བརྡ་ཆད་གསར་བ་རྣམས་འཕྲལ་འཕྲལ་ལ་བསྒྱུར་ཅིང་བཏགས་པས་གཅིག་གྱུར་དང་ཚད་ལྡན་མ་ཡིན་པའམ།  རྙོག་དྲར་གྱུར་བ་སོགས་ཀྱི་སྣང་ཚུལ་མང་དུ་བྱུང་བ་སོགས་ད་ཡོད་ཀྱི་མིང་བརྡ་གསར་བ་རྣམས་གཅིག་གྱུར་ཚད་ལྡན་དུ་ཞུས་བཤེར་གཏན་འབེབས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཆེན་ཞིག་ཡིན་པར་བརྟེན།  འདིར་འབྲེལ་ཡོད་ཟུར་ལྟའི་ཡིག་ཆ་དང་རང་གི་རྨོངས་བློར་འཆར་ཚུལ་གཉིས་ཟུང་དུ་སྦྲེལ་ཏེ་བོད་ཀྱི་མིང་བརྡ་ཞུས་བཤེར་གཏན་འབེབས་བྱེད་པའི་རྩ་དོན་འགའ་གྲོས་སུ་འདོན་པར་བྱ་སྟེ།

དང་པོ་།  འདྲ་མཉམ་དང་མཐུན་སྒྲིལ་གྱི་རྩ་དོན།

  མིང་དང་བརྡ་ཆད་ཞུས་བཤེར་གཏན་འབེབས་བྱེད་པར་འདྲ་མཉམ་མཐུན་སྒྲིལ་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཏེ།  རང་རེའི་རྒྱལ་ཁབ་ནི་མི་རིགས་མང་པོའི་ཁྱིམ་ཆེན་ཞིག་ཡིན་པ་དང་།  ཁྱིམ་ཚང་འདིའི་མི་རིགས་སོ་སོའི་ཡུལ་ཁམས་ཀྱི་ཆེ་ཆུང་དང་མང་ཉུང་ལ་མ་ལྟོས་པར་ཕན་ཚུན་འདྲ་མཉམ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པས།  མིང་དང་བརྡ་ཆད་ལ་ལ་ཞུས་བཤེར་གཏན་འབེབས་བྱེད་པར་གནད་དོན་དེ་དག་ལ་བསམ་བློ་མ་བཏང་ན་མི་འགྲིག་ཅིང་།  དེ་ནི་དོན་དངོས་ནས་མགོ་བརྩམས་པ་ཡིན་ལ་དངོས་ཐོག་བདེན་འཚོལ་བྱས་པ་ཡིན་ཞེས་ཀྱང་བརྗོད་ཆོག  ནང་སྒོས་སུ་རྒྱུན་བཀོལ་གྱི་བརྡ་ཆད་ཞུས་བཤེར་བྱེད་པར་གནད་དོན་འདིར་ངེས་པར་དུ་མཉམ་འཇོག་བྱ་དགོས།  སྟབས་མ་ལེགས་ན་གཞན་སེམས་ལ་སྡུག་བསྔལ་བཟོ་ངེས་ཏེ།  དཔེར་ན་མི་མང་དང་ས་མིང་འགའ་རེ་ལས།  སྔོན་ཆད་ཡོད་པའི་ས་མིང་སྐོར་ཞིག་ལ་དམའ་འབེབས་ཀྱི་རང་བཞིན་ལྡན་པ་དཔེར་ན་སྔོན་ཆད་ཀྱི་རྒྱ་དུར་ཐང་ལ་དེང་སང་ཆོས་རྗེ་ཟེར་བ་དང་།  སྔོན་ཆད་ཀྱི་ཀྲིན་ནན་ཀོནལྷོ་ཕྱོགས་ཆམ་འབེབས་འགགལ་དེང་སང་ཡུགས་ཡི་ཀོནམཛའ་བརྩེའི་འགགཟེར་བ་དམའ་འབེབས་ཀྱི་རང་བཞིན་ལྡན་པ་ལེགས་སྒྱུར་བྱས་པ་ལྟར་རོ།།  དེ་བཞིན་རྒྱ་ཡིག་ལས་མི་རིགས་གྲངས་ཉུང་བ་མཚོན་བྱེད་ཀྱི་ཡི་གེ་ཚང་མཧྥན་ཁྱོན་ཕངསྟེ་དུད་འགྲོའི་རྟགས་ཅན་ཡིན་པ་སོགས་བཅིངས་འགྲོལ་ཐོབ་རྗེས་ལ་ལ་བཅོས་ཟིན་མོད།  འོན་ཀྱང་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་ཡི་གེ་དེ་དག་འཆོས་དཀའ་བར་གདའ།  འདས་པ་འདས་ཚར་མོད།  ད་སྐབས་ཞུས་བཤེར་གཏན་འབེབས་བྱེད་པར་གནད་དོན་འདི་དག་ལ་མཉམ་འཇོག་བྱ་རིགས་པ་ཡིན།  ཡང་བརྡ་ཆད་ལ་ལ་བོད་སྐད་ལ་སྔར་ནས་ཡོད་ནའང་།  བྱེད་ཐབས་དྲག་པོ་སྤྱད་དེ་རྒྱ་སྐབས་ཟུར་ཆགས་རང་བཏགས་ན་མི་རིགས་ཀྱི་བརྩེ་དུང་ལ་གནོད་འགྲོ་ལ།  དེའི་སྟབས་ཀྱིས་ང་ཚོས་རྩ་དོན་འདི་དག་གཏན་འབེབས་བྱ་དགོས་པ་ཡིན་ཀྱང་གཙོ་ཆེ་བ་རྒྱུན་བཀོལ་གྱི་མིང་དང་བརྡ་ཆད་དང་།  ས་མིང་ཞུས་བཤེར་གཏན་འབེབས་བྱེད་སྐབས་གནད་དོན་འདི་དག་ལ་འཕྲད་པ་ཡིན་པས་ཅིས་ཀྱང་གཟབ་དགོས་པ་ཞིག་རེད།  ཕྲན་གྱི་བསམ་པར་ཚད་གཞི་དེ་ནི་བརྡ་ཆད་ཞུས་བཤེར་གཏན་འབེབས་བྱེད་སྐབས་འཕྲད་ངེས་པའི་དངོས་ཡོད་ཀྱི་གནད་དོན་ཞིག་ཡིན་པས་ངེས་པར་ཐག་གཅོད་བཟང་བོ་བྱ་དགོས་སྙམ།

གཉིས་པ།  ཚན་རིག་གི་རང་བཞིན་དང་མང་ཚོགས་ཀྱི་རང་བཞིན་ཟུང་དུ་སྦྲེལ་བའི་རྩ་དོན།

  བརྡ་ཆད་ཞུས་བཤེར་གཏན་འབེབས་བྱེད་པར་ཚན་རིག་གི་རང་བཞིན་ལྡན་པར་བརྩོན་དགོས་པར་མ་ཟད།  མང་ཚོགས་ལའང་འདང་རྒྱག་དགོས་པ་དང་།  ནང་སྒོས་སུ་རྒྱུན་བཀོལ་གྱི་མིང་དང་བརྡ་ཆད་ཞུས་བཤེར་གཏན་འབེབས་བྱེད་པར་མང་ཚོགས་ལ་བསྟུན་དགོས་པ་ཡིན།  དེ་ཡང་བརྡ་ཆད་ཞུས་བཤེར་བྱས་རྗེས་མང་ཚོགས་ཀྱིས་བཀོལ་སྤྱོད་བྱ་དགོས་ལ།  ཞུས་བཤེར་གཏན་འབེབས་བྱས་པ་ཅི་འདྲ་བཟང་ཡང་མང་ཚོགས་ཀྱིས་བཀོལ་སྤྱོད་མ་བྱས་ན་དོན་དངོས་སུ་འབྲས་བུ་མ་སྨིན་པ་ཡིན།  དེ་བས་མང་ཚོགས་ལ་གོམས་ཤིང་ཁས་བླངས་པའི་མིང་དང་བརྡ་ཆད་གཞན་དུ་བསྒྱུར་ན་མི་འཚམ་ཞིང་།  གཞན་དུ་འདི་ཉིད་གཏན་ཕབ་རང་འགྲིག་གི་གནད་དོན་ཞིག་ཀྱང་ཡིན་པས།  ངས་བལྟས་ན་ཚན་རིག་གི་རང་བཞིན་དང་མང་ཚོགས་ཀྱི་རང་བཞིན་ཟུང་དུ་སྦྲེལ་པ་རྒྱུན་འཁྱོངས་བྱ་འོས་པ་ཞིག་རེད།

གསུམ་པ།  ཧུར་བརྩོན་དང་གཟབ་ནན་བྱ་དགོས་པའི་རྩ་དོན།

  མིང་དང་བརྡ་ཆད་ཞུས་བཤེར་གཏན་འབེབས་བྱེད་པར་དུས་ཚོད་དམ་འཛིན་བྱ་དགོས་པ་ཡིན་ཏེ།  ང་ཚོས་ཧུར་ཐག་གིས་ཞུས་བཤེར་གཏན་འབེབབས་བྱ་དགོས་ལ།  ཞུས་བཤེར་གཏན་འབེབས་ཀྱི་བྱ་བ་དེ་སྔོན་ལ་བསྒྲུབ་དགོས།&nb


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།