བོད་ཀྱི་མིང་བརྡ་གཅིག་གྱུར་ཚད་ལྡན་དུ་བཀས་བཅད་བྱ་དགོས་པའི་གལ་འགངས་རང་བཞིན་གླེང་བ།

རྩོམ་པ་པོ།:ཚེ་དབང་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-08-25 09:46:07 ཀློག་གྲངས།:

  སྔོན་ཆད་སྦྲ་ཁྲ་ཁྲས་སྐྲག་བསླངས་པའི་དབང་གིས་ད་ལྟ་གུ་ཁྲ་ཁྲ་རིག་ནའང་འཇིགས་ཡེར་བའི་དཔེ་ལྟར།  རིག་གསར་གྱི་སྐབས་སུ་མཁས་རློམ་གའི་ཀླད་པ་ངར་ནས་བོད་ཀྱི་བརྡ་སྤྲོད་ལ་མེད་དུ་མི་རུང་བའི་ཚིག་ཕྲད་འགའ་ཉུང་འཕྲི་བྱས།  བོད་སྐད་དང་མི་མཐུན་པར་བཅོས་པའི་དབང་གིས་དེང་འདིར་ཡང་བཀས་བཅད་ཅེས་པའི་ཐ་སྙད་འདི་གླེང་མ་ཐག་མི་རྣམས་ཀྱི་སེམས་ལ་འཇིགས་སྣང་ཞིག་དང་དོགས་སྣང་ཞིག་ངང་གིས་འབྱུང་བར་གདོན་མི་ཟ།  ཡིན་ནའང་འདིར་བཤད་པའི་བཀས་བཅད་ནི་རིག་གསར་སྐབས་ཡིན་པ་མིན་པར་བཅོས་པ་ལྟ་བུ་ཞིག་མིན་པར་ད་ལྟའི་ཡིག་སྒྱུར་ཁྲོད་ན་གནས་པའི་མིང་དང་ཐ་སྙད།  བརྡ་ཆད་སོགས་གཅིག་གྱུར་ཚད་ལྡན་མིན་པའི་རྙོག་རྫོབ་ཀྱི་སྣང་ཚུལ་དེ་དག་བཀས་བཅད་ནས་གཏན་ལ་ཕབ་པ་དང་ཚད་ལྡན་དུ་གཏོང་བ་དེ་ལ་བྱ།  སྤྱིར་བཀས་བཅད་ཅེས་པའི་གོ་དོན་ནིདུས་རབས་སོ་སོའི་ལོ་ཙྰ་བ་རྣམས་ནས་སྐད་ཡིག་གཅིག་མཐུན་ཡོང་ཆེད་བརྡ་རྙིང་བ་རྣམས་སྐད་གསར་བ་དང་བསྟུན་ནས་བཟོ་བཅོས་བྱས་རྗེས་རྒྱལ་པོས་དེ་ལྟར་བཀས་བཅད་དེ་ཁྱབ་བསྒྲགས་བྱས་པའི་དོན་ཡིནཞེས་ཨ་ཁུ་བསྟན་པ་རྒྱ་མཚོས་གསུངསབཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པཤོག་གྲངས72)ཞེས་པ་ལས་བཤུས།  གསུང་འདི་ལ་བརྟགས་ན་སྐད་ཡིག་གཅིག་མཐུན་ཡོང་བའི་ཆེད་དུ་དུས་རབས་མི་འདྲ་བར་ཕལ་སྐད་དང་ཡིག་སྐད་འཕེལ་བའི་གནས་ཚུལ་དང་བསྟུན་ནས་སྐད་ཡིག་ཁྲོད་གྱི་མིང་བརྡ་ལ་བཀས་བཅད་བྱ་དགོས་པ་ཤུགས་ནས་ཤེས་ཐུབ།  སྐད་ཡིག་གཅིག་མཐུན་མི་ཡོང་བར་རྒྱུ་རྐྱེན་སྣ་མང་ཞིག་ཡོད་ཀྱང་དེའི་ནང་གི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ལོ་ཙྰའི་ཁྲོད་ནས་བརྡ་གསར་སྣ་ཚོགས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་བ་དེ་ཡིན་པ་སྔོན་གྱི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ལས་ར་སྤྲོད་བྱུང་།  མི་རིགས་གང་ཞིག་ཡིན་རུང་རང་གི་འཚོ་བའི་ཆུ་ཚད་དང་རིག་གནས།  དཔལ་འབྱོར།  ཚན་རིག་ལག་རྩལ།  ཐོན་སྐྱེད་རྒྱུ་ཆ།  སྟོབས་འབྱོར་མངའ་ཐང་བཅས་གོང་དུ་སྤེལ་ནས་ཟླུམ་པོ་ས་ཡི་དཀྱིལ་འཁོར་སྟེང་དུ་ཡུན་རིང་ལ་འཚོ་གཞེས་དང་།  སྔོན་ཐོན་མི་རིགས་ཀྱི་གྲལ་གནས་དབང་འདོད་ན།  ངེས་པར་དུ་མིའི་རིགས་ཀྱི་སྔོན་ཐོན་གྱི་ཚན་རིག་གསར་བ་དང་སྔོན་ཐོན་གྱི་ལག་རྩལ་གསར་བ།  སྔོན་ཐོན་གྱི་རིག་གནས་གསར་བ།  བསམ་བློ་འདུ་ཤེས་གསར་བ་སོགས་ནང་འདྲེན་བྱ་དགོས།  དེ་ནང་འདྲེན་བྱེད་པའི་ཟམ་ལམ་དམ་པ་ཉག་གཅིག་པོ་ནི་ལོ་ཙྰའི་ལས་དོན་འདི་ལས་མ་འདས་པས་སོ།།  རང་རེའི་གངས་ཅན་པར་མཚོན་ན་སྔོན་ཆད་དོན་འདིར་མཐོང་ཆུང་གནང་མ་མྱོང་ལ།  ད་ལྟའི་དུས་འདིར་ཡང་མཐོང་ཆེན་མཛད་དང་མཛད་མུས་སུ་མཆིས་པའི་ཁར་གྲུབ་འབྲས་ཀྱང་ཐོན་དང་ཐོན་བཞིན་པ་འདི་ལགས།  དེ་ལྟ་ནའང་ལོ་ཙྰའི་ཁྲོད་ན་ད་དུང་ཧ་ཅང་གཉོམ་པའི་ལྷུ་ལག་ཅིག་ཕ་མེད་ཀྱི་དྭ་ཕྲུག་དང་སྐྱབས་མེད་ཀྱི་བུ་ཆུང་ལྟར་ལུས་འདུག་པ་སྟེ།  དེ་ནི་མིང་བརྡ་རྣམས་གཅིག་གྱུར་ཚད་ལྡན་དུ་གཏོང་མ་ཐུབ་པ་དེའོ།།  དེར་བརྟེན།  ཁོ་བོས་ནི་ཐ་སྙད་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བའི་ལས་འདི་བཀས་བཅད་ཅིག་ཏུ་བགྲངས་ནས་དེའི་གལ་འགངས་རང་བཞིན་རགས་ཙམ་གླེང་བར་བྱའོ།།

ལོ་རྒྱུས་ཀྱི་ཉམས་མྱོང་།

  ཁ་བ་རི་བོའི་ཞིང་ཁམས་འདིར་དུས་རབས་བདུན་པའི་སྔ་རོལ་གྱི་ལོ་ངོ་ཁྲི་སྟོང་དུ་མའི་རིང་ལ་མི་རིགས་རང་གི་སྐད་དང་མཐུན་པའི་ཡི་གེ་ནི་མ་བྱུང་།  དེ་ནས་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མི་རྒྱ་གར་ལ་སློབ་གཉེར་དུ་བཏང་ཞིང་།  ཁོང་ཕྱིར་ཕེབས་ནས་བོད་ཀྱི་སྐད་གདངས་མཚོན་བྱེད་ཀྱི་རི་མོ་སྟེ་ད་ལྟའི་ཡི་གེ་འདི་དང་བརྡ་སྤྲོད་ཀྱི་གཞུང་མཛད་པར་མ་ཟད།  རྒྱལ་པོའི་བཀའ་བཞིན་ཡིག་སྒྱུར་གྱི་ཐོག་མའི་སྲོལ་ཕྱེས།  དེ་ནས་བཟུང་དྷརྨ་ཀོཥ་དང་ཨ་ལོ་ཀ  ཡེ་ཤེས་དཔལ།  ལྷ་ལུང་དཔལ་གྱི་རྡོ་རྗེ།  བེེ་རོ་ཙ་ན།  ལྡན་མ་རྩེ་མང་།  ཁ་ཆེ་ནན་ཏ།  གཉགས་ཛྙ་ན་ཀུ་མ་ར།  འཁོན་ཀླུའི་དབང་བོ།  རྨ་རིན་ཆེན་མཆོག  སྐ་བ་དཔལ་བརྩེགས།  ཅོག་རོ་ཀླུའི་རྒྱལ་མཚན།  ཞང་ཡེ་ཤེས་སྡེ།  ཆོས་ཀྱི་སྣང་བ།  བན་དེ་ནམ་མཁའ།  སྒྲོན་རིན་ཆེན་སྡེ།  རྣམ་པར་མི་རྟོག་པ།  ཤྰཀྱ་འོད།  ལོ་ཆེན་རིན་ཆེན་བཟང་བོ།  རྔོག་བློ་ལྡན་ཤེས་རབ།  ནག་ཚོ་ལོ་ཙྰ་བ་ཚུལ་ཁྲིམས་རྒྱལ་བ།  ཤོང་སྟོན་རྡོ་རྗེ་རྒྱལ་མཚན།  དཔང་བློ་གྲོས་བརྟན་པ།  དགེ་འདུན་ཆོས་འཕེལ་སོགས་རྒྱལ་རབས་རིམ་བྱུང་གི་ལོ་ཙྰ་བ་བརྒྱ་ཕྲག་དུ་མས་བརྩོན་འགྲུས་ཀྱི་གོ་ཆ་བཞེས།  བཀའ་སྡུག་སྣ་ཚོགས་དང་དུ་བླང་ཏེ་རྒྱ་གར་ནག་དང་བལ་ཡུལ།  ཨོ་རྒྱན།  ཟ་ཧོར།  ཁ་ཆེ།  ལི་ཡུལ་ལ་སོགས་པ་ནས་སློབ་དཔོན་སྤྱན་དྲངས་ཤིང་།  མདོ་སྔགས་རིག་གནས་དང་བཅས་པའི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར།  ལོ་ཙྰ་བ་ཁོང་རྣམ་པའི་སྐུ་དྲིན་ལ་བརྟེན་ནས་བོད་ཀྱི་རིག་གནས་འདི


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།